བོད་རང་སྐྱོང་ལྗོངས་ཀྱི་2020ལོའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2021ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན།
བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས།
གཅིག 2020ལོའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།
འཐུས་མི་རྣམ་པ།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར། ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་2020ལོའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2021ལོའི་སྔོན་རྩིས་འཆར་ཟིན་ལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ་རྒྱུ་ཡིན།
2020ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་མཛུབ་ཁྲིད་འོག ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་དང་། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ“ཐེངས་དྲུག་པ”དང“ཐེངས་བདུན་པའི”དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་རྒྱས་བཤད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་མཐར་ཕྱིན་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཐོག བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ཁར། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་དང་མི་དམངས་འཐུས་ཚོགས་ཀྱིས་ཆོག་མཆན་གནང་བའི་སྔོན་རྩིས་དོན་འཁྱོལ་ནན་ཏན་བྱས་ཐོག ཕྱོགས་ཡོངས་ནས“བརྟན་པོ་དྲུག”གི་ལས་དོན་ཡག་པོ་བསྒྲུབས་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱས་པ། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ། དམངས་འཚོའི་བདེ་རྩ་ཆེ་རུ་བཏང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ། གོང་འཕེལ་གྱི་རྨང་གཞི་བརྟན་དུ་བཏང་བ། སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། མཐའ་མཚམས་འཛུགས་སྐྱོང་ལ་སྐུལ་སྤེལ་བཏང་བ་བཅས་ལོ་ཧྲིལ་པོའི་ལས་འགན་ཁག་ལེགས་འགྲུབ་ཡག་ཙམ་བྱུང་ཡོད་ལ། ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་ཡང་སྤྱི་ཡོངས་ནས་ཡག་པོ་བྱུང་ཡོད།
(གཅིག)2020ལོར་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།
1.ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།
ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་2554.5ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་134.4%ཡིན། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་221ཡིན་ཞིང་། ལོ་འགོའི་སྔོན་རྩིས་ཀྱི་114.4%ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་0.5%ཆག་ཡོད། དེ་གཙོ་བོ་ནི་རིམས་ནད་ཀྱི་རྡབ་རྡེག་ཐེབས་པ་དང་། དཔལ་འབྱོར་ཉམས་ཆག་སོང་བའི་གནོན་ཤུགས་ཕོག་པ། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་བྱས་པ་བཅས་ཀྱི་ཤུགས་རྐྱེན་ཐེབས་ནས་ཡོང་འབབ་འཕར་ཚད་ཆག་པས་ཡིན་པ་དང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར་1866དང་། སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་81 སྔོན་རྩིས་བརྟན་སྙོམས་ཐེབས་རྩ་ནས་བེད་སྤྱོད་བྱས་པ་སྒོར་དུང་ཕྱུར་210.6 སྒྱུར་འཇུག་བྱས་པའི་མ་དངུལ་གཞན་དག་སྒོར་དུང་ཕྱུར་25.2 ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་150.7བཅས་ཡིན།
ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2398.5ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་126.2%ཡིན། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་2208.2ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་0.9%འཕར་ཡོད་པ་དང་། སྔོན་རྩིས་བརྟན་སྙོམས་ཐེབས་རྩར་བཀོད་སྒྲིག་བྱས་པ་སྒོར་དུང་ཕྱུར་168.2དང་། གོང་འཕོས་གཏོང་སྒོ་སྒོར་དུང་ཕྱུར་3 སྤྱིར་བཏང་བུ་ལོན་གྱི་ངོ་འཇལ་གཏོང་སྒོ་སྒོར་དུང་ཕྱུར་19.1བཅས་ཡིན། གཏོང་ཡོང་གི་སྤྱི་འབོར་མགོ་ཐུག་བཏང་རྗེས། འཕྲོས་སྒྱུར་བྱས་པ་མ་དངུལ་སྒོར་དུང་ཕྱུར་156ཡོད་པས་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ།
2.རང་སྐྱོང་ལྗོངས་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།
རང་སྐྱོང་ལྗོངས་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་2242.4ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་137.8%ཡིན། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་32.6ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་176.2%ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་12.8%འཕར་ཡོད། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར་1866དང་། སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་81 ས་གནས་གྲོང་ཁྱེར་གྱི་གོང་འཕོས་ཡོང་འབབ་སྒོར་དུང་ཕྱུར་6.6 སྔོན་རྩིས་བརྟན་སྙོམས་ཐེབས་རྩ་ནས་བེད་སྤྱོད་བྱས་པ་སྒོར་དུང་ཕྱུར་147 མ་དངུལ་གཞན་དག་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་2 ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་107.2བཅས་ཡིན།
རང་སྐྱོང་ལྗོངས་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2148.2ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་132%ཡིན། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་571.1ཡིན་ཞིང་། ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་སྒོར་དུང་ཕྱུར་29.6མང་དུ་སོང་བ་དང་5.5%འཕར་ཡོད། ས་གནས་གྲོང་ཁྱེར་ལ་ཁྲལ་འབབ་ཕྱིར་སློག་དང་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་1402.9ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་སྒོར་དུང་ཕྱུར་31.6མང་དུ་སོང་བ་དང་2.3%འཕར་ཡོད། སྔོན་རྩིས་བརྟན་སྙོམས་ཐེབས་རྩའི་ཐད་བཀོད་སྒྲིག་བྱས་པ་སྒོར་དུང་ཕྱུར་100.1དང་། ཆེད་དམིགས་གོང་འཕོས་གཏོང་སྒོ་སྒོར་དུང་ཕྱུར་3 སྤྱིར་བཏང་བུ་ལོན་གྱི་ངོ་འཇལ་གཏོང་སྒོ་སྒོར་དུང་ཕྱུར་19 སྤྱིར་བཏང་བུ་ལོན་དངུལ་བུན་ལ་སྒྱུར་བའི་གཏོང་སྒོ་སྒོར་དུང་ཕྱུར་52བཅས་ཡིན། གཏོང་ཡོང་གི་སྤྱི་འབོར་མགོ་ཐུག་བཏང་རྗེས། ལོ་མཇུག་ཏུ་འཕྲོས་སྒྱུར་བྱས་པ་མ་དངུལ་སྒོར་དུང་ཕྱུར་94.3ཡོད་པས་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ།
རང་སྐྱོང་ལྗོངས་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཙོ་བོའི་ཡོང་འབབ་ཁག་གི་གནས་ཚུལ། ཁེ་ལས་ཀྱི་འབབ་ཁྲལ་སྒོར་དུང་ཕྱུར་0.25དང་། ཐོན་ཁུངས་དཔྱ་ཁྲལ་སྒོར་དུང་ཕྱུར་0.47 ས་ཆའི་གནས་ཐང་འཕར་ཁྲལ་སྒོར་དུང་ཕྱུར་3.47 ཆེད་དམིགས་ཡོང་འབབ་སྒོར་དུང་ཕྱུར་16.07 སྲིད་འཛིན་བྱ་གཞག་རང་བཞིན་གྱི་གླ་རིན་བསྡུས་པའི་ཡོང་འབབ་སྒོར་དུང་ཕྱུར་1.41 གཞུང་ཁོངས་ཐོན་ཁུངས(རྒྱུ་ནོར)རིན་ཡོད་བེད་སྤྱོད་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར་7.27 སྲིད་གཞུང་སྡོད་ཁང་གི་ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར་0.28བཅས་ཡིན།
རང་སྐྱོང་ལྗོངས་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཙོ་བོའི་གཏོང་སྒོ་ཁག་གི་གནས་ཚུལ། སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་ཐད་གཏོང་སྒོ་སྒོར་དུང་ཕྱུར་50.44དང་། སློབ་གསོའི་ཐད་གཏོང་སྒོ་སྒོར་དུང་ཕྱུར་41.21 ཚན་རིག་ལག་རྩལ་ཐད་གཏོང་སྒོ་སྒོར་དུང་ཕྱུར་3.92 རིག་གནས་དང་། ཡུལ་སྐོར། ལུས་རྩལ། སྨྱན་སྦྱོར་བཅས་ཀྱི་ཐད་གཏོང་སྒོ་སྒོར་དུང་ཕྱུར་21.81 སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་གཏོང་སྒོ་སྒོར་དུང་ཕྱུར་84.81 འཕྲོད་བསྟེན་དང་བདེ་ཐང་ཐད་གཏོང་སྒོ་སྒོར་དུང་ཕྱུར་34.07 ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་ཐད་གཏོང་སྒོ་སྒོར་དུང་ཕྱུར་9.3 གྲོང་ཁྱེར་དང་གྲོང་གསེབ་དང་སྡེ་ཁུལ་ཐད་གཏོང་སྒོ་སྒོར་དུང་ཕྱུར་4.09 ཞིང་ནགས་ཆུ་བེད་ཐད་གཏོང་སྒོ་སྒོར་དུང་ཕྱུར་16.34 འགྲིམ་འགྲུལ་སྐྱེལ་འདྲེན་ཐད་གཏོང་སྒོ་སྒོར་དུང་ཕྱུར་226.3 ཐོན་ཁུངས་རྩད་འཚོལ་དང་བཟོ་ལས་ཆ་འཕྲིན་སོགས་ཀྱི་ཐད་གཏོང་སྒོ་སྒོར་དུང་ཕྱུར་10.33 ཚོང་ལས་ཞབས་ཞུའི་ལས་རིགས་སོགས་ཀྱི་ཐད་གཏོང་སྒོ་སྒོར་དུང་ཕྱུར་0.39 དངུལ་རྩའི་གཏོང་སྒོ་སྒོར་དུང་ཕྱུར་10.81 རང་བྱུང་ཐོན་ཁུངས་དང་རྒྱ་མཚོ་གནམ་གཤིས་སོགས་ཀྱི་ཐད་གཏོང་སྒོ་སྒོར་དུང་ཕྱུར་1.99 སྡོད་ཁང་འགན་སྲུང་ཐད་གཏོང་སྒོ་སྒོར་དུང་ཕྱུར་6 གནོད་འཚེ་འགོག་བཅོས་དང་འཕྲལ་སྡོམ་དོ་དམ་ཐད་གཏོང་སྒོ་སྒོར་དུང་ཕྱུར་9.28 བུ་ལོན་གྱི་ངོ་འཇལ་ཐད་གཏོང་སྒོ་སྒོར་དུང་ཕྱུར་19 སྤྱིར་བཏང་བུ་ལོན་གྱི་སྐྱེད་འཇལ་ཐད་གཏོང་སྒོ་སྒོར་དུང་ཕྱུར་2.42བཅས་བཏང་ཡོད།
3.ས་གནས་གྲོང་ཁྱེར་གྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས།
ས་གནས་གྲོང་ཁྱེར་ཁག་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་1773.6ཡིན། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་188.4ཡིན་ཞིང་། སྔོན་རྩིས་གྲངས་ཀྱི་107.9%ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་2.4%ཆག་ཡོད། རང་སྐྱོང་ལྗོངས་ནས་ཁྲལ་འབབ་ཕྱིར་སློག་དང་སྒྱུར་སྤྲོད་མ་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར་1402.9དང་། སྤྱིར་བཏང་གི་བུ་ལོན་དངུལ་བུན་ལ་སྒྱུར་བའི་ཡོང་འབབ་སྒོར་དུང་ཕྱུར་52 སྔོན་རྩིས་བརྟན་སྙོམས་ཐེབས་རྩ་ནས་བེད་སྤྱོད་བྱས་པ་སྒོར་དུང་ཕྱུར་63.6 སྒྱུར་འཇུག་བྱས་པའི་མ་དངུལ་གཞན་དག་སྒོར་དུང་ཕྱུར་23.2 ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་43.5བཅས་ཡིན།
ས་གནས་གྲོང་ཁྱེར་ཁག་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་1711.9ཡིན་ཞིང་། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་1637.1དང་སྔོན་རྩིས་བརྟན་སྙོམས་ཐེབས་རྩའི་ཐད་བཀོད་སྒྲིག་བྱས་པ་སྒོར་དུང་ཕྱུར་68.1 སྤྱིར་བཏང་བུ་ལོན་གྱི་ངོ་འཇལ་གཏོང་སྒོ་སྒོར་དུང་ཕྱུར་0.1 གོང་འཕོས་གཏོང་སྒོ་སྒོར་དུང་ཕྱུར་6.6བཅས་ཡིན། གཏོང་ཡོང་གི་སྤྱི་འབོར་མགོ་ཐུག་བཏང་རྗེས། འཕྲོས་སྒྱུར་བྱས་པ་མ་དངུལ་སྒོར་དུང་ཕྱུར་61.7ཡོད་པས་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ།
(གཉིས)2020ལོའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས།
ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་229.1ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་252.9%ཡིན། དེའི་ནང་ས་གནས་ཡོང་འབབ་སྒོར་དུང་ཕྱུར་88ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་16.6%འཕར་བ་དང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར་73.6(རིམས་འགོག་གི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་63ཚུད) ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་59 ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་8.5བཅས་ཡིན། ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་218.6ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་241.3%ཡིན། དེའི་ནང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་199.1ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་139.3%འཕར་བ་དང་། སྒྱུར་འཐེན་བྱས་པ་མ་དངུལ་སྒོར་དུང་ཕྱུར་19.5བཅས་ཡིན། གཏོང་ཡོང་གི་སྤྱི་འབོར་མགོ་ཐུག་བཏང་རྗེས། འཕྲོས་སྒྱུར་བྱས་པ་མ་དངུལ་སྒོར་དུང་ཕྱུར་10.5ཡོད་པས་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ།
རང་སྐྱོང་ལྗོངས་རིམ་པ་འདི་གའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་140.5ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་412%ཡིན། དེའི་ནང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར་6ཡིན་ན་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་3.4%འཕར་བ་དང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར་73.6དང་། ཆེད་དམིགས་བུན་འཛིན་གྱི་ཡོང་འབབ་སྒོར་དུང་ཕྱུར་59 ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་1.9བཅས་ཡིན། རང་སྐྱོང་ལྗོངས་རིམ་པ་འདི་གའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་139.1ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་407.9%ཡིན། དེའི་ནང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་4.9ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་44.1%འཕར་བ་དང་། ས་གནས་གྲོང་ཁྱེར་ལ་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུར་བཀོད་སྒྲིག་བྱས་པ་སྒོར་དུང་ཕྱུར་73.8དང་། ཆེད་དམིགས་བུ་ལོན་དངུལ་བུན་ལ་སྒྱུར་བའི་གཏོང་སྒོ་སྒོར་དུང་ཕྱུར་59 སྒྱུར་འཐེན་བྱས་པའི་མ་དངུལ་སྒོར་དུང་ཕྱུར་1.4བཅས་ཡིན། གཏོང་ཡོང་གི་སྤྱི་འབོར་མགོ་ཐུག་བཏང་རྗེས། འཕྲོས་སྒྱུར་བྱས་པ་མ་དངུལ་སྒོར་དུང་ཕྱུར་1.4ཡོད་པས་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ།
ས་གནས་གྲོང་ཁྱེར་ཁག་གི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་221.4ཡིན། དེའི་ནང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་82དང་། རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒྱུར་སྤྲོད་བྱས་པ་སྒོར་དུང་ཕྱུར་73.8 ཆེད་དམིགས་བུ་ལོན་དངུལ་བུན་ལ་སྒྱུར་བའི་ཡོང་འབབ་སྒོར་དུང་ཕྱུར་59 ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་6.6བཅས་ཡིན། ས་གནས་གྲོང་ཁྱེར་ཁག་གི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་212.3ཡིན། དེའི་ནང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་194.2ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་143.3%འཕར་བ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་18.1བཅས་ཡིན། གཏོང་ཡོང་གི་སྤྱི་འབོར་མགོ་ཐུག་བཏང་རྗེས། འཕྲོས་སྒྱུར་བྱས་པ་མ་དངུལ་སྒོར་དུང་ཕྱུར་9.1ཡོད་པས་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ།
(གསུམ)2020ལོའི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས།
ལྗོངས་ཡོངས་ཀྱི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་9.1ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་112.5%ཡིན། དེའི་ནང་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་5ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་26.6%འཕར་བ་དང་། ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་4.1ཡིན། ལྗོངས་ཡོངས་ཀྱི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་6.8ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་99.1%ཡིན། དེའི་ནང་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་5.6ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་59.3%འཕར་བ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་1.2ཡིན། གཏོང་ཡོང་གི་སྤྱི་འབོར་མགོ་ཐུག་བཏང་རྗེས། འཕྲོས་སྒྱུར་བྱས་པ་མ་དངུལ་སྒོར་དུང་ཕྱུར་2.3ཡོད་པས་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ།
རང་སྐྱོང་ལྗོངས་རིམ་པ་འདི་གའི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་7ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་113.7%ཡིན། དེའི་ནང་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་3ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་43.3%འཕར་བ་དང་། ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་4ཡིན། རང་སྐྱོང་ལྗོངས་རིམ་པ་འདི་གའི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་4.8ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་87.5%ཡིན། དེའི་ནང་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་4.2དང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་0.6ཡིན། འཕྲོས་སྒྱུར་བྱས་པ་མ་དངུལ་སྒོར་དུང་ཕྱུར་2.2ཡོད་པས་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ།
ས་གནས་གྲོང་ཁྱེར་ཁག་གི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་2.1ཡིན། དེའི་ནང་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་2དང་ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་0.1ཡིན། ས་གནས་གྲོང་ཁྱེར་ཁག་གི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2ཡིན། དེའི་ནང་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་1.4དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་0.6ཡིན། འཕྲོས་སྒྱུར་བྱས་པ་མ་དངུལ་སྒོར་དུང་ཕྱུར་0.1ཡོད་པས་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ།
(བཞི)2020ལོའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས།
ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་188.93ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་92%ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་15%ཆག་ཡོད། དེ་གཙོ་བོ་ཏོག་དབྱིབས་ནད་དུག་གསར་པའི་གློ་རིམས་ལ་ཁ་གཏད་འཇལ་བ་དང་། སྤྱི་ཚོགས་འགན་བཅོལ་གྱི་ཞུ་གྲོན་འཇལ་བའི་ཐད་དུས་མཚམས་རང་བཞིན་གྱི་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་ལག་ལེན་བསྟར་བའི་རྐྱེན་གྱིས་ཡིན། དེའི་ནང་འགན་བཅོལ་གྲོན་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར་151.23དང་། ནོར་སྲིད་ཁ་གསབ་ཀྱི་ཡོང་འབབ་སྒོར་དུང་ཕྱུར་15.1 སྐྱེད་ཀ་སོགས་ཡོང་འབབ་གཞན་དག་སྒོར་དུང་ཕྱུར་22.6བཅས་ཡིན། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་སྤྱིའི་གཏོང་སྒོ་སྒོར་དུང་ཕྱུར་167.99ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་95%ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་4%འཕར་ཡོད། གཏོང་ཡོང་གི་སྤྱི་འབོར་མགོ་ཐུག་བཏང་རྗེས། ལོ་འདིའི་གཏོང་ཡོང་གི་ལྷག་འཕྲོ་སྒོར་དུང་ཕྱུར་20.94དང་། ལོ་མཇུག་ཏུ་རིམ་གསོག་ལྷག་འཕྲོ་སྒོར་དུང་ཕྱུར་363.04ཡོད།
གོང་གསལ་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དེ་ནོར་སྲིད་པུའུ་ལ་མཆན་བཀོད་བཀའ་ལན་ཞུས་ནས་ངེས་རྩིས་བྱས་རྗེས་འགྱུར་ལྡོག་ཕྲན་བུ་འགྲོ་སྲིད།
(ལྔ)རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད་དོན་འཁྱོལ་བྱས་ཚུལ།
2020ལོར། ནོར་སྲིད་སྡེ་ཚན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། སྔོན་རྩིས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མི་དམངས་འཐུས་ཚོགས་ཀྱིས་སྔོན་རྩིས་ལ་ཞིབ་བཤེར་དང་ལྟ་སྐུལ་བྱེད་རྒྱུ་དེ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་རྒྱ་སྐྱེད་གཏོང་རྒྱུའི་ཐོག་གཙོ་གནད་དུ་བྱེད་དགོས་པའི་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་གྲོས་ཆོད་དང་གྲོས་ཞིབ་བསམ་འཆར་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་སྤུས་འབྲས་ལེགས་གཏོང་ཐད་ནོར་སྲིད་སྲིད་ཇུས་བཟང་པོ་ལག་བསྟར་བྱས་ནས་གཙོ་གནད་ཁུལ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ནོར་སྲིད་བསྒྱུར་བཅོས་བྱེད་མགྱོགས་སུ་བཏང་སྟེ་ནོར་སྲིད་ཀྱི་དོ་དམ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།
1.སྤྱི་ཚོགས་བཅོས་སྐྱོང་བྱེད་ཕྱོགས་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་པ། རང་སྐྱོང་ལྗོངས་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར་57.88བཀོད་སྒྲིག་བྱས་ཏེ། སྲིད་ཁྲིམས་སྡེ་ཚན་གྱི་ལས་སྒོའི་སྒྲིག་ཆས་ཀྱི་ཆུ་ཚད་དང་འཕྲལ་རྐྱེན་མྱུར་སེལ་གྱི་ནུས་པ་ཆེ་རུ་བཏང་ཡོད། དགོན་སྡེར་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། དགོན་སྡེ་དང་གྲྭ་བཙུན་གཉིས་ཀར་ཕན་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྤྱི་པའི་ཞབས་ཞུ་དགོན་སྡེར་བསྒྲུབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། སྨན་བཅོས་འགན་བཅོལ་དང་། བདེ་ཐང་གི་བརྟག་དཔྱད། རྒན་གསོ་འགན་བཅོལ། མ་མཐའི་འཚོ་བ་འགན་སྲུང་སོགས་ཀུན་ལ་ཁེབས་པར་བྱས་པ། དགོན་སྡེའི་ནོར་ཁྲལ་ལ་ལྟ་འདོམས་ཚོད་ལྟ་བྱེད་པར་སྐུལ་སྤེལ་བཏང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར་རྒྱབ་སྐྱོར་བྱས་པ། “ཚད་གཞི་བཞི་བརྩི་སྲུང་ལག་བསྟར་བྱས་ཏེ་སྔོན་ཐོན་གྱི་གྲྭ་བཙུན་ཞིག་བྱེད་ཐུབ་པ”བྱེད་རྒྱུའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཡོད།
2.“འགག་སྒྲོལ་ཆེན་པོ་གསུམ”གྱི་ལས་དོན་མཐའ་གཅིག་ཏུ་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་ཏེ་འབྱོར་འབྲིང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཕྱོགས་མཐའ་ཀུན་ལ་ཡར་ཐོན་ཡོང་རྒྱུ་འགན་སྲུང་བྱས་པ།
དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་རྒྱབ་སྐྱོར་གང་ཐུབ་བྱས་པ། ཞིང་འབྲེལ་མ་དངུལ་གཅིག་གྱུར་འཆར་འགོད་དང་སྒྲིལ་སྤྱོད་བྱེད་རྒྱུར་སྐུལ་འདེད་བརྟན་པོ་བཏང་བ་དང་། ཐོན་ལས་དབུལ་སྐྱོར་དང་། ལས་ཞུགས་དབུལ་སྐྱོར། འཛད་སྤྱོད་དབུལ་སྐྱོར། སློབ་གསོའི་དབུལ་སྐྱོར་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་ཐུབ་པ་བྱས་ཡོད། 2020ལོར། རང་སྐྱོང་ལྗོངས་ནོར་སྲིད་ནས་ཁྱོན་བསྡོམས་དབུལ་སྒྲོལ་འགག་སྒྲོལ་གྱི་སྒྲིལ་སྤྱོད་མ་དངུལ་སྒོར་དུང་ཕྱུར་144.08བཏང་ཞིང་། དེའི་ནང་ནོར་སྲིད་ཀྱི་ཆེད་དམིགས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་106.35བཏང་བ་དང་། ཞིང་འབྲེལ་མ་དངུལ་གཞན་དག་སྒོར་དུང་ཕྱུར་37.73སྒྲིལ་སྤྱོད་བྱས་ཡོད། ཤིན་ཏུ་དབུལ་བའི་ས་གནས་ལ་དམིགས་ཏེ་དབུལ་སྐྱོར་མ་དངུལ་གྱི་70.71%གཞིས་རྩེ་དང་། ཆབ་མདོ། ནག་ཆུ་བཅས་ཤིན་ཏུ་དབུལ་བའི་ས་གནས་ལ་བཏང་ཡོད། ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་ལ་ལྟ་འདོམས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དབུལ་སྐྱོར་གྱི་རྣམ་གྲངས་མ་དངུལ་གྱི་བརྒྱུད་རིམ་ཧྲིལ་པོའི་ནུས་ཕྱོད་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཡོད།
སྦགས་བཙོག་འགོག་བཅོས་བྱེད་པར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་པ། ཁ་ཕྱོགས་མི་འགྱུར་བ་དང་ཤུགས་ཚད་ཆུང་དུ་མི་འགྲོ་བ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་བཞིན་དང་། ཚན་རིག་དང་མཐུན་པ། གནད་ལ་འཕིགས་པ་བཅས་ཀྱི་ཐོག་ནས་སྦགས་བཙོག་འགོག་བཅོས་བྱེད་རྒྱུ་མངོན་ཆེར་བཟུང་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར་7.84བཀོད་སྒྲིག་བྱས་ནས་གཙོ་གནད་ཆུ་བོ་རྒྱུག་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། སྦགས་བཙོག་བཅོས་སྐྱོང་བྱེད་པ། ས་འོག་གི་ཆུའི་གནས་ཚུལ་བརྟག་དཔྱད་དང་ཚོད་སྐོར་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱས་པ། ཞིང་སྤྱོད་ས་ཆའི་ས་རྒྱུའི་སྤུས་ཚད་རིགས་དབྱེ་བྱེད་པ་དང་། སྦགས་བཙོག་རྨོ་ཞིང་ལ་བརྟག་དཔྱད་བྱེད་པ། སྦགས་བཙོག་ཐེབས་པའི་རྨོ་ཞིང་སླར་གསོ་བཅོས་སྐྱོང་བྱེད་པ་སོགས་བྱས་པ། རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་བྱེད་རྒྱུ་ཆ་འཕྲིན་ཅན་དུ་འགྱུར་རྒྱུའི་ལས་སྟེགས་དང་ནུས་པ་འཛུགས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་0.85བཀོད་སྒྲིག་བྱས་ནས་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཡུལ་བབ་དང་བསྟུན་ནས་གསང་སྤྱོད་གསར་བརྗེ་བྱས་པ། སྐྱེ་ཁམས་ཁོར་ཡུག་གི་གཏོར་སྐྱོན་ལ་གུན་གསབ་འཇལ་བའི་ལམ་ལུགས་འཛུགས་རྒྱུར་སྐུལ་སྤེལ་བཏང་ཡོད།
ཉེན་ཆེའི་རིགས་འགོག་ཟོན་དང་སེལ་ཐབས་ནུས་ལྡན་བྱས་པ། ས་གནས་ཀྱི་སྲིད་གཞུང་བུ་ལོན་ལ་རྒྱུན་རྣམ་ཅན་གྱི་ལྟ་དཔྱད་ཚད་ལེན་བྱེད་པའི་ལམ་སྲོལ་ཚགས་ཚུད་དུ་བཏང་སྟེ། བསྡུར་གཞི་གཅིག་གྱུར་དང་ལྟ་སྡོམ་གཅིག་གྱུར་བྱས་ཡོད། དེའང་ཁྱོན་ཡོངས་ཀྱི་ཉེན་ཁ་སེལ་རྒྱུར་མཐོང་ཆེན་བྱས་པ་དང་། ཆ་ཤས་ཀྱི་ཉེན་ཁ་སེལ་རྒྱུར་མཐོང་ཆེན་ཡང་བྱས་ནས་སྤྱོད་འཐུས་ཀྱི་བྱ་ཐབས་སྤྱད་དེ་ཉེན་ཁ་ཆུང་དུ་ཏན་ཏིག་བཏང་ཡོད། 2020ལོ་བར་ལ། ནོར་སྲིད་པུའུ་ནས་རང་ལྗོངས་སུ་སྲིད་གཞུང་གི་ཁྲིམས་བཅད་བུ་ལོན་གྱི་བཅད་གྲངས་སྒོར་དུང་ཕྱུར་454.3ཞིབ་དཔྱད་གཏན་འཁེལ་གནང་ཡོད་པ་དང་། སྲིད་གཞུང་གི་ཁྲིམས་བཅད་བུ་ལོན་གྱི་ལྷག་གྲངས་སྒོར་དུང་ཕྱུར་374.98ཡིན་ཞིང་། བཅད་གྲངས་ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད། 2020ལོར་ས་གནས་ཀྱི་སྲིད་གཞུང་བུ་ལོན་སྒོར་དུང་ཕྱུར་121འགྲེམས་གཏོང་བྱེད་མང་དུ་བཏང་སྟེ། གྲོང་གསེབ་ཀྱི་གཞུང་ལམ་དང་། སྲིད་ལས། འཕྲོད་བསྟེན་བདེ་ཐང་། ཞིང་ནགས་ཆུ་བེད་སོགས་སྤྱི་ཕན་རང་བཞིན་གྱི་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུའི་ཐད་གཙོ་གནད་དུ་བེད་སྤྱོད་བཏང་ཡོད། མ་དངུལ་བསྐྱར་དུ་བསྡུ་རྒྱུག་བྱས་པའི་བུན་ལོར་སྒོར་དུང་ཕྱུར་19འགྲེམས་གཏོང་བྱས་ནས་དུས་ཚོད་ཐིམ་པའི་སྲིད་གཞུང་གི་མ་བུན་འཇལ་སྤྲོད་བྱས་ཡོད། མངོན་མེད་བུ་ལོན་གྱི་གསོག་འབོར་ཐག་གཅོད་འཚམ་མཐུན་བྱས་ནས་མངོན་མེད་བུ་ལོན་མང་དུ་འགྲོ་རིགས་མཐའ་གཅིག་ཏུ་བཀག་སྟེ་བུན་སེལ་རྫུན་མ་གཏན་འགོག་བྱས་ཡོད། སྲིད་གཞུང་གི་ཁྲིམས་བཅད་བུ་ལོན་དང་མངོན་མེད་བུ་ལོན་གཉིས་ཀ་ཀྲུང་དབྱང་ནོར་སྲིད་ནས་ངོས་གཏན་འཁེལ་བའི“འབྱུང་འཕྲོད”བདེ་འཇགས་ཡོད་ཁོངས་སུ་གནས་ཡོད།
3.ཐོན་ལས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་ཏེ་ནང་ཐོན་འཕེལ་ནུས་ཤུགས་ཆེར་བཏང་བ། “ཐོན་ལས་ཆེན་པོ་བདུན”ལ་དམིགས་ཏེ། བོད་ཀྱི་ཐོན་ཁུངས་ཀྱི་ལྷན་ནུས་ལ་གཞི་ཚུགས་པ་དང་། རྒྱལ་ཁབ་ཀྱི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ནོར་སྲིད་ཀྱི་འགན་སྲུང་བྱེད་ཁོངས་དབྱེ་མཚམས་གནད་འཁེལ་གཅོད་པ། ད་ཡོད་ཀྱི་མ་དངུལ་ཐབས་ལམ་གཅིག་གྱུར་འཆར་འགོད་ཀྱིས་སྒྲིལ་སྤྱོད་བྱེད་པ། སྲིད་གཞུང་མ་འཇོག་གི“འགྲོ་སྒོ་ཆུང་ལ་ཡོང་སྒོ་ཆེ་བའི”རྒྱབ་སྐུལ་ནུས་པ་འདོན་སྤེལ་བྱེད་པ། སྤྱི་ཚོགས་ཀྱི་མ་རྩ་རྣམས་ཐོན་ལས་གོང་འཕེལ་གཏོང་བའི་ཐད་ཐེ་ཞུགས་བྱེད་རྒྱུར་ཁྲིད་སྟོན་བྱེད་པ་བཅས་བྱས་ཡོད། ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་རྒྱུའི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་3བཙུགས་ཏེ། མ་དངུལ་བྱ་དགར་སྒྱུར་བ་དང་། དབོར་གླར་ཁ་གསབ་སྤྲོད་པ། ཁག་ཐེག་ཡོན་ཚད་ལ་ཁ་གསབ་རོགས་དངུལ་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་མ་ལག་དང་མ་དངུལ་བསྡུ་རྒྱུག་གི་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་ཡོད། ཚོང་དོན་འགྲོ་རྒྱུག་ལས་རིགས་གོང་འཕེལ་གཏོང་བའི་ཆེད་དམིགས་མ་དངུལ་གྱི་དོ་དམ་བྱ་ཐབས་དག་བཅོས་བྱས་པ། “ས་གོ་ལའི་གླིང་སྣེ་གསུམ་པའི”ཁུལ་ཁོངས་སྤྱི་པའི་གྲགས་རྟགས་གཏོད་པར་རྒྱབ་སྐྱོར་བྱས་པ། མ་དངུལ་སྒོར་དུང་ཕྱུར་2.1བཀོད་སྒྲིག་བྱས་ཏེ། ཡུལ་སྐོར་རིག་གནས་ཐོན་ལས་གོང་འཕེལ་གཏོང་བ་དང“དགུན་དུས་བོད་དུ་ཡུལ་སྐོར”བྱེད་པའི་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་2.18བཀོད་སྒྲིག་བྱས་ཏེ་དེང་རབས་ཞིང་ལས་ཀྱི་ནས་དང་འབྲི་གཡག་གི་ཁྱད་ལྡན་ལེགས་ཆ་ཆེ་བའི་གཙོ་ཁྲིད་ཐོན་ལས་གོང་འཕེལ་གཏོང་བ་དང་ཤ་ཚལ་སྒོང་གསུམ་གྱི་ལས་གྲྭ་འཛུགས་སྐྲུན་ལ་གཙོ་ཁྲིད་བྱེད་པར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་3བཀོད་སྒྲིག་བྱས་ཏེ། དྲ་བྲལ་འོད་ཤུགས་མ་ལག་སྐྱོན་ཅན་འཁོར་རྒྱུག་བྱེད་པ་དང་སྐྱོན་གྱིས་འཁོར་རྒྱུག་བྱེད་མཚམས་འཇོག་དགོས་པའི་གནད་དོན་ཐག་གཅོད་བྱས་ཡོད། གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཡོད། ཚན་རྩལ་གསར་གཏོད་དང་རྨང་གཞིའི་ཞིབ་འཇུག་ཐད་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་བ་དང་། མཁོ་ཆོད་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་ཐད་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་2.61བཀོད་སྒྲིག་བྱས་ཡོད་ཅིང་། དེའི་ནང་ནས་སྒོར་ཁྲི་3000རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩའི་ཁུལ་ཁོངས་གསར་གཏོད་དང་གོང་འཕེལ་གཏོང་བའི་མཉམ་འབྲེལ་ཐེབས་རྩའི་མཉམ་ལས་བྱེད་རྒྱུར་སྤྱད་ཡོད། རྒྱལ་ཁབ་རིམ་པའི་ལས་སྟེགས་ལ་བརྟེན་ནས་ཚན་ཞིབ་སྤེལ་ཐོག ཚན་ཞིབ་ཐད་སྣེ་མང་ཅན་གྱི་མ་འཇོག་ལམ་སྲོལ་བཏོད་ཡོད། “གཉིས་གཏོད”གཞི་རྟེན་འཛུགས་སྐྱོང་དང་ལས་གཉེར་བྱེད་པར་རྒྱབ་སྐྱོར་བྱས་ནས“གཉིས་གཏོད”གཞི་རྟེན་7ལ་ཐེངས་གཅིག་རང་དུ་འཛུགས་སྐྱོང་མ་དངུལ་སྒོར་ཁྲི་2100དོན་འཁྱོལ་བྱས་ཡོད། གཞི་རིམ་ཚན་རྩལ་ཁྱབ་གདལ་གྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཡོད། མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་ལྟེ་གནས་དང་། བོད་ལུགས་གསོ་རིག་ཞིབ་འཇུག་ལྟེ་གནས། ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་སོགས་ཚན་ཞིབ་ཚན་པ་འཛུགས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ཡོད།
4.རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་རྨང་གཞི་བརྟན་དུ་བཏང་བ། ཀྲུང་དབྱང་ནོར་སྲིད་ནས་རིམས་འགོག་གི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་63རག་ཐབས་བྱས་ཏེ། གཙོ་བོ་སྤྱི་པའི་འཕྲོད་བསྟེན་དང་སྡེ་ཁུལ་རྙིང་གྲས་བསྒྱུར་བཀོད་བྱེད་པ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་དང་རིམས་འགོག་གི་འབྲེལ་ཡོད་གཏོང་སྒོའི་ཐད་བཏང་ཡོད། རིམ་རྩིས་བྱས་ན་གཞི་རྩའི་འཛུགས་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར་241བཀོད་སྒྲིག་བྱས་ནས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇཌ་སྲ་བརྟན་རིམ་སྤོར་ལས་གཞི་དང་། དམངས་ཡོངས་ཀྱི་བདེ་ཐང་འགན་སྲུང་བྱེད་པའི་ལས་གཞི། རིག་གནས་ཡུལ་སྐོར་རིམ་སྤོར་ལས་གཞི་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ལག་བསྟར་ཐུབ་རྒྱུ་འགན་སྲུང་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་205.75བཀོད་སྒྲིག་བྱས་ཏེ་རྒྱལ་ལམ་219དང་། ས་དགའ་ནས་སྣང་རྫོང་བར་གྱི་དུམ་བུ། མཐའ་མཚམས་གཞུང་ལམ་སོགས་གཞུང་ལམ་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”གལ་ཆེའི་རྣམ་གྲངས་ཀྱི་སྔོན་གྲབས་གྲོན་དངུལ་སྒོར་དུང་ཕྱུར་32.5བཀོད་སྒྲིག་བྱས་ཡོད། གྲོང་གསེབ་གཞུང་ལམ་གྱི་བདག་སྐྱོང་སྒྲིག་སྲོལ་ལ་བསྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་ནས་བདག་སྐྱོང་གི་ཚད་གཞི་རྫོང་ལམ་སྤྱི་ལེ་རེར་སྒོར་10000དང་། ཤང་ལམ་སྤྱི་ལེ་རེར་སྒོར་5000 གྲོང་ཚོའི་འགྲོ་ལམ་སྤྱི་ལེ་རེར་སྒོར་3000བཅས་སུ་མཐོ་རུ་གཏོང་རྒྱུ་ཡིན། མ་དངུལ་སྒོར་དུང་ཕྱུར་4.21བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་དང་རྫོང་གི་དྲོད་གཏོང་རྣམ་གྲངས་འཁོར་རྒྱུག་དང་སྲུང་སྐྱོང་བྱེད་པའི་ཐད་སྤྱད་ཡོད།
5.ཁུལ་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་ཏེ་མཐའ་མཚམས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་བཏང་བ།
མཐའ་མཚམས་ས་ཁུལ་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་པ། རིམ་རྩིས་བྱས་ན་གཅིག་གྱུར་འཆར་འགོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་166.25སྒྲིལ་སྤྱོད་ཀྱིས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ནས་གྲོང་ཚོ་604འཛུགས་སྐྲུན་བྱས་ཟིན། གུད་གསབ་ལས་སྤྲོད་བྱེད་པར་བརྟེན་ནས་མཐའ་མིའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ཡོད། མཐའ་མཚམས་ས་ཁུལ་གྱི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་21.05བཀོད་སྒྲིག་བྱས་ནས་31%འཕར་ཡོད། མཐའ་མིའི་ཁ་གསབ་རོགས་དངུལ་སྤྲོད་ལམ་འཐུས་སྒོ་ཚང་དུ་བཏང་སྟེ། ཁྱད་པར་ཅན་གྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་ལག་བསྟར་བྱས་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོ་དང་གཉིས་པའི་དབྱེ་མཚམས་མ་བཅད་པའི་མཐའ་མིའི་ཁ་གསབ་རོགས་དངུལ་ཁག་སོ་སོར་ལོ་རེར་མི་རེར་ཆ་སྙོམས་སྒོར་6000དང་5400ལ་སྤར་བ་དང་། རྒྱལ་མཚམས་དབྱེ་ཟིན་པར་ཁག་སོ་སོར་ལོ་རེར་མི་རེར་ཆ་སྙོམས་སྒོར་5000དང་སྒོར་4500ལ་སྤར་ཡོད། མཐའ་སྲུང་བར་ཁ་གསབ་རོགས་དངུལ་སྤྲོད་པའི་ལམ་ལུགས་བཙུགས་པ་དང་། དེའི་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་12000ཟིན་ཡོད།
གྲོང་གསེབ་དར་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་པ། ནོར་སྲིད་ནས་ཞིང་ལས་ཐད་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དང་ཚགས་ཚུད་དུ་བཏང་སྟེ། “དམངས་ཕན་བྱ་ཐབས་ཁག་བཅུ”ལག་བསྟར་བྱས་ཏེ། ནོར་སྲིད་གཏོང་སྒོའི་90%ཡན་མང་དུ་བཏང་ནས“ཞིང་གསུམ”དང་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་སྤྱད་ཡོད། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་གང་ཐུབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་20.5བཀོད་སྒྲིག་བྱས་ཏེ། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་75འཛུགས་སྐྲུན་དང་སྤྱི་ལེ་178ཀྱི་ཆུ་བོ་རྒྱུག་ཁུལ་འབྲིང་ཆུང་བཅོས་སྐྱོང་། ཆུ་མཛོད་ཆུང་གྲས་ཁག་5འཛུགས་སྐྲུན་བཅས་བྱེད་པར་རྒྱབ་སྐྱོར་བྱས་ཡོད། ཞིང་འབྲོག་ལས་ལ་སྲུང་སྐྱོང་དང་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། མ་དངུལ་སྒོར་དུང་ཕྱུར་2.12བཀོད་སྒྲིག་བྱས་ནས་ཞིང་ཁའི་ས་ནུས་སྲུང་སྐྱོབ་ཐད་ཁ་གསབ་སྤྲོད་པ་དང་འབྱུང་འཕྲོད་ནུས་ཆེའི་ལག་རྩལ་ཁྱབ་གདལ་ཐད་ཞབས་ཞུ་སྒྲུབ་པ་སོགས་ལ་རྒྱབ་སྐྱོར་བྱས་ཡོད། ནས་དང་། ཤ་རིགས། དཀར་ཆུ་བཅས་ཀྱི་ཐོན་ཚད་འཕར་བར་བྱ་དགའ་སྤྲོད་པར་མ་དངུལ་སྒོར་དུང་ཕྱུར་1བཀོད་སྒྲིག་བྱས་ཡོད། ཕྱུགས་རིགས་རྒྱུད་བཟང་གི་ཁ་གསབ་སྤྲོད་པའི་ཚད་གཞི་མཐོ་རུ་བཏང་སྟེ། འབྲི་དང་གཡག་གི་ཁ་གསབ་སྤྲོད་པའི་ཚད་གཞི་འབྲི་གཡག་རེར་སྒོར་4000ལ་སྤར་བ་དང་། ལུག་ཐུག་གི་ཁ་གསབ་ཚད་གཞི་ལུག་རེར་སྒོར་1200ལ་སྤར་ཡོད། གཟན་རྩྭ་བསྐྱར་འདེབས་མུའུ་ཁྲི་15བྱེད་པར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་12.35བཀོད་སྒྲིག་བྱས་ཏེ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་ཞིང་ཆེན་བརྒལ་ནས་རྨོ་ཞིང་ཐད་མང་དུ་བཏང་བའི་ཡོང་འབབ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ས་ཆ་འཕར་ཆག་དང་འབྲེལ་བའི་ལྷག་འཕྲོའི་དམིགས་ཚད་སྙོམས་སྒྲིག་བྱས་པའི་མ་དངུལ་སྒོར་དུང་ཕྱུར་29.61ཚང་མ་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བའི་ཐད་བེད་སྤྱོད་བཏང་ཡོད། སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་གྱི་ཁ་གསབ་སྤྲོད་ཁོངས་རྫོང་དང་། ཤང་། གྲོང་ཚོ་བཅས་ཚང་མར་ཁེབས་པར་བྱས་པས་གཞི་རྩའི་ཆར་འགན་བཅོལ་ནང་ཞུགས་འདོད་ཡོད་པའི་ཞིང་དུད་ཚང་མ་ཞུགས་ཐུབ་པ་བྱུང་ཡོད།
6.དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་བྱས་ཏེ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་བཏང་བ། ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱས་པ། ལས་ཞུགས་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་། ལས་ཞུགས་གྲུབ་ཆ་ལེགས་སུ་གཏོང་བ། ལས་ཞུགས་སྤུས་ཚད་མཐོ་རུ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱས་ཡོད། སློབ་ཆེན་ཐོན་པའི་སློབ་མ་ཁྲོམ་རའི་ཐོག་ལས་ཞུགས་བྱེད་པ་དང་རང་བརྟེན་ལས་གཏོད་བྱེད་པར་བྱ་དགའ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་བྱས་པས་གཞི་རྩའི་འཚོ་བ་འགན་སྲུང་དང་། སྤྱི་ཚོགས་འགན་བཅོལ། སྡོད་ཁང་། འགྲིམ་འགྲུལ་སོགས་ཀྱི་ཐད་ལ་ཁ་གསབ་རོགས་དངུལ་སྤྲད་ཡོད་ཅིང་། སློབ་ཆེན་ཐོན་པའི་སློབ་མ་ཁྲི་1.8ལ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་3.1དོན་འཁྱོལ་བྱས་ཡོད། ལས་གཏོད་ཀྱི་མ་འཇོག་ཚན་པ་དང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ། “གཉིས་གཏོད”དཔེ་སྟོན་རྟེན་གཞི་བཅས་འཛུགས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ཡོད། སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱེད་རྒྱུ་ཚད་ལྡན་བཟོས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་པ་མེད་པའི་ཁྱིམ་ཚང་ལ་རྒྱུན་མཐུད་ངང་སྐབས་དང་བསྟུན་ནས་ལས་ཞུགས་པ་ཡོད་པ་བཟོ་བར་རྒྱབ་སྐྱོར་བྱས་ཡོད། ཞིང་འབྲོག་པར་ལས་ཞུགས་སྦྱོང་བརྡར་སྤྲོད་པ་དང་གནས་སྒྱུར་ལས་ཞུགས་བྱེད་པར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་6.5བཀོད་སྒྲིག་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པའི་ཐོབ་ཆ་དང“རིགས་བཞིའི་མི་སྣའི”འབྲེལ་ཡོད་ཐོབ་ཐང་དོན་འཁྱོལ་བྱས་ཡོད།
སློབ་གསོ་སྔོན་ལ་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་པ། སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་དུས་རིམ་བར་གྱི་ཞིང་འབྲོག་པའི་བུ་ཕྲུག་གི་སློབ་གསོའི“འགན་ལེན་གསུམ”དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་དུད་ཚང་གི་བུ་ཕྲུག་ལ་སློབ་སྐྱོར་རོགས་དངུལ་སྤྲོད་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ཚད་གཞི་ལོར་སློབ་མ་རེར་ཆ་སྙོམས་སྒོར་4200ལ་སྤར་ཡོད། སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་དུས་རིམ་བར་གྱི་ལོ་15རིང་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཡོད། རོགས་སྐྱོར་མ་ལག་དང་། མཐོ་རིམ་སློབ་གསོའི་དགེ་འོས་དང་ཞིང་འབྲོག་ནགས་ཆུ་ས་གཏེར་བཅས་ཀྱི་ཆེད་ལས་ལ་སློབ་ཡོན་མི་དགོས་པའི་སློབ་གསོ་མུ་མཐུད་ལག་བསྟར་བྱེད་པ། གྲོང་གསེབ་ཏུ་འགྲོ་ཁུངས་དམིགས་འཛུགས་གཏན་འཁེལ་གྱི་གསོ་རིག་སློབ་མ་སློབ་ཡོན་མི་དགོས་པར་གསོ་སྐྱོང་བྱེད་པ། ནང་སའི་བོད་ལྗོངས་ཀྱི་འབྲིང་རིམ་འཛིན་གྲྭ་དང་། མཐོ་རིམ་སློབ་འབྲིང་འཛིན་གྲྭ འབྲིང་རིམ་ལག་རྩལ་འཛིན་གྲྭ་བཅས་ཀྱི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ཡོད། ས་ཁད་མཐོ་བའི་སློབ་གྲྭའི་དྲོད་གཏོང་ལས་གཞི་ལག་བསྟར་དང་འགན་བབས་སློབ་གསོའི་ཆ་རྐྱེན་ཞན་པའི་སློབ་གྲྭ་བསྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱས་ཡོད། བོད་ལྗོངས་སློབ་གྲྭ་ཆེན་མོ་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན་སོགས་གཙོ་གནད་སློབ་གྲྭ་བསྐྲུན་པར་རྒྱབ་སྐྱོར་བྱས་པ་དང་། དེ་བཞིན་བོད་ལྗོངས་ལག་རྩལ་སློབ་གླིང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད། རྒྱལ་ཁབ་ཀྱི་གསོ་སྐྱོང་འཆར་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཏེ་དགེ་རྒན་གྱི་སྐད་གཉིས་སློབ་གསོའི་སློབ་ཁྲིད་ནུས་པ་ཆེ་རུ་བཏང་ཡོད།
འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་པ། རིམས་ནད་འགོག་ཟོན་གྱི་གྲོན་དངུལ་ཕྱོགས་ཡོངས་ནས་འགན་སྲུང་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར་37.92བཀོད་སྒྲིག་བྱས་ནས་སྤྱི་པའི་འཕྲོད་བསྟེན་མ་ལག་དང་། འཕྲལ་སྡོམ་དངུལ་དངོས་འགན་སྲུང་མ་ལག གལ་ཆེའི་རིམས་ནད་འགོག་སྐྱོབ་མ་ལག་བཅས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཐོག རང་ལྗོངས་ཀྱི་ནད་རྟགས་གཏན་འཁེལ་གྱི་ནད་པ་གཅིག་པུ་དེའི་འགོག་སྐྱོབ་འགྲོ་གྲོན་སྒོར་ཁྲི་6.6གི་མཐའ་ཚད་འགན་སྲུང་བྱས་པ་དང་འཐབ་ས་དང་པོའི་སྨན་དོན་མི་སྣར་གནས་སྐབས་རང་བཞིན་ལས་ཀའི་ཁ་གསབ་རོགས་དངུལ་སྤྲོད་པ་སོགས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་སྒྲིལ་སྤྱོད་བྱེད་པར་སྐུལ་སྤེལ་བཏང་ཞིང་། ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་585ལ་སྤར་ཡོད། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཀྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མཐོ་རུ་བཏང་ནས་ལོ་རེར་མི་རེར་ཆ་སྙོམས་སྒོར་94.82ཟིན་ཡོད། བོད་རང་སྐྱོང་ལྗོངས་སྨན་ཁང་དང་རང་སྐྱོང་ལྗོངས་བུད་མེད་བྱིས་པའི་སྨན་ཁང་སོགས་གལ་ཆེའི་འཕྲོད་བསྟེན་རྣམ་གྲངས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པར་རྒྱབ་སྐྱོར་བྱས་ཏེ་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཡོད། ནད་གཞི་ཆེ་རིགས་དང་ཡུལ་ནད་འགོག་བཅོས་བྱེད་པར་རྒྱབ་སྐྱོར་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་སྒྲིག་ཚུད་གྲྭ་བཙུན་ལ་རིན་མེད་ཐོག་གཟུགས་པོར་བརྟག་དཔྱད་བྱེད་པ་དང་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པ་དང་དབུལ་པོའི་སྐྱ་འགྲིབ་ཕོག་མཁན་ལ་སྨན་རིན་མི་དགོས་པའི་སྨན་བཅོས་སྲོག་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱས་པ། ལེགས་བཙའ་ལེགས་གསོའི་དམིགས་བསལ་ཁྱིམ་ཚང་ལ་དམིགས་བསལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་པ། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་ཀར་རྒྱབ་སྐྱོར་བྱས་པ། བོད་ལུགས་གསོ་རིག་གི་བྱ་གཞག་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་པ། ཧྥུའུ་ཉུང་བདེ་འཕྲོད་འཐུང་ཇར་ཁ་གསབ་སྤྲོད་རྒྱུ་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱས་ཡོད།
སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་བར་རྒྱབ་སྐྱོར་བྱས་པ། རྒན་གསོ་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་ལས་ཁུངས་བྱ་གཞག་ཚན་པའི་རྒན་གསོའི་འགན་བཅོལ་ལམ་ལུགས་བསྒྱུར་བཅོས་བྱེད་པར་སྐུལ་སྤེལ་ཏན་ཏིག་བཏང་སྟེ་གཞི་རྩའི་རྒན་གསོའི་མ་དངུལ་གྱི་ཆུ་ཚད་མཐོ་རུ་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་མ་དངུལ་གྱི་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར་185ལ་སྤར་ཡོད། ལས་འཁྱུར་མི་སྣའི་གཞི་རྩའི་རྒན་གསོ་འགན་བཅོལ་མ་དངུལ་སྤྱི་ཡོངས་ནས་4.8%སྤར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་མཐོ་རུ་བཏང་ཞིང་། ཁག་སོ་སོར་ཟླ་རེར་མི་རེར་སྒོར་847དང་ལོ་རེར་མི་རེར་སྒོར་4713ལ་སྤར་བ་མ་ཟད། དམིགས་བསལ་དབུལ་པོའི་རོགས་སྐྱོབ་དང་འཚོ་སྐྱོང་ཚད་གཞི་སྟབས་བསྟུན་གྱིས་ལེགས་སྒྲིག་བྱས་ཡོད། ཟོག་གོང་འཕར་ཚུལ་གཞིར་བཟུང་དུས་འཚམ་ངེས་སྐབས་ཟོག་གོང་མཉམ་འགུལ་ལམ་སྲོལ་ལག་བསྟར་བྱེད་འགོ་བཙུགས་ནས་ལོ་ཧྲིལ་པོར་གནས་སྐབས་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1.03དོན་འཁྱོལ་བྱས་ཡོད། གཟིགས་སྐྱོང་བྱ་ཡུལ་དང་རང་བརྟེན་ལས་གཏོད་བྱེད་མཁན་དམག་དཔུང་གི་ལས་སྒྱུར་ལས་བྱེད་པ་དང་དམག་དཔུང་ནས་ས་གནས་ལ་བཀོད་སྒྲིག་རྩིས་སྤྲོད་བྱས་པའི་ལས་བྲལ་ལས་འཁྱུར་མི་སྣ་སོགས་ཀྱི་མ་དངུལ་འགན་སྲུང་ཡག་པོ་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་བསྒྱུར་བཀོད་དང་། སྡེ་ཁུལ་རྙིང་པ་བསྒྱུར་བཀོད། གྲོང་གསེབ་ཀྱི་ཁང་གོག་བསྒྱུར་བཀོད་སོགས་བྱེད་པའི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད།
སྤྱི་པའི་རིག་གནས་ཞབས་ཞུའི་བྱ་གཞག་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་པ། དཔེ་དེབ་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས། རིག་གནས་ས་ཚིགས་སོགས་རིམ་ཁག་རིག་གནས་སྒྲིག་བཀོད་རིན་མེད་སྒོ་དབྱེ་བྱེད་པར་རྒྱབ་སྐྱོར་བྱས་ཡོད། སྒོར་ཁྲི་60ཡི་ཚད་གཞི་ལྟར་རྫོང་རིམ་པའི་དམངས་ཁྲོད་རིག་རྩལ་ཚོགས་པ་76ལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དོན་འཁྱོལ་བྱས་ཡོད། གྲོང་ཁྱེར་དང་རྫོང་རིམ་པའི་གྲངས་འཛིན་གློག་བརྙན་ཁང་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར་4.5བཀོད་སྒྲིག་བྱས་ཏེ་རིག་དངོས་སྲུང་སྐྱོབ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་9.5བཀོད་སྒྲིག་བྱས་ཏེ་བོད་ལྗོངས་རིག་གནས་རླུང་འཕྲིན་སྒྱུ་རྩལ་ལྟེ་གནས་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་སོགས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད། ཀྲུང་དབྱང་གི་རྒྱན་ཤོག་སྤྱི་ཕན་མ་དངུལ་སོགས་གཅིག་གྱུར་འཆར་འགོད་ཀྱིས་རིགས་འདྲ་མིན་གྱི་ལུས་རྩལ་བྱེད་སྒོ་སྤེལ་བ་དང་། ལུས་སྦྱོང་བྱེད་གནས་འཛུགས་སྐྲུན་བྱེད་པ། དེ་བཞིན་ལུས་རྩལ་ཁང་ཆེ་གྲས་རིན་མེད་དང་རིན་པ་དམའ་བའི་ཐོག་ནས་སྒོ་དབྱེ་རྒྱུ་བཅས་ལ་རྒྱབ་སྐྱོར་བྱས་ཡོད།
7. མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བཏོད་པ། གཙོ་གནད་སྐྱེ་ཁམས་ནུས་པ་ཐོན་ཁུལ་གྱི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་25.93བཀོད་སྒྲིག་བྱས་པ་དང་38.1%འཕར་ཡོད། མ་དངུལ་སྒོར་དུང་ཕྱུར་16.5བཀོད་སྒྲིག་བྱས་ཏེ། ས་ཁད་ཧ་ཅང་མཐོ་བའི་ས་ཁུལ་གྱི་ཞིང་འབྲོག་པའི་སྐྱེ་ཁམས་གནས་སྤོ་དང་། སྤྱི་པའི་སྡོད་ཁང་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱས་ཡོད། ཆུ་བོ་རྒྱུག་ཁུལ་སྟོད་སྨད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྐྱོང་གསབ་ཚོད་ལྟ་བྱེད་པའི་ལས་ཀར་རྒྱབ་སྐྱོར་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་གྱི་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་བཅས་ཀྱི་བརྒྱུད་ཁོངས་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་བྱེད་པའི་ལས་གཞི་དེ་ཀྲུང་དབྱང་ནོར་སྲིད་ནས་ཚོད་ལྟའི་རྒྱབ་སྐྱོར་བྱེད་ཁོངས་སུ་བཅུག་ཡོད། གཞི་རྒྱ་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་སྒྱུར་ལས་འགུལ་དང་། འདམ་ར་སྲུང་སྐྱོབ། ནགས་ལས་ཀྱི་གནོད་འགོག་གེགས་སེལ། རྒྱལ་ཁབ་ཀྱི་གཙོ་གནད་བདག་མེད་སྲོག་ཆགས་སྲུང་སྐྱོབ། རྩྭ་ཐང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་། དེ་བཞིན་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཅས་ཀྱི་མ་ལག་འཛུགས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ཏེ། རང་བྱུང་ནགས་ཚལ་གྱི་སྲུང་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཐད་ཁ་གསབ་རོགས་དངུལ་དང་བྱ་དགའ་སྤྲོད་པ་དང་། ནགས་ཚལ་སྐྱེ་ཁམས་ལ་ཕན་འབྲས་སྐྱོང་གསབ་སྤྲོད་པ། དེ་བཞིན་སྐྱེ་ཁམས་དབུལ་སྒྲོལ་ལས་གནས་ལ་ཁ་གསབ་རོགས་དངུལ་སྤྲོད་པ་བཅས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་ཆ་རྐྱེན་དང་འཚམ་པའི་སྤྱི་ཕན་ནགས་ཚལ་མུའུ་ཁྲི་1300མང་དུ་སོང་བ་དེ་ནགས་ཚལ་སྐྱེ་ཁམས་ཀྱི་སྐྱོང་གསབ་སྤྲོད་ཁོངས་སུ་བཅུག་ནས་སྤྱི་ཕན་ནགས་གླིང་སྲུང་སྐྱོབ་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་གཅིག་གྱུར་ཐོག་མུའུ་རེར་སྒོར་0.3སྤོར་རྒྱུ་ཡིན།
8. ནོར་སྲིད་བསྒྱུར་བཅོས་གཏིང་ཟབ་བྱས་ནས་ཁྲིམས་བཞིན་འབྱོར་སྐྱོང་ནུས་པ་ཆེ་རུ་བཏང་བ། ལས་རྗེས་སྔོན་རྩིས་དང་། གཞི་གསར་སྔོན་རྩིས། དོ་དམ་སྔོན་རྩིས་བཅས་གཞི་གཅིག་ཅན་གྱི“2+1”ནོར་སྲིད་ཀྱི་དོ་དམ་བྱེད་ཕྱོགས་བསྒྱུར་བཅོས་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་བཏང་ཡོད། སྔོན་རྩིས་ལས་རྗེས་ལ་ཕྱོགས་ཡོངས་ནས་དོ་དམ་བྱས་ཏེ། 《སྔོན་རྩིས་ལས་རྗེས་ལ་ཕྱོགས་ཡོངས་ནས་དོ་དམ་བྱེད་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཟོ་འདོན་བྱས་པ་དང་། ནོར་དོན་རྩིས་བཤེར་གྱི་མཉམ་འགུལ་ལམ་སྲོལ་བཙུགས་ཏེ། ལས་རྗེས་དམིགས་ཚད་ལ་ཞིབ་དཔྱད་དང་། ལས་རྗེས་འཁོར་རྒྱུག་ལ་ལྟ་སྡོམ། ལས་རྗེས་ལ་དཔྱད་གདེང་བཅས་གཏིང་ཟབ་བྱས་ཐོག ནོར་སྲིད་ཀྱི་གཙོ་གནད་ལས་རྗེས་ཀྱི་དཔྱད་གདེང་བྱེད་ཁོངས་རྒྱ་ཆེར་བཏང་ནས་དཔྱད་གདེང་བྱས་འབྲས་བཀོལ་སྤྱོད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། གཞི་གསར་སྔོན་རྩིས་ཀྱི་ལྟ་བ་སྤྱད་དེ་གཞི་གྲངས་ཀྱི་གོ་དོན་དང་སྔོན་རྩིས་གཏོང་སྒོ་སྲ་འགྱུར་མཁྲེགས་བཟུང་གི་རྣམ་པ་ལས་འགྲོལ་ཐུབ་ནས་དུས་ཐིམ་སྲིད་ཇུས་ཕྱོགས་ཡོངས་ནས་གཙང་སེལ་གྱིས་ཡུན་རིང་བཀོད་སྒྲིག་དང་། དམིགས་ཚད་མངོན་འགྱུར་བྱུང་ཟིན་པའམ་ཡང་ན་ཕན་ནུས་ཆེན་པོ་མེད་པ་བཅས་ཀྱི་རྣམ་གྲངས་རིགས་དུས་ཐོག་ཏུ་ལེགས་སྒྲིག་དང་མེད་པ་བཟོས་པའམ་ཟླ་སྒྲིལ་བཏང་ཡོད། རང་སྐྱོང་ལྗོངས་རིམ་པ་འདི་གས་ལོ་ཧྲིལ་པོར་གསོག་ཐེབས་ཕན་སྒྱུར་མ་དངུལ་སྒོར་དུང་ཕྱུར་45.6ཡར་བསྡུས་ཡོད། སྔོན་རྩིས་དོ་དམ་བྱེད་རྒྱུར་གཞི་གཅིག་ཅན་གྱི་བསྒྱུར་བཅོས་ལ་དུས་མཚམས་རང་བཞིན་གྱི་ཚོད་ལྟ་བྱེད་པའི་ལས་འགན་ལེགས་འགྲུབ་བྱས་ཤིང་། གཅིག་གྱུར་གྱི་སྔོན་རྩིས་དོ་དམ་ཚད་ལྡན་དང་ལག་རྩལ་ཚད་གཞིའི་མ་ལག་ཅིག་ཆགས་རྒྱུར་སྐུལ་སྤེལ་བཏང་ཡོད། ཚན་རྩལ་དང་། སྤྱི་པའི་རིག་གནས། སྐྱེ་ཁམས་ཁོར་ཡུག་སོགས་ཁྱབ་ཁོངས་ཀྱི་ནོར་སྲིད་དོན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་བ་ཕྱེ་ནས་བསྒྱུར་བཅོས་བྱེད་རྒྱུ་ལེགས་འགྲུབ་བྱས་ཡོད། ནོར་ཤུགས་གཤམ་སྒྱུར་བྱེད་ཤུགས་ཆེ་རུ་བཏང་བ་དང་། གྲོང་ཁྱེར་དང་རྫོང་གི་གཅིག་གྱུར་འཆར་འགོད་དང་སྙོམས་སྒྲིག་བྱེད་པའི་ནུས་པ་ཆེ་རུ་བཏང་ནས“འགན་གསུམ”གྱི་མཐའ་ཚད་སྲུང་ཐུབ་པ་བྱུང་ཡོད། མ་དངུལ་ཐད་གཏོང་ལམ་སྲོལ་དོན་འཁྱོལ་བྱས་ཏེ་ཀྲུང་དབྱང་གི་ཐད་གཏོང་མ་དངུལ་སྒོར་དུང་ཕྱུར་167.99མང་དུ་བཏང་བ་དེ་དག་ཚང་མ་གྲོང་ཁྱེར་དང་། རྫོང་། གཞི་རིམ་བཅས་དང་ཁེ་ལས་དང་དམངས་ལ་ཐད་ཀར་ཕན་པ་བསྐྲུན་རྒྱུའི་ཐད་སྤྱད་ཡོད། གཏོང་མཁས་སྤྱོད་མཁས་ཀྱི་བླང་བྱ་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་ནོར་སྲིད་གཏོང་སྒོར་དོ་དམ་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་ལམ་ལུགས་བཟོས་ཡོད། གཏོང་སྒོའི་གྲུབ་ཆ་ལེགས་སུ་ཤུགས་ཆེ་བཏང་ནས་རང་སྐྱོང་ལྗོངས་རིམ་པ་འདི་གའི་མ་གཏོང་ཀ་མེད་མིན་པ་དང་གཙོ་གནད་མིན་པའི་རྣམ་གྲངས་ཀྱི་གཏོང་སྒོ་16%ཡན་ཉུང་འཕྲི་བྱས་པ་དང་གཞུང་གྲོན་11%ཡན་ཉུང་འཕྲི་བྱས་ཤིང་། ཉུང་འཕྲི་བྱས་པའི་མ་དངུལ་ཚང་མ་གཙོ་གནད་དམངས་འཚོའི་ཁྱབ་ཁོངས་སུ་བཏང་ཡོད། བོགས་མར་བཏང་བ་དང་བེད་མེད་དུ་ལུས་པའི་གཞུང་ཁོངས་རྒྱུ་ནོར་ལ་གཅིག་སྡུད་གཅིག་གྱུར་ཐོག་དོ་དམ་བྱེད་རྒྱུ་བརྟན་པོའི་ངང་སྐུལ་སྤེལ་བཏང་ཡོད། ནུས་ཤུགས་ཡོད་རྒུས་སྔོན་རྩིས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱས་ཏེ། ལོ་འགོའི་སྔོན་རྩིས་ལ་དུས་ཐོག་ཏུ་བཀའ་མཆན་སྤྲད་པ་དང་། སྒྱུར་སྤྲོད་མ་དངུལ་གྱི་སྔོན་རྩིས་གཤམ་འགྲེམས་བྱེད་མགྱོགས་སུ་བཏང་ནས་སྡེ་ཚན་དང་། གྲོང་ཁྱེར། རྫོང་བཅས་ཀྱིས་གང་མགྱོགས་མ་དངུལ་རྣམས་ཞིབ་ཕྲའི་རྣམ་གྲངས་ཐོག་དབྱེ་བགོས་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་མ་དངུལ་གྱི་ཕན་ནུས་དང་སྲིད་ཇུས་ཀྱི་ནུས་པ་སྔ་ཙམ་འདོན་སྤེལ་ཐུབ་པ་བྱས་ཡོད།
ལོ་མཇུག་ཏུ“འགྲོ་སྒོ་མྱུར་གཏོང”བྱེད་རིགས་བཀག་འགོག་མཐའ་གཅིག་ཏུ་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱིས་སྔོན་རྩིས་ལ་ལྟ་སྐུལ་བྱེད་པ་ཁྲིམས་བཞིན་དང་ལེན་ཞུས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་སྔོན་རྩིས་གྲོས་ཆོད་དོན་འཁྱོལ་བྱས་ཡོད། ཞིབ་ཕྲའི་གནད་དོན་ཐག་གཅོད་བྱེད་རྒྱུ་དང་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་མཉམ་དུ་སྐུལ་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་རྩིས་བཤེར་བྱེད་སྐབས་རྩད་བཤེར་ཐུབ་པའི་མངོན་ཆེའི་གནད་དོན་གྱི་བཅོས་སྒྲིག་བྱས་ཚུལ་སྙན་སེང་ཞུས་ཡོད། སྔོན་རྩིས་ལེགས་སྒྲིག་བྱེད་པའི་ལས་དོན་ཁྲིམས་བཞིན་ཡག་པོ་བསྒྲུབས་ཡོད། མི་དམངས་འཐུས་ཚོགས་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ《སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག》སོགས་ཁྲིམས་བཟོའི་ལས་དོན་སྤེལ་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་སྔོན་རྩིས་བཟོ་འགོད་བྱས་ཚུལ་བརྡ་ཁྱབ་ཧུར་ཐག་བཏང་ནས་སྔོན་རྩིས་བཟོ་འགོད་བྱེད་པའི་ལས་དོན་ཟམ་མི་ཆད་པར་ལེགས་བཅོས་དང་འཐུས་སྒོ་ཚང་དུ་བཏང་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་འབྲེལ་མཐུད་འབྲེལ་གཏུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བསམ་འཆར་ཉན་ལེན་གང་ལེགས་བྱས་པ་དང་དོ་ཁུར་བྱེད་པར་འཕྲལ་དུ་ལན་འདེབས་བྱས་ཡོད། རྩིས་བཤེར་ཧྲུའི་རྩིས་བཤེར་ཚོགས་ཆུང་དང་གཞོགས་འདེགས་བྱས་ནས་གལ་ཆེའི་སྲིད་ཇུས་རྗེས་འདེད་དོན་འཁྱོལ་བྱས་ཚུལ་ལ་རྩིས་བཤེར་དང་། དཔལ་འབྱོར་འགན་འཁྲིར་རྩིས་བཤེར། ཐད་གཏོང་མ་དངུལ་ལ་རྩིས་བཤེར་སོགས་བྱེད་པའི་ལས་དོན་སྤེལ་ཡོད། རྩིས་བཤེར་བྱེད་སྐབས་རྩད་འཚོལ་ཐུབ་པའི་གནད་དོན་བཅོས་སྒྲིག་གཟབ་ནན་བྱས་པ་དང་། གཅིག་ཤེས་ཀུན་གྲོལ་དང་ཕྱི་ནང་མཉམ་བཅོས་མཐའ་འཁྱོངས་བྱས་ཏེ་འཚོལ་བཤེར་བྱེད་པ་དང་། སྐྱོན་ཆ་འགོག་བཅོས་བྱེད་པ། སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་ཐད་ཤུགས་བརྒྱབ་ནས་རྐྱེན་མ་བྱུང་གོང་ནས་གནད་དོན་སྔོན་འགོག་ཐུབ་རྒྱུར་འབད་བརྩོན་བྱས་ཡོད། གཏན་འབེབས་ཀྱི་དུས་བཅད་ནང་སྲིད་གཞུང་གི་སྔོན་རྩིས་དང་ངེས་རྩིས་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་པ་དང་སྡེ་ཚན་ཁག་གིས་སྡེ་ཚན་གྱི་སྔོན་རྩིས་དང་ངེས་རྩིས་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་རྒྱུར་སྐུལ་འདེད་བཏང་ཡོད།
2020ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ་ཞིག་ཡིན། ལོ་ལྔའི་ནང་ང་ཚོས་ཧ་ཅང་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུར་བསྐྱོད་ཡོད་ཅིང་། ནོར་སྲིད་བསྒྱུར་བཅོས་དང་གོང་འཕེལ་གཏོང་རྒྱུར་ཡང་གལ་ཆེའི་གྲུབ་འབྲས་གསར་པ་ཐོབ་ཡོད། གཅིག་ནི་ནོར་སྲིད་ཀྱི་དངོས་ཡོད་སྟོབས་ཤུགས་ཆེ་རུ་མངོན་གསལ་དོད་པོ་སོང་ཡོད། ཁྲལ་རིན་གཉིས་ཆག་སྲིད་ཇུས་ལག་ལེན་རྒྱ་ཆེར་བྱས་པའི་གནས་ཚུལ་འོག ལོ་ལྔའི་རིང་ནོར་ཤུགས་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་9430ཟིན་པ་དེ་སྔོན་གྱི་ལོ་ལྔ་དང་བསྡུར་ན་78%འཕར་ཡོད་པས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་དངོས་པོའི་རྨང་གཞི་བརྟན་པོ་བཏིང་ཡོད། གཉིས་ནི་ནོར་སྲིད་གཏོང་སྒོ་རྒྱུན་འཁྱོངས་ཐུབ་ཤུགས་ཆེ་ཙམ་བྱུང་ཡོད། འབབ་བཟོ་གཏོང་མཁས་དང་། གསོག་ཐེབས་ཕན་སྒྱུར། འཕར་འབོར་བེད་སྤྱོད་ཡག་པོ་བཅས་མཐའ་འཁྱོངས་བྱས་པས་ལོ་ལྔའི་ནང་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་9636ཟིན་པ་དེ་སྔོན་གྱི་ལོ་ལྔ་དང་བསྡུར་ན་83.7%འཕར་བ་དང་ལོ་རེར་ཆ་སྙོམས་8.6%འཕར་ཡོད་པས་རང་སྐྱོང་ལྗོངས་ཀྱི་བྱ་གཞག་ཁག་གོང་འཕེལ་གཏོང་བའི་དགོས་མཁོ་འགན་སྲུང་ནུས་ལྡན་ཐུབ་ཡོད། གསུམ་ནི་ཁྲལ་རིན་གཉིས་ཆག་གི་ཤུགས་ཚད་སྔར་ན་མེད་པ་བྱུང་ཡོད། ཆབ་སྲིད་ཀྱི་ཕན་རྐྱེན་དང་ཕུགས་རྩིས་ཡག་པོ་རྒྱག་རྒྱུ་མཐའ་འཁྱོངས་བྱས་པ་དང་གཞི་ཆེའི་ཁྲལ་རིན་གཉིས་ཆག་གི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་པས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་1050ལས་བརྒལ་ནས་ཁྲོམ་རའི་བྱེད་པོ་དང་ཁེ་ལས་ཀྱི་དངོས་གཞིའི་དཔལ་འབྱོར་གོང་འཕེལ་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་པ་དང་། ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དང་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བྱེད་རྒྱུ། ཡུལ་མིའི་འཛད་སྤྱོད་ལ་སྐུལ་སློང་བྱེད་རྒྱུ། ལས་ཞུགས་རྒྱ་ཆེར་གཏོང་རྒྱུ་སོགས་ཀྱི་ཐད་གལ་ཆེའི་ནུས་པ་འདོན་སྤེལ་ཐུབ་ཡོད། བཞི་ནི་དམངས་འཚོའི་བདེ་རྩར་འགན་སྲུང་མཐར་ཕྱིན་བྱས་ཡོད། ལོ་ལྔའི་ནང་ནོར་སྲིད་ལ་དཀའ་ངལ་ག་ཚོད་ཡོད་ཀྱང་དམངས་འཚོའི་གཏོང་སྒོ་འགན་སྲུང་མཐར་ཕྱིན་བྱས་ནས་80%ཡན་གྱི་གཏོང་སྒོ་དམངས་འཚོ་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་སུ་བཏང་ཡོད། ལོ་ལྔའི་ནང་རིམ་རྩིས་བྱས་ན་དབུལ་སྒྲོལ་འགག་སྒྲོལ་གྱི་སྒྲིལ་སྤྱོད་མ་དངུལ་སྒོར་དུང་ཕྱུར་753.88བཏང་ཞིང་། ལོ་རེར་ཆ་སྙོམས་10%འཕར་ནས་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་དང་ཆུས་74ཚང་མ་དབུལ་ཞྭ་ཕུད་ཐུབ་པ་བྱུང་བ་དང་། ཡུལ་སྤོས་དབུལ་སྐྱོར་གྱི་གནས་སྤོ་བྱས་པའི་མང་ཚོགས་ཁྲི་26.6བདེ་བླག་ངང་གནས་སྡོད་ཐུབ་པ་བྱུང་ཡོད། ནོར་སྲིད་ཀྱི་སློབ་གསོའི་ཐད་མ་དངུལ་འཇོག་རྒྱུ“འཕར་བ་ལས་མི་ཆག་པ”གཉིས་རྒྱུན་འཁྱོངས་བྱས་པས་སློབ་གསོའི་གཏོང་སྒོ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་1163.25ཟིན་པ་དང་ལོ་རེར་ཆ་སྙོམས་15%འཕར་བ་དང་། སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་བར་གྱི་སློབ་གསོའི“འགན་ལེན་གསུམ”དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་དུད་ཚང་གི་བུ་ཕྲུག་ལ་སློབ་སྐྱོར་རོགས་དངུལ་སྤྲོད་པའི་སྲིད་ཇུས། ལོ་15སློབ་ཡོན་མི་དགོས་པའི་སློབ་གསོ། འགན་བབས་སློབ་གསོའི་འཚོ་བཅུད་ལེགས་སུ་གཏོང་རྒྱུ་བཅས་ཕྱོགས་མཐའ་ཀུན་ལ་ཁེབས་ཡོད། གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་སོགས་ཀྱི་འགན་སྲུང་ཐུབ་ཚད་ལོ་རེ་བཞིན་མཐོ་རུ་སོང་བ། བསྒྱུར་བཅོས་གོང་འཕེལ་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་མི་དམངས་མང་ཚོགས་ལ་ཕན་པ་ཐོབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཕྱོགས་ཡོངས་ནས་ཆེ་རུ་སོང་ཡོད། དུས་མཚུངས་སྔ་བར་ཕྱི་གསུམ་དུ་སྲིད་གཞུང་གི་གཏོང་སྒོ་འཁོར་རྒྱུག་གི“འཕྲི་ཐབས”དང་མི་དམངས་ཀྱི་འཚོ་བའི་མཁོ་ཆས་བརྗེ་ལེན་བྱེད་པའི“སྣོན་ཐབས”ལ་བརྟེན་རྒྱུ་མཐའ་འཁྱོངས་ཀྱིས“གཞུང་གྲོན་གསུམ”གྱི་འགྲོ་གྲོན་ལོ་རེར་10.7%ཚོད་འཛིན་ཐུབ་ཡོད། ལྔ་ནི་གལ་ཆེའི་འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་སོང་ཡོད། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པས་ཞིང་ནགས་ཆུ་བེད་ཀྱི་གཏོང་སྒོ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་1721.63ཟིན་ཞིང་ལོ་རེར་ཆ་སྙོམས་15.3%འཕར་བ་དང་། ཞིང་འབྲོག་གོང་འཕེལ་གཏོང་རྒྱུ་དང་། ཞིང་འབྲོག་པའི་ཚོ་བ། ཞིང་འབྲོག་ཁུལ་གྱི་རྣམ་པ་བཅས་ལ་འཕོ་འགྱུར་ཆེན་པོ་སོང་ཡོད། རིགས་འདྲ་མིན་གྱི་སྐྱེ་ཁམས་སྐྱོང་གསབ་མ་དངུལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་296.3དོན་འཁྱོལ་བྱས་ཤིང་། མཚོ་བོད་ས་མཐོ་དེ་འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་གནས་གྲས་སུ་གྱུར་ཡོད། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་བས་མཐའ་མཚམས་ས་ཁུལ་གྱི་སྒྱུར་སྤྲོད་མ་དངུལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་76.88ཟིན་པ་དེ་སྔོན་གྱི་ལོ་ལྔ་དང་བསྡུར་ན་114.7%འཕར་བ་དང་། མཐའ་མཚམས་སྲ་བརྟན་དང་དར་རྒྱས་གཏོང་རྒྱུ་དང་། མཐའ་སྲུང་སྲ་བརྟན་ཐད་ཕན་འབྲས་དངོས་ཐོབ་ཡོད། དྲུག་ནི་ནོར་སྲིད་བསྒྱུར་བཅོས་བྱེད་པར་སྐུལ་སྤེལ་གཏིང་ཟབ་བཏང་ཡོད། སྔོན་རྩིས་ལས་རྗེས་ཀྱི་དོ་དམ་བྱེད་ཕྱོགས་ལ་ཕྱོགས་ཡོངས་ནས་བསྒྱུར་བཅོས་བྱས་ཡོད། གཞི་གསར་སྔོན་རྩིས་ཀྱི་ལྟ་བ་སྔར་བས་གང་ལེགས་སྤྱད་ཡོད། སྔོན་རྩིས་དོ་དམ་བྱེད་ཕྱོགས་གཞི་གཅིག་ཅན་གྱི་བསྒྱུར་བཅོས་བྱེད་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཁུལ་ཁོངས་ནོར་སྲིད་དོན་དབང་དབྱེ་འབྱེད་དང་གཏོང་སྒོའི་འགན་འཁྲི་དབྱེ་བགོས་དང་བསྒྱུར་བཅོས་བྱེད་རྒྱུར་མུ་མཐུད་སྐུལ་སྤེལ་བཏང་ཡོད། སྒྱུར་སྤྲོད་མ་དངུལ་བགོ་བཤའ་རྒྱག་ཕྱོགས་དང་དོ་དམ་བྱེད་ཕྱོགས་ཟམ་མི་ཆད་པར་ལེགས་སུ་བཏང་ཡོད། གཞུང་ཁོངས་རྒྱུ་ནོར་གྱི་དོ་དམ་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད།
ལོ་ལྔའི་ནང་བོད་ཀྱིས་ཡུན་རིང་ཐག་གཅོད་བྱེད་དགོས་བསམས་ཀྱང་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་དག་གཅིག་ཐག་གཅོད་བྱས་པ་དང་། དེ་སྔ་སྒྲུབ་དགོས་བསམས་ཀྱང་བསྒྲུབས་མ་ཐུབ་པའི་དོན་ཆེན་མང་དག་ཅིག་བསྒྲུབས་ཐུབ་ནས་བྱ་གཞག་ཁག་ལ་ཕྱོགས་ཀུན་ཚང་བའི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་ཞིག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་རྒྱས་བཤད་ཀྱིས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བའི་འབྲས་བུ་ཞིག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་འབྲས་བུ་ཞིག་བཅས་ཡིན། གྲུབ་འབྲས་དེ་དག་ཐོབ་པ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་འགོ་ཁྲིད་གནང་བ་དང་ཁ་བྲལ་ཐབས་མེད་པ་དང་། མི་དམངས་འཐུས་ཚོགས་དང་སྲིད་གྲོས་དེ་བཞིན་འཐུས་མི་དང་ཨུ་ཡོན་ཚོས་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ལ། རིམ་ཁག་སྡེ་ཚན་ཁག་དང་དེ་བཞིན་ལྗོངས་ཡོངས་ཀྱི་མི་རིཌ་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་གནང་བ་དང་དེ་བས་ཁ་བྲལ་ཐབས་མེད་པ་ཞིག་ཀྱང་ཡིན།
གྲུབ་འབྲས་ལ་ཁས་ལེན་བྱེད་པ་དང་དུས་གཅིག་ཏུ་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་དགོས་པར་ནོར་སྲིད་ལས་དོན་ཐད་ད་དུང་གནད་དོན་དང་འགྲན་སློང་འགའ་འཕྲད་ཡོད་པ་སྟེ། གཙོ་བོ་ནི་ནོར་སྲིད་ཡོང་འབབ་འཕར་སྣོན་འགྲོ་བའི་རྨང་གཞི་བརྟན་པོ་མེད་པ་དང་། གཙོ་གནད་དང་མ་གཏོང་ཀ་མེད་ཀྱི་གཏོང་སྒོ་འཕར་མགྱོགས་ཙམ་ཡོད་པ། ནོར་སྲིད་ཀྱི་གཏོང་ཡོང་འགལ་བ་སྔར་བཞིན་མངོན་གསལ་དོད་པ་བཅས་དང་། ཁུལ་ཁོངས་འགའ་ཞིག་ལ་གཏོང་སྒོ་སྲ་འགྱུར་མཁྲེགས་བཟུང་གི་སྣང་ཚུལ་སྔར་བཞིན་ཡོད་པ་དང་མ་དངུལ་འགའ་ཤས་སྤྱད་པའི་ནུས་ཕྱོད་མཐོ་པོ་མེད་པ། རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་མི་འདེང་བ། སྔོན་རྩིས་དོན་འཁྱོལ་བྱེད་འགོར་བ། “དངུལ་གྱིས་རྣམ་གྲངས་སྒུག་པའི”རིགས་སྔར་བཞིན་ཡོད་པ། སྔོན་རྩིས་ཀྱི་ལས་རྗེས་དམིགས་ཚད་བཟོ་རྒྱུ་ད་དུང་ཚན་རིག་དང་མི་མཐུན་པ། ལས་རྗེས་ལ་རང་དཔྱད་བྱེད་རྒྱུ་ད་དུང་ཡང་དག་དང་ཚད་ལྡན་མེད་པ། ལས་རྗེས་བྱས་འབྲས་བེད་སྤྱོད་བྱེད་ཤུགས་ད་དུང་ཆེ་རུ་གཏོང་དགོས་པ་བཅས་ཡིན། ང་ཚོས་གནད་དོན་དེ་དག་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ནུས་ཤུགས་ཆེན་པོས་བྱ་ཐབས་སྤྱད་དེ་ཐག་གཅོད་བྱེད་རྒྱུ་ཡིན།
གཉིས། 2021ལོའི་སྔོན་རྩིས་འཆར་ཟིན།
2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་འགོ་འཛུགས་པའི་ལོ་ཞིག ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་འཛུགས་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་སྒྲུབ་འགོ་འཛུགས་པའི་ལོ་ཞིག་བཅས་ཡིན་ལ། བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་ལོ་ཞིག་ཀྱང་ཡིན་པས་སྔོན་རྩིས་བཟོ་འགོད་དང་ནོར་སྲིད་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་ཆེན་པོ་ལྡན་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》 《2021ལོའི་ཀྲུང་དབྱང་གི་སྔོན་རྩིས་དང་ས་གནས་ཀྱི་སྔོན་རྩིས་བཟོ་འགོད་བྱེད་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོའི》བླང་བྱ་བཅས་ལ་གཞིགས་པ་དང་། ལོ་འཁོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་དང་། རྒྱལ་ཁབ་ཀྱི་སྤྱི་ཁོག་སྙོམས་སྒྲིག་གི་སྤྱིའི་བླང་བྱ། ཕྱི་ལོའི་སྔོན་རྩིས་དོ་སྙོམས་ཡོང་རྒྱུའི་དགོས་མཁོ་བཅས་གཞིར་བཟུང་། ལོ་གོང་མའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་། འབྲེལ་ཡོད་གཏོང་སྒོའི་ལས་རྗེས་ཀྱི་དཔྱད་ཞིབ་བྱས་འབྲས། ལོ་འཁོར་འདིའི་གཏོང་ཡོང་གི་སྔོན་དཔག་བཅས་ལ་དཔྱད་བསྡུར་བྱས་ཏེ། གཏན་འབེབས་ཀྱི་གོ་རིམ་བཞིན་ཕྱོགས་ཁག་གི་བསམ་འཆར་བསྡུ་ལེན་བྱས་རྗེས་2021ལོའི་སྔོན་རྩིས་འཆར་ཟིན་བཟོ་འགོད་བྱས་ཡོད།
(གཅིག) 2021ལོའི་ནོར་སྲིད་གཏོང་ཡོང་གི་གནས་བབ་ལ་དབྱེ་ཞིབ་བྱས་པ།
ཡོང་འབབ་ཀྱི་ཐད་ནས་བལྟས་ན། 2021ལོར། ཕྱི་ཕྱོགས་ཀྱི་ཁོར་ཡུག་ལ་སྔར་བཞིན་ངེས་གཏན་མེད་པའི་རང་བཞིན་ཤུགས་ཆེ་ཙམ་ཡོད་པ་དང་། དཔལ་འབྱོར་སླར་གསོ་བྱེད་པའི་རྨང་གཞི་ད་དུང་བརྟན་པོ་མེད་པ། ཕྱི་ལོར་ཀྲུང་དབྱང་ནོར་སྲིད་དེ་བས་ཛ་དྲག་པོ་ཡོང་རྒྱུ་ཡིན་པས། མ་གཞི་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་སྲིད། འོན་ཀྱང་ལྗོངས་ཡོངས་ཀྱི་ནོར་སྲིད་ཡོང་འབབ་ཁྱོན་ཡོངས་ཀྱི་འཕར་ཚད་ལ་ཚད་བཀག་འཕོག་རྒྱུ་རེད། གཏོང་སྒོའི་ཐད་ནས་བལྟས་ན། རང་ལྗོངས་ཀྱི་རིམ་ཁག་ནོར་སྲིད་ནས་ནུས་ཤུགས་གང་ཡོད་ཀྱིས་བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས“དོན་ཆེན་བཞི”འགན་སྲུང་བྱེད་དགོས་པ་དང་། འགན་སྲུང་བྱེད་དགོས་ངེས་ཀྱི་གཏོང་སྒོ་མང་ཙམ་ཡོད་པ་དང་གཏོང་སྒོ་མང་དུ་གཏོང་དགོས་པའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད། ཕྱོགས་བསྡུས་དབྱེ་ཞིབ་བྱས་ན། 2021ལོར་ནོར་སྲིད་ཡོང་འབབ་ཀྱི་གནས་བབ་ཛ་དྲག་ཙམ་ཡོང་རྒྱུ་དང་། ནོར་སྲིད་གཏོང་སྒོ་མགྱོགས་མྱུར་འཕར་སྣོན་འགྲོ་རྒྱུ་ཡིན་པས། སྔོན་རྩིས་གཏོང་ཡོང་བཀོད་སྒྲིག་བྱེད་རྒྱུ་སྔར་བཞིན་དོ་མཉམ་ཐུབ་ཙམ་ཡོང་རྒྱུ་ཡིན།
(གཉིས) 2021ལོའི་སྔོན་རྩིས་བཟོ་འགོད་བྱེད་པའི་མཛུབ་སྟོན་བསམ་བློ་དང་རྩ་བའི་རྩ་དོན།
2021ལོའི་སྔོན་རྩིས་བཟོ་འགོད་བྱེད་པའི་མཛུབ་ཁྲིད་བསམ་བློ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་རྒྱས་བཤད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བཅས་བྱས་པ་དང་། ཛ་དྲག་གི་འགྲན་སློང་ཁྲོད་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི“རྩ་བ་ལྔ”ཡི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། “སྤྱི་ཡོངས་གཉིས”སེམས་ལ་བཅངས་པ་བཅས་བྱས་ཏེ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཁྱབ་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཁྱབ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ཐོག བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་ཀྱིས་གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་ཚུགས་པ། གོང་འཕེལ་གྱི་བསམ་གཞི་གསར་པ་ལག་བསྟར་བྱེད་པ། གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ། མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་བྱེད་རྒྱུ་གཙོ་རྐང་དུ་བྱེད་པ། བསྒྱུར་བཅོས་གསར་གཏོད་བྱེད་རྒྱུ་རྩ་བའི་སྒུལ་ཤུགས་སུ་བྱེད་པ། མི་དམངས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་བསྐོང་རྒྱུ་རྩ་བའི་དམིགས་ཡུལ་དུ་འཛིན་པ་བཅས་བྱས་ནས་བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་དང་། གོང་འཕེལ་དང་བདེ་འཇགས་གཅིག་གྱུར་འཆར་འགོད་ཀྱིས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་རྒྱུ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས། དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་མི་སེམས་གཅིག་སྒྲིལ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ་དང་། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། “བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན”བཅས་དོན་ཆེན་བཞིར་དམིགས་ནས་གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ། དཀའ་སྤྱད་འབད་བརྩོན་དང་། གྲོན་ཆུང་ཧུར་བསྲིས། ཞིབ་རྩིས་གནད་འཁེལ་བཅས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་གཞུང་གི་གཏོང་མཁས་སྤྱོད་མཁས་བྱེད་དགོས་པའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། གལ་ཆེའི་འཐབ་ཇུས་ལས་འགན་ལ་ནོར་ཤུགས་ཐད་ནས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྩ་ཆེའི་ནོར་སྲིད་ཀྱི་མ་དངུལ་རྣམས་མཁོ་གལ་ཆེ་སར་སྤྱད་ཐོག རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུ་འགན་ལེན་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་འགན་ལེན། སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་རྒྱུ་འགན་ལེན། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་འགན་སྲུང་བཅས་བྱེད་དགོས། ནོར་སྲིད་ཀྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔོན་རྩིས་ལ་གཅུན་སྡོམ་དང་ལས་རྗེས་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ནོར་སྲིད་ཀྱི་གཏོང་སྒོའི་ནུས་ཕྱོད་ཆེ་རུ་ཧུར་ཐག་གཏོང་དགོས། སྲིད་གཞུང་དབར་གྱི་དོན་དབང་དང་ནོར་དབང་དབྱེ་འབྱེད་བྱེད་སྟངས་ལེགས་སུ་བཏང་ནས་རིམ་ཁག་སྲིད་གཞུང་གི་དོན་དབང་དང་། གཏོང་སྒོའི་འགན་འཁྲི། ནོར་ཤུགས་ཕན་ཚུན་འཚམ་མཐུན་བཅས་ཀྱི་ལམ་ལུགས་བརྟན་པོ་ཞིག་ཆགས་པ་བྱེད་དགོས། ས་གནས་ཀྱི་སྲིད་གཞུང་བུ་ལོན་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་ཧུར་ཐག་བྱེད་དགོས།
གོང་གསལ་གྱི་མཛུབ་སྲིད་བསམ་བློ་གཞིར་བཟུང་། སྔོན་རྩིས་བཟོ་འགོད་བྱེད་སྐབས་གཙོ་གནད་ཁོང་དུ་ཆུད་པ་བྱེད་དགོས་པའི་རྩ་དོན་གཤམ་གསལ། གཅིག་ནི་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབ་རྒྱུ་དཔེ་བསྡུར་ཚད་འཛིན་བྱེད་དགོས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་ནན་པོར་གཞིགས་ནས་ནོར་སྲིད་ཀྱིས་འགན་སྲུང་བྱེད་དགོས་པའི་དོན་གནད་རེ་རེ་བཞིན་གསེད་བཀྲོལ་བྱས་ཏེ“འགན་སྲུང་བྱེད་དགོས་ངེས་རིགས་ཆ་ཚང་འགན་སྲུང་བྱས་ནས་དོན་གནད་གཅིག་ཀྱང་ཆད་ལུས་མི་ཐེབས་པ”བྱེད་དགོས། གཉིས་ནི་སྤྱིར་བཏང་རིགས་ཚོད་འཛིན་བྱས་ནས་གཙོ་གནད་རིགས་འགན་སྲུང་བྱེད་དགོས་པ། 2020ལོར་ཚོད་འཛིན་བྱེད་རྒྱུ་རྩ་བའི་ཆར་3%གཞིར་བཟུང་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་སྔར་བས་ཉུང་དུ་བཏང་བ་དང་། རྒྱལ་ཁབ་ཀྱི་གལ་ཆེའི་འཐབ་ཇུས་ལས་འགན་ལ་ནོར་ཤུགས་ཐད་ནས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ། ནུས་ཤུགས་གང་ཡོད་ཀྱིས་བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས“དོན་ཆེན་བཞི”དམ་འཛིན་ཡག་པོ་བྱེད་རྒྱུར་དམིགས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གཏན་འཁེལ་བྱས་པའི་གཙོ་བོའི་ལས་དོན་ཁག་9ཡི་ཐད་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱས་ཡོད། གསུམ་ནི་གཞི་གསར་ཤུགས་ཆེར་བཏང་སྟེ་ལས་རྗེས་མངོན་ཆེར་བཟུང་དགོས་པ། གོ་རིམ་ལྡན་པའི་ངང་གཏོང་སྒོ་སྲ་འགྱུར་གྱི་རྣམ་པ་ལས་བརྒལ་བར་བྱས་ཏེ། ངོ་བོའི་རང་བཞིན་ལྡན་པའི་ངང་ནོར་སྲིད་རྩིས་བཤེར་མཉམ་འགུལ་གྱིས་ལས་རྗེས་ལ་དོ་དམ་བྱེད་རྒྱུར་སྐུལ་འདེད་བཏང་ཐོག སྔོན་རྩིས་བཀོད་སྒྲིག་བྱེད་རྒྱུ་དེ་སྔོན་རྩིས་ཀྱི་ལས་རྗེས་དང་། རྩིས་བཤེར་བཅོས་སྒྲིག གཏོང་སྒོའི་མྱུར་ཚད་བཅས་དང་ཟུང་སྦྲེལ་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི་ནི་གཞི་རིམ་ལ་འཕར་གཟིགས་བྱས་ཏེ་ཉེན་ཁར་འགོག་ཟོན་བྱེད་དགོས་པ། ནོར་ཤུགས་གཤམ་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས“འགན་སྲུང་གསུམ”གྱི་མཐའ་ཚད་སྲུང་རྒྱུ་མཐའ་འཁྱོངས་བྱེད་དགོས། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་ཉེན་ཁ་སེལ་བའི་ལས་ཀར་དམ་འཛིན་བྱེད་དགོས་པ་བཅས་ཡིན།
(གསུམ)2021ལོའི་ནོར་སྲིད་སྔོན་རྩིས་བཀོད་སྒྲིག་གི་གཙོ་གནད།
རང་སྐྱོང་ལྗོངས་ཀྱི་སྤྱིའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་གཤམ་གསལ་ཁྱབ་ཁོངས་ཀྱི་ལས་དོན་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱེད་རྒྱུ་སྟེ།
1. ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་སྐྱེད་གཏིང་ཟབ་གཏོང་རྒྱུ་ཡིན་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་1.8བཀོད་སྒྲིག་བྱེད་རྒྱུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བར་རྒྱབ་སྐྱོར་བྱས་ཏེ་ལྗོངས་ཡོངས་སུ་སྤྱི་སྤྱོད་སྐད་ཡིག་གི་ཆུ་ཚད་དང་གདང་རིམ་ཚད་ལེན་ས་ཚིགས་ཁག་18འཛུགས་རྒྱུ། སྤྱི་པའི་རིག་གནས་ཞབས་ཞུའི་ནོར་སྲིད་ཀྱི་འགན་སྲུང་ལམ་སྲོལ་ཚགས་ཚུད་དུ་བཏང་སྟེ་རིག་གནས་དམངས་ཕན་ལས་གྲྭའི་ཁེབས་རྒྱ་དང་དུས་ནུས་རང་བཞིན་ཆེ་རུ་གཏོང་རྒྱུ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་4.2བཀོད་སྒྲིག་བྱས་ཏེ་སྤྱི་པའི་རིག་གནས་བྱེད་སྒོ་ཁང་རིན་མེད་སྒོ་དབྱེ་བྱེད་རྒྱུ་མུ་མཐུད་ལག་བསྟར་བྱས་ནས་གྲོང་ཚོའི་རིག་གནས་ཁང་འཛུགས་སྐྲུན་བྱེད་པ་དང་། དམངས་ཁྲོད་སྒྱུ་རྩལ་ཚོགས་པ། གྲོང་ཚོའི(སྡེ་ཁུལ)རིག་རྩལ་འཁྲབ་སྟོན་རུ་ཁག་བཅས་ལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུ། རིག་རྩལ་གསར་རྩོམ་བྱེད་པར་རྒྱབ་སྐྱོར་བྱས་ཏེ་བརྩམས་ཆོས་སྤུས་དག་སྔར་ལས་མང་བ་འདོན་པར་སྐུལ་མ་གཏོང་རྒྱུ། རང་སྐྱོང་ལྗོངས་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་སོགས་གཙོ་གནད་རིག་གནས་རྣམ་གྲངས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དྲིལ་བསྒྲགས་བྱེད་སྒོའི་འགྲོ་གྲོན་འགན་སྲུང་ཡག་པོ་བྱེད་རྒྱུ། ཆོས་ལུགས་བྱ་བར་ཁྲིམས་བཞིན་དོ་དམ་བྱེད་པར་རྒྱབ་སྐྱོར་བྱས་ཏེ་དགོན་སྡེའི་ནོར་ཁྲལ་ལྟ་སྡོམ་སོགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ།
2. འཕེལ་ལམ་གསར་པ་གཏོད་པར་རྒྱབ་སྐྱོར་བྱེད་རྒྱུ། ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་རྒྱུ། ཚན་རྩལ་ཐད་ཀྱི་མ་འཇོག་བྱེད་ལམ་བསྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་བ་དང་རྨང་གཞིའི་ཞིབ་འཇུག་ཐད་མ་འཇོག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་གསར་གཏོད་ཀྱི་འབྲས་བུ་དངོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ། ལྷ་སའི་མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་ལྟེ་གནས་དང་། བོད་ལུགས་གསོ་རིག་ཞིབ་འཇུག་ལྟེ་གནས། ནུས་རྒྱུ་གཙང་མའི་ལག་རྩལ་གསར་གཏོད་ལྟེ་གནས་སོགས་ཚན་ཞིབ་ལས་ཁུངས་བསྐྲུན་པར་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུ། བཀོལ་སྤྱོད་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཚན་རྩལ་ཁྲིད་སྟོན་བྱེད་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་2.91བཀོད་སྒྲིག་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་ཚན་རྩལ་འགག་སྒྲོལ་དང་རིག་མཛོད་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩའི་ཁུལ་ཁོངས་གསར་གཏོད་དང་གོང་འཕེལ་གཏོང་བའི་མཉམ་སྦྲེལ་ཐེབས་རྩ་དང་མཉམ་ལས་གཏིང་ཟབ་བྱེད་རྒྱུ། མཉམ་སྦྲེལ་མཉམ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་153.9བཀོད་སྒྲིག་བྱས་ཏེ་ནག་ཆུ་ནས་ལྷ་ས་བར་གྱི་རིམ་མཐོའི་གཞུང་ལམ་དང་ལྷ་ས་ནས་གཞིས་རྩེ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་སོགས་ཀྱི་གཙོ་གནད་འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། གཞུང་ལམ་བདག་སྐྱོང་དང་ཉམས་གསོ་ཆེ་འབྲིང་བྱེད་པར་མ་དངུལ་སྒོར་དུང་ཕྱུར་23བཀོད་སྒྲིག་བྱེད་རྒྱུ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་2.5བཀོད་སྒྲིག་བྱེད་མང་དུ་བཏང་སྟེ་ཧྥུའུ་ཉུང་བདེ་འཕྲོད་འཐུང་ཇ་ཁྱབ་གདལ་གཏོང་བར་ཁ་གསབ་སྤྲོད་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ། བོད་ནས་འཛུལ་ཐོན་བྱེད་པའི་སྤ་སེར་གཟིགས་སྐྱོང་ཁ་གསབ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། དམངས་སྤྱོད་མཁའ་འགྲུལ་གོང་འཕེལ་གཏོང་བའི་ཆེད་དམིཌ་མ་དངུལ་སྒོར་དུང་ཕྱུར་2.96བཀོད་སྒྲིག་བྱས་ཏེ་འཕུར་སྐྱོད་ལམ་ཐིག་མང་དུ་བཏང་བ་སོགས་ལ་བྱ་དགའ་ཁ་གསབ་སྤྲོད་རྒྱུ།
3. དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་མཐུད་སྦྲེལ་ནུས་ལྡན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། “མི་འདོར་བ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་རྒྱུན་འཁྱོངས་ཀྱིས་དབུལ་པོ་བསྐྱར་ལོག་མི་ཐེབས་པ་བྱེད་རྒྱུར་ལྟ་ཞིབ་ཚད་ལེན་བྱེད་པ་དང་ཡུལ་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ཡག་པོ་བྱེད་པར་རྒྱབ་སྐྱོར་བྱས་ཏེ་དབུལ་སྒྲོལ་མི་འབོར་དང་བལྟོས་བཅས་དབུལ་པོའི་ཡོང་འབབ་འཕར་སྣོན་ཡོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ། ཞིང་འབྲེལ་མ་དངུལ་གཅིག་གྱུར་འཆར་འགོད་དང་སྒྲིལ་སྤྱོད་བྱེད་པའི་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་སྟེ།
དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་ཟུང་འབྲེལ་ནུས་ལྡན་བྱེད་རྒྱུར་སྐུལ་འདེད་བཏང་ནས་ནོར་སྲིད་མ་འཇོག་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་དམིགས་ཚད་ལས་འགན་ཕན་ཚུན་འཚམ་མཐུན་ཡོང་བ་བྱེད་རྒྱུ། ཞིང་འབྲེལ་གྱི“དམངས་ཕན་བྱ་ཐབས་ཁག་བཅུ”སྲ་བརྟན་གཏོང་བ་དང་ལག་བསྟར་བྱས་ཏེ་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཞིང་ལས་དང་། ཆུ་བེད། དབུལ་སྐྱོར་སོགས་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་261བཀོད་སྒྲིག་དང་10%འཕར་རྒྱུ་ཡིན་ཞིང་། དེའི་ནང་དབུལ་སྐྱོར་གྱི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་89.7དང་། ཞིང་ལས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་48.9 ཆུ་བེད་བསྒྱུར་བཅོས་དང་གོང་འཕེལ་གཏོང་བའི་མ་དངུལ་སྒོར་དུང་ཕྱུར་21.4བཅས་ཡིན། གྲོང་གསེབ་དར་རྒྱས་གཏོང་རྒྱུའི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་10བཀོད་སྒྲིག་བྱེད་མང་དུ་གཏོང་རྒྱུ། རིན་གོང་དམའ་ཤོས་ཀྱི་ནས་ཉོ་སྒྲུབ་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ། མཛོད་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་གི་འཐབ་ཇུས་དོན་འཁྱོལ་བྱས་ནས་རྨོ་ཞིང་སྲུང་སྐྱོབ་བྱེད་པ་དང། སྤུས་ཚད་མཐོ་རུ་གཏོང་བ། དེང་རབས་འདེབས་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ། མུའུ་ཁྲི་20ཡི་གཟན་རྩྭ་བསྐྱར་འདེབས་དང་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་120རྒྱ་ཆེ་རུ་དང་ལེགས་སུ་བཏང་ནས་སོག་མ་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཚོད་ལྟ་མུ་མཐུད་སྤེལ་རྒྱུ། སྲིད་ཇུས་རང་བཞིན་གྱི་ཞིང་འབྲེལ་འགན་བཅོལ་ནང་གསོ་ཚགས་ལས་རིགས་ཀྱི་འཇལ་གྲོན་ཚད་གཞི་2%ཡིན་པ་ནས་3%ལ་སྤོར་རྒྱུ། གྲོང་གསེབ་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ་རོགས་སྐྱོར་བྱ་ཡུལ་གྱི་ཁོངས་སུ་བཅུག་པའི་གྲོང་ཚོར་སྒོར་ཁྲི་50ཡི་ཚད་གཞི་ལྟར་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་གཏོང་བར་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུ། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ཀྱི་ལས་གཉེར་འགྲོ་གྲོན་འགན་སྲུང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་ཐོབ་ཆ་དང་ལས་རྗེས་དཔྱད་ཞིབ་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུ། དམངས་ཕན་ཞིང་ཕན་གྱི་ཁ་གསབ་མ་དངུལ་ལ“གཱ་གཅིག་ཀུན་འཐུས”ཀྱི་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ“གསལ་ཐོ་གཅིག་གིས་ལམ་ལུགས་འཐུས་པ”དང“ལས་སྟེགས་གཅིག་གིས་གཏོང་སྤྲོད་འཐུས་པ”མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ།
4.ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་དོ་སྣང་བྱེད་པ་དང་། ནང་མཁོའི་མ་ལག་གང་མགྱོགས་འཛུགས་སྐྱོང་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། གཞི་རྩའི་འཛུགས་སྐྲུན་གྱི་མ་དངུལ་དང་ས་གནས་སྲིད་གཞུང་གི་བུན་ལོར་མ་དངུལ་བེད་སྤྱོད་ཡག་པོ་གཏོང་བ། མ་འཇོག་གྲུབ་ཆ་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཞིང་ལས་དང་གྲོང་གསེབ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། གནོད་འགོག་གེགས་སེལ། དམངས་འཚོ་འགན་སྲུང་སོགས་ཁྱབ་ཁོངས་ཀྱི་ཞན་ཆ་སེལ་རྒྱུའི་ཐད་གཙོ་གནད་དུ་བེད་སྤྱོད་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་16.88བཀོད་སྒྲིག་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་སྤེལ་རྒྱུའི་ཐད་སྤྱོད་རྒྱུ། མ་དངུལ་སྒོར་དུང་ཕྱུར་1བཀོད་སྒྲིག་བྱེད་མང་དུ་བཏང་ནས་ཞབས་ཞུ་ཉོ་སྒྲུབ་བྱེད་པ་དང་། རྣམ་གྲངས་ལ་ཁ་གསབ་རོགས་དངུལ་སྤྲོད་པ། གྲགས་རྟགས་ལ་བྱ་དགའ་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ“ས་གོ་ལའི་གླིང་སྣེ་གསུམ་པའི”ཁུལ་ཁོངས་ཀྱི་སྤྱི་པའི་གྲགས་རྟགས་གཏོད་པར་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་2.1བཀོད་སྒྲིག་བྱས་ཏེ་ཡུལ་སྐོར་དང་རིག་གནས་ཐོན་ལས་གོང་འཕེལ་གཏོང་བ་དང“དགུན་དུས་བོད་དུ་ཡུལ་སྐོར”བྱེད་པའི་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ། གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཅིག་གྱུར་འཆར་འགོད་ཀྱིས་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་བྱེད་པར་རྒྱབ་སྐྱོར་བྱས་ཐོག གཉེར་སྐྱོང་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་ལ་གཅིག་གྱུར་ལྟ་སྡོམ་བྱེད་པར་སྐུལ་འདེད་གཏོང་རྒྱུ།
5.བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། ཁྲལ་རིན་གཉིས་ཆག་ཡོང་བར་རྒྱུན་མཐུད་སྐུལ་སྤེལ་གཏོང་བ་དང་། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་པ། ཁེ་ལས་སྲ་བརྟན་གཏོང་རྒྱུ་དང་ལས་གནས་མང་དུ་གཏོང་རྒྱུ། དེ་བཞིན་ལས་ཞུགས་འགན་སྲུང་བྱེད་རྒྱུ་བཅས་ལ་དམིགས་པ། གཞི་ཁྱོན་ཆུང་བའི་དཔྱ་ཁྲལ་འཇལ་མཁན་གྱི་གནས་ཐང་འཕར་ཁྲལ་ཆག་ཡང་དང་རྩ་ཆག་ཏུ་གཏོང་བ་དང་དུས་མཚམས་རང་བཞིན་གྱིས་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཆག་ཡང་གཏོང་བ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་རྒྱུན་མཐུད་དོན་འཁྱོལ་བྱེད་པ། སློབ་ཆེན་ཐོན་པའི་སློབ་མ་སོགས་གཙོ་གནད་མི་ཚོགས་དང་དམག་ཞབས་ཐིམ་པའི་དམག་མི་ལས་གཏོད་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ཁྲལ་རིན་ཐད་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་པ་བཅས་བྱས་ཏེ་སྲིད་ཇུས་ཀྱི་ཁེ་བབ་ཐད་ཀར་ཁྲོམ་རའི་བྱེད་པོར་རག་པ་དང་ཐད་ཀར་ཁེ་ལས་དང་མང་ཚོགས་ལ་ཕན་པ་ཐོབ་པ་བྱེད་རྒྱུ། ནོར་སྲིད་མ་དངུལ་ཐད་གཏོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མ་དངུལ་ལ་དོ་དམ་ནན་པོ་བྱེད་ཐུབ་པ་དང་། སྟབས་བསྟུན་ངང་གཏོང་ཐུབ་པ། བེད་སྤྱོད་གནད་ལ་འཕིགས་པ་བཅས་བྱས་ཐོག་ཐད་གཏོང་ལམ་སྲོལ་གྱི་སྲིད་ཇུས་ཕན་འབྲས་ཆེ་རུ་གཏོང་རྒྱུ། རིམ་ཁག་སྲིད་འཛིན་བྱ་གཞག་གིས་གླ་རིན་བསྡུ་རིགས“མེད་པ་བཟོ་བར”མུ་མཐུད་སྐུལ་སྤེལ་གཏོང་རྒྱུ། “ཐོན་ལས་ཆེན་པོ་བདུན”ལ་དམིཌ་པ་དང་། ནོར་སྲིད་མ་དངུལ་གྱི་སྣེ་འདྲེན་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། ཐོན་ལས་མ་ལག་གང་མགྱོགས་གོང་འཕེལ་གཏོང་བ་བཅས་བྱས་ཏེ། དངོས་ཚན་དཔལ་འབྱོར་གོང་འཕེལ་དང་དཔལ་འབྱོར་མ་ལག་ལེགས་སྒྱུར་རིམ་སྤོར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། ཚོང་དང་མ་རྩ་འདྲེན་འགུགས་ཀྱི་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་5བཀོད་སྒྲིག་བྱེད་རྒྱུ། དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞིང་། ཁེ་ལས་ཆུང་འབྲིང་གོང་འཕེལ་གཏོང་བའི་ཆེད་དམིཌ་མ་དངུལ་སྒོར་དུང་ཕྱུར་3དང་མ་དངུལ་བསྡུ་རྒྱུག་གི་ཉེན་ཟོན་སྐྱོང་གསབ་ཐེབས་རྩ་སྒོར་དུང་ཕྱུར་3བཀོད་སྒྲིག་བྱེད་རྒྱུ། ཚོང་དོན་འཁོར་རྒྱུག་དང་། ཚོང་ལས་ཞབས་ཞུའི་ལས་རིགས། ཕྱི་ཕྱོཌ་ཉོ་ཚོང་བཅས་གོང་འཕེལ་གཏོང་བའི་མ་དངུལ་སྒོར་དུང་ཕྱུར་1.3བཀོད་སྒྲིག་བྱེད་རྒྱུ།
6.མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བརྟན་པོ་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ། དཔལ་འབྱོར་གོང་འཕེལ་གྱི་ལས་ཞུགས་ཁྲིད་ཕྱོགས་མཐའ་འཁྱོངས་ཀྱིས་ལས་ཞུགས་ཀྱི་ཁ་གསབ་མ་དངུལ་དང་། ལས་རིགས་རྩལ་ནུས་ཆེར་གཏོང་གི་ལས་འགུལ་མ་དངུལ། ལས་ཤོར་འགན་བཅོལ་ཐེབས་རྩ་སོགས་གཅིག་འགྱུར་འཆར་འགོད་ཀྱིས་བེད་སྤྱོད་གང་ལེགས་བྱེད་རྒྱུ་ཡིན་ཞིང་། ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཏེ་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཞུགས་ཐུབ་ཚད་ཆེ་རུ་གཏོང་བ། ལས་ཞུགས་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་རྒྱུ། སློབ་ཆེན་ཐོན་པའི་སློབ་མ་ལས་ཞུགས་ལས་གཏོད་བྱེད་པར་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུ། ཞིང་འབྲོག་པ་གནས་སྒྱུར་ལས་ཞུགས་ཀྱིས་རྩལ་རིག་འཕེལ་བར་བྱེད་པའི་འཆར་གཞི་ལག་བསྟར་བྱས་ཏེ། མངག་ཐོ་དང་། འདེམས་ཐོ། ལས་ཐོ་བཅས“ཐོ་གསུམ་རྣམ་པའི”སྦྱོང་བརྡར་སྤྲོད་པ་དང“ལས་བརྟེན་སྦྱོང་སྤྲོད”ལ་སྐུལ་སྤེལ་གཏོང་རྒྱུ། གུད་གསབ་ལས་སྤྲོད་བྱེད་རྒྱུ་ཁྱབ་གདལ་ཧུར་ཐག་བཏང་སྟེ་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བར་བྱེད་རྒྱུ་དང་། རྣམ་གྲངས་འཛུགས་སྐྲུན་བྱས་པར་བརྟེན་ནས་ཡོང་འབབ་དམའ་བའི་མི་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་6.7བཀོད་སྒྲིག་བྱས་ནས་དཀའ་ངལ་ཡོད་པའི་མི་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱས་ནས་ལས་ཞུགས་པ་མེད་པའི་ཁྱིམ་ཚང་ལ་བབ་བསྟུན་ལས་ཞུགས་པ་ཡོད་པ་བཟོ་རྒྱུ། གྲོང་གསེབ་དར་རྒྱས་གཏོང་བའི་ཆེད་བསྐོས་མི་སྣ་དང“རིགས་བཞིའི་མི་སྣའི”ཐོབ་ཐང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་རྒྱུ། སློབ་གསོ་གོང་འཕེལ་གཏོང་བའི་སྤུས་ཚད་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། “གོང་མཐོར་གཏོང་རྒྱུ་དྲུག”གི་དམིགས་ཚད་ལ་དམིགས་ནས། སློབ་གསོའི་ཐད་མ་དངུལ་འཇོག་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་རིམ་ཁག་དང་རིགས་ཁག་གི་སློབ་གྲྭ་བསྒྱུར་བཅོས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། སློབ་གསོའི་བྱ་གཞག་གི་འགྲོ་གྲོན་སྒོར་དུང་ཕྱུར་236.83བཀོད་སྒྲིག་བྱས་ནས་12%འཕར་བ་བྱ་རྒྱུ། སློབ་གསོའི“འགན་ལེན་གསུམ”དང་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས། དེ་བཞིན་འགན་བབས་སློབ་གསོའི་འཚོ་བཅུད་ལེགས་སུ་གཏོང་རྒྱུའི་འཆར་འགོད་བཅས་མུ་མཐུད་ལག་བསྟར་བྱེད་རྒྱུ། དགེ་རྒན་གྱི་ནུས་པ་དང་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། དགེ་རྒན་ལ་སྦྱོང་བརྡར་སྤྲོད་རྒྱུའི་འགྲོ་གྲོན་སྒོར་ཁྲི་8035བཀོད་སྒྲིག་བྱེད་རྒྱུ། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ཕྱོགས་ཡོངས་ནས་གོང་མཐོར་གཏོང་རྒྱུ་ཡིན་ཞིང་། འབྲིང་རིམ་ལས་རིགས་སློབ་གསོ་དང་། སློབ་འབྲིང་། སློབ་ཆུང་བཅས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་འགྲོ་གྲོན་ཚད་གཞི་སློབ་མ་རེར་ཆ་སྙོམས་སྒོར་20སྤོར་རྒྱུ་དང་། སློབ་ཆེན་སློབ་མ་རེར་ཆ་སྙོམས་སྒོར་30སྤོར་རྒྱུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོའི་དཔེ་སྟོན་སློབ་གྲྭ་གཏོད་པར་རྒྱབ་སྐྱོར་བྱེད་རྒྱུ། མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མའི་སྤྱི་སྤྱོད་འགྲོ་གྲོན་གྱི་ཚད་གཞི་སྒོར་100སྤོར་རྒྱུ་དང་དེའི་རྨང་གཞིའི་ཐོག་མཐའ་མཚམས་ས་ཁུལ་སློབ་གྲྭའི་སློབ་ཡོན་མི་དགོས་པའི་སློབ་གསོ་དང་སྤྱི་སྤྱོད་འགྲོ་གྲོན་གྱི་ཚད་གཞི་སླར་ཡང་སྒོར་50སྤོར་རྒྱུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཕྱོཌ་ཡོངས་ནས་ཁྱབ་གདལ་གཏོང་བའི་སློབ་གསོ་དང་སྦྱོང་བརྡར་སྤྲོད་པར་རྒྱབ་སྐྱོར་བྱེད་རྒྱུ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དང་། ལག་རྩལ་སློབ་གླིང་འཛུགས་སྐྲུན་བྱེད་པར་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུ། སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ།
བདེ་ཐང་བོད་ལྗོངས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། ནད་ཡམས་ཀྱི་རྒྱུན་གཏན་ཅན་གྱི་སྔོན་འགོག་ཚོད་འཛིན་ལམ་སྲོལ་ཚགས་ཚུད་དུ་གཏོང་བ་དང་སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ། སྤྱི་པའི་འཕྲོད་བསྟེན་མ་ལག་དང་སྨན་བཅོས་སྲོག་སྐྱོབ་ནུས་པ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། བདེ་ཐང་བོད་ལྗོངས་འགན་སྲུང་བྱེད་པ་སོགས་ལས་གཞི“ཆེན་པོ་གསུམ”ལག་བསྟར་བྱས་ནས་སྤྱི་པའི་འཕྲོད་བསྟེན་མ་ལག་གི་ཞན་ཆ་གསབ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་སྒོར་615བར་སྤོར་རྒྱུ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཚབས་ཆེའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ། ས་ཁད་མཐོ་བའི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་ཆེད་ལས་ལག་རྩལ་མི་སྣའི་དམིགས་བསལ་ལས་གནས་ལ་བྱ་དགའ་ཁ་གསབ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་རྒྱུ། གཞུང་བཙུགས་སྨན་ཁང་བསྒྱུར་བཅོས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། བོད་རང་སྐྱོང་ལྗོངས་སྨན་ཁང་དང་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་སོགས་དམངས་འཚོའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། ལེགས་བཙའ་ལེགས་གསོའི་དམིགས་བསལ་ཁྱིམ་ཚང་ལ་དམིགས་བསལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ། བོད་ལུགས་གསོ་རིག་བྱ་གཞག་གོང་འཕེལ་དང་རྒྱུན་འཛིན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ལྗོངས་ཡོངས་ལ་ཁེབས་པ། འདྲ་མཉམ་གཅིག་གྱུར་ཡིན་པ། རྒྱུན་མཐུད་རུང་བ་བཅས་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་འགན་བཅོལ་དང་། སྤྱི་ཚོགས་རོགས་སྐྱོབ། སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་གོད་གསོས་གཟིགས་སྐྱོང་སོགས་ལ་འགན་སྲུང་ཡག་པོ་བྱས་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་གཏོང་རྒྱུ། ལས་འཁྱུར་མི་སྣའི་གཞི་རྩའི་རྒན་གསོའི་མ་དངུལ་མུ་མཐུད་སྤོར་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་ཐོབ་ཐང་རྒྱུན་གཏན་ལྟར་ལེགས་སྒྲིག་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། རྨང་གཞིའི་རྒན་གསོའི་མ་དངུལ་གྱི་ཚད་གཞི་སླར་ཡང་ཟླ་རེར་མི་རེར་ཆ་སྙོམས་སྒོར་15ཡན་སྤོར་རྒྱུ། བུ་བཙའི་འགན་བཅོལ་དང་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གཉིས་ཟླ་སྒྲིལ་བཏང་རྗེས་ཀྱི་འབྲེལ་ཡོད་ལམ་ལུགས་དང་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་འཚོ་བ་འགན་སྲུང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ཁག་སོ་སོར་མི་རེར་ཟླ་རེར་སྒོར་910དང་མི་རེར་ལོ་རེར་སྒོར་5060ལ་སྤོར་རྒྱུ་དང་། གཅིག་སྡུད་ཐོག་འཚོ་སྐྱོང་དང་གྲོང་ཁྱེར་ནང་ཁ་གྲེམ་འཚོ་སྐྱོང་བྱེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་དེ་སྒོར་14196ལ་མཐོ་རུ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་ཁ་གྲེམ་འཚོ་སྐྱོང་བྱེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་དེ་སྒོར་7590ལ་སྤོར་རྒྱུ། “རྒན་གྲས་གསུམ”གྱི་མི་སྣ་དང་། དྭ་ཕྲུག དབང་པོ་སྐྱོན་ཅན་སོགས་རིགས་གྲས་ལ་འཚོ་སྣོན་སྤྲོད་པའི་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱེད་རྒྱུ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་36དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་གྱི་ཁང་པ་ཆ་ཚང་5432སྒྱུར་བཀོད་བྱེད་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་ལ་བོགས་ལེན་ཁང་པར་ཁ་གསབ་སྤྲོད་པའི་ཚད་གཞི་མཐོ་རུ་གཏོང་རྒྱུ། ལས་ཤག་རྒྱག་པར་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་51.5བཀོད་སྒྲིག་བྱས་ཏེ། དམག་དཔུང་གི་ལས་སྒྱུར་ལས་བྱེད་པ་དང་། དམག་དཔུང་ནས་ས་གནས་ལ་བཀོད་སྒྲིག་བྱེད་རྒྱུར་རྩིས་སྤྲད་པའི་ལས་བྲལ་ལས་འཁྱུར་མི་སྣའི་ཐོབ་ཐང་གི་འགྲོ་གྲོན་འགན་སྲུང་ཡག་པོ་བྱེད་རྒྱུ།
7.སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་རྒྱབ་སྐྱོར་བྱེད་རྒྱུ། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་བསམ་གཞི་དོན་གཉེར་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་དར་རྒྱས་འགྲོ་བ་བྱེད་རྒྱུ་དེ་སྔར་ལས་མངོན་གསལ་དོད་པའི་གནས་སུ་བཞག་ཐོག རྒྱུན་ཆད་མེད་པར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ། སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ཡིན་ཞིང་། མ་དངུལ་སྒོར་དུང་ཕྱུར་5.91བཀོད་སྒྲིག་བྱས་ནས་གནམ་སྔོན་པོ་དང་། ཆུ་དྭངས་མ། ས་གཙང་མ་བཅས་སྲུང་ཐབས་བྱེད་པར་གཙོ་གནད་དུ་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་24.5བཀོད་སྒྲིག་བྱས་ནས་རེས་སྐོར་གསར་པའི་རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་འགྱུར་རྒྱུའི་བྱ་སྤྱོད་སྤེལ་བ་དང“གཙང་གཉིས་དང་ཆུ་བཞི”རྒྱུག་ཁུལ་དུ་ནགས་བཟོ་སྔོ་འགྱུར་དང་། བྱེ་སྐྱོན་འགོག་བཅོས། རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་། ཞན་འགྱུར་འདམ་ར་བཅོས་སྐྱོང་བཅས་བྱེད་པའི་གཙོ་གནད་ལས་གྲྭ་ལག་བསྟར་བྱེད་རྒྱུ་དང་། ས་བབ་མཐོ་ཚད་སྨི་4300མན་ཆད་ཀྱི“འགྲམ་བཞིའི”ཤིང་འཛུགས་ལས་འགུལ་སྤེལ་བར་སྐུལ་འདེད་གཏོང་རྒྱུ། གད་སྙིགས་གཙང་སེལ་དང་བཙོག་ཆུ་གཙང་གསིང་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་ཡུལ་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་2བཀོད་སྒྲིག་བྱས་ཏེ། གཙོ་གནད་ས་ཁུལ་དུ་སྐྱེ་ཁམས་སྲུང་སྐྱོབ་དང་། ཉམས་གསོ། བཅོས་སྐྱོང་བཅས་བྱེད་རྒྱུ། ས་ཁད་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། གཙོ་གནད་སྐྱེ་ཁམས་ནུས་པ་ཐོན་ཁུལ་གྱི་མ་དངུལ་སྒྱུར་སྤྲོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། གཙོ་གནད་སྐྱེ་ཁམས་ནུས་པ་ཐོན་ཁུལ་གྱི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་23.34བཀོད་སྒྲིག་བྱས་ཏེ། སྐྱེ་ཁམས་སྐྱོང་གསབ་ཀྱི་ཚད་གཞི་སྤོར་བ་དང་། སྒྱུར་སྤྲོད་མ་དངུལ་གྱི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་བ། གནས་སྤོས་དབུལ་སྐྱོར་དང་ས་ཁད་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོ་དང་ཟུང་འབྲེལ་བྱེད་པ་སོགས་བྱས་ཏེ། སྤོས་ཡོང་སའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་སྤོས་འགྲོ་སའི་སྐྱེ་ཁམས་ཉམས་གསོ་བྱེད་པར་ཁ་གསབ་སྤྲད་དེ་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་དང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ།
8.མཐའ་དར་མཐའ་བརྟན་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་། མཐའ་དར་དང་མཐའ་སྲུང་གལ་ཆེ་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། མཐའ་མཚམས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་དགོས་མཁོ་དང་། སྤྱོད་སྒོ། འདོད་འདུན་བཅས་ཀྱི་མངོན་ཆེའི་གནད་དོན་རྣམས་འགོ་འཛུགས་ས་དང་འགག་གནད་སྒྲོལ་ས་ཞིག་ཏུ་བརྩིས་ཐོག ཀྲུང་དབྱང་ནོར་སྲིད་ནས་མཐའ་མཚམས་ས་ཁུལ་ལ་ཕྱོགས་བསྡུས་ནོར་ཤུགས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། མཐའ་མཚམས་འཛུགས་སྐྲུན་བྱེད་པར་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་རྒྱུའི་མང་བསྡུས་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོ་འབེབས་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་20བཀོད་སྒྲིག་བྱེད་མང་དུ་བཏང་སྟེ། མཐའ་མཚམས་ཀྱི་མུ་ཏིག་གྲོང་རྡལ་ཆུང་རིགས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། མཐའ་མཚམས་ས་ཁུལ་གྱི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་18.9བཀོད་སྒྲིག་བྱས་ཏེ་མཐའ་དར་དམངས་ཕྱུག་གི་ལས་འགུལ་གཏིང་ཟབ་སྤེལ་ནས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་། མཐའ་མིའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་སྔར་བས་མཐོ་རུ་བཏང་ནས་མཐའ་མཚམས་ཀྱི་བགྲོད་ལམ་དང་འགག་སྒོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ།
9.དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ནོར་ཤུགས་ཐད་ནས་འགན་སྲུང་ཡག་པོ་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལམ་ལུགས་མ་ལག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། ལས་བྱེད་པ་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དྲ་མིག་ཅན་དུ་འགྱུར་རྒྱུར་དོ་དམ་བྱེད་པ། སྔོན་ཐོན་གཉིས་ལྡན་དུད་སྦྲེལ་གསར་གཏོད་དང་དཔྱད་འདེམས་བྱེད་པ་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ། ཁྲིམས་མིན་རྩ་འཛུགས་ལ་རྡུང་རྡེག་དང་། ནག་སེལ་གཤེད་བཅོམ། དུག་འགོག འཇིགས་གཏུམ་ལ་ངོ་རྒོལ་སོགས་བྱེད་པའི་བྱ་སྤྱོད་སྤེལ་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་གྲོན་དངུལ་དེ་མི་རེར་ཆ་སྙོམས་སྒོར་2བར་སྤོར་རྒྱུ། མ་དངུལ་སྒོར་དུང་ཕྱུར་3.3བཀོད་སྒྲིག་བྱས་ཏེ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་རྒྱུའི་ཐད་སྤྱོད་རྒྱུ། མ་དངུལ་སྒོར་ཁྲི་10ཡི་ཚད་གཞི་ལྟར་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་པའི་གྲོན་དངུལ་དོན་འཁྱོལ་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་1.9བཀོད་སྒྲིག་བྱས་ཏེ། རང་བྱུང་གནོད་འཚེའི་འགོག་བཅོས་མ་ལག་འཛུགས་སྐྲུན་བྱེད་པ་དང་རང་བྱུང་གནོད་འཚེ་ཡོངས་བཤེར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ།
(བཞི)2021ལོའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་ཡོང་བཀོད་སྒྲིག
1.ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།
ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་2101.3ཟིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་9.8%འཕར་ཡོད། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་203.4ཡིན་ཞིང་། 2020ལོར་ཐེངས་གཅིག་རང་ལ་མཛོད་འཇུག་བྱས་པའི་རྒྱུ་རྐྱེན་ཕུད་དེ་ལོ་གོང་མའི་ལག་བསྟར་གྲངས་དང་བསྡུར་ན་3%འཕར་ཡོད་པ་དང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར་1500.9ཡིན་པ་དེ། ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་6%འཕར་ཡོད། སྔོན་རྩིས་བརྟན་སྙོམས་ཐེབས་རྩ་ནས་བེད་སྤྱོད་གཏོང་རྒྱུ་སྒོར་དུང་ཕྱུར་227.1དང་། གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ནས་སྒྱུར་འཇུག་བྱེད་རྒྱུ་སྒོར་དུང་ཕྱུར་1.9 སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་12 ལོ་གོང་མ་ནས་འཕྲོས་སྒྱུར་བྱེད་རྒྱུ་སྒོར་དུང་ཕྱུར་156བཅས་ཡིན། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2101.3ཡིན་པ་དེ། ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་9.8%འཕར་ནས་གཏོང་ཡོང་དོ་སྙོམས་བྱུང་ཡོད།
2.རང་སྐྱོང་ལྗོངས་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།
རང་སྐྱོང་ལྗོངས་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་1800.5ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་10.6%འཕར་ཡོད། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་25ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་སྒོར་དུང་ཕྱུར་6.5མང་དུ་སོང་བ་དང་35.4%འཕར་ཡོད། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1500.9ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་6%འཕར་ཡོད། སྔོན་རྩིས་བརྟན་སྙོམས་ཐེབས་རྩ་ནས་བེད་སྤྱོད་གཏོང་རྒྱུ་སྒོར་དུང་ཕྱུར་167དང་། གཞུང་ཁོངས་མ་རྩ་གཉེར་སྐྱོང་གྱི་སྔོན་རྩིས་ནས་སྒྱུར་འཇུག་བྱེད་རྒྱུ་སྒོར་དུང་ཕྱུར་1.3 སྤྱིར་བཏང་གི་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་12 ལོ་གོང་མ་ནས་འཕྲོས་སྒྱུར་བྱེད་རྒྱུ་སྒོར་དུང་ཕྱུར་94.3བཅས་ཡིན། རང་སྐྱོང་ལྗོངས་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་1800.5ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་10.6%འཕར་ནས་གཏོང་ཡོང་དོ་སྙོམས་བྱུང་ཡོད།
(1)རང་སྐྱོང་ལྗོངས་རིམ་པ་འདི་གའི་གཏོང་སྒོ་སྒོར་དུང་ཕྱུར་684.7(རང་སྐྱོང་ལྗོངས་ཀྱི་སྤྱིའི་ཐབས་ཇུས་བཀོད་སྒྲིག་གི་གལ་ཆེའི་དོན་གནད་དང་དེ་བཞིན་དོན་དངོས་གནས་ཚུལ་གཞིར་བཟུང་དོན་འཁྱོལ་བྱེད་སྐབས་བགོ་བཤའ་བརྒྱབ་ནས་གཤམ་འོག་ལ་སྤྲོད་རྒྱུའི་སྔོན་གྲབས་གཏོང་སྒོ་དང་ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་ཚུད)ཟིན་ནས་2.1%ཆག་ཡོད། གཙོ་བོའི་རྩིས་ཚན་གྱི་གཏོང་སྒོར་ནི། སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་126.5དང་། སློབ་གསོའི་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་49.5 ཚན་རིག་ལག་རྩལ་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་4.1 རིག་གནས་ཡུལ་སྐོར་ལུས་རྩལ་དང་སྨྱན་སྦྱོར་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་18 སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་89.4 འཕྲོད་བསྟེན་དང་བདེ་ཐང་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་32.1 ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་6.9 གྲོང་ཁྱེར་དང་གྲོང་གསེབ་དང་སྡེ་ཁུལ་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་1.9 ཞིང་ནགས་ཆུ་བེད་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་11 འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་191.8 ཐོན་ཁུངས་རྩད་འཚོལ་དང་བཟོ་ལས་ཆ་འཕྲིན་སོགས་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་8.7 ཚོང་ལས་ཞབས་ཞུའི་ལས་རིགས་སོགས་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་1.8 དངུལ་རྩའི་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་12.7 རང་བྱུང་ཐོན་ཁུངས་རྒྱ་མཚོ་གནམ་གཤིས་སོགས་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་1.9 སྡོད་ཁང་འགན་སྲུང་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་7.4 འབྲུ་སྣུམ་དངོས་ཟོག་གསོག་འཇོག་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་1.4 གནོད་འཚེ་འགོག་བཅོས་དང་དེ་བཞིན་འཕྲལ་སྡོམ་དོ་དམ་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་3.2 བུ་ལོན་སྐྱེད་འཇལ་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་2.8བཅས་ཡིན། (2)ས་གནས་གྲོང་ཁྱེར་ལ་ཁྲལ་འབབ་ཕྱིར་སློག་བྱེད་རྒྱུ་སྒོར་དུང་ཕྱུར་34.6ཡིན་ཞིང་། ལོ་གོང་མ་དང་གཅིག་མཚུངས་ཡིན།
(3)ས་གནས་གྲོང་ཁྱེར་གྱི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་1050(སྡེ་ཚན་གི་ཁ་བགོས་བསམ་འཆར་གཤམ་སྤྲོད་བྱེད་པའི་དགོས་མཁོ་གཞིར་བཟུང་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་141ཚུད)ཟིན་ནས་19.7%འཕར་ཡོད། སྤྱིར་བཏང་རང་བཞིན་གྱི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་981.5ཡིན་ཞིང་། དེ་དག་ནང་གཙོ་བོ་ལམ་སྲོལ་གྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་14.7དང་། དོ་སྙོམས་རང་བཞིན་གྱི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་262.9 རྫོང་རིམ་པའི་གཞི་རྩའི་འབྱོར་སྟོབས་འགན་སྲུང་ལམ་སྲོལ་གྱི་བྱ་དགའ་ཁ་གསབ་སྤྲོད་པའི་མ་དངུལ་སྒོར་དུང་ཕྱུར་26.8 དུས་རྩིས་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་26.9 འབྲུ་རིགས(པད་ཁ)ཐོན་འབོར་ཆེ་བའི་རྫོང་ལ་བྱ་དགའ་སྤྲོད་རྒྱུའི་མ་དངུལ་སྒོར་དུང་ཕྱུར་0.4 གཙོ་གནད་སྐྱེ་ཁམས་ནུས་པ་ཐོན་ཁུལ་གྱི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་23.3 གཏན་འཇགས་གྲངས་འབོར་གྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་88.3 མཐའ་མཚམས་ས་ཁུལ་གྱི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་18.9 དབུལ་པོའི་ས་ཁུལ་གྱི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་89.7 སྤྱིར་བཏང་རང་བཞིན་གྱི་སྒྱུར་སྤྲོད་མ་དངུལ་གཞན་དག་སྒོར་དུང་ཕྱུར་66བཅས་ཡིན་པ་དང་། ཐུན་མོང་གི་ནོར་སྲིད་དོན་དབང་གི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་363.6ཡིན་ཞིང་། དེ་དག་གཙོ་བོ་འགན་སྲུང་སློབ་གསོ་དང་། འཕྲོད་བསྟེན་བདེ་ཐང་། སྤྱི་ཚོགས་འགན་སྲུང་། ཞིང་ལས་དང་གྲོང་གསེབ། རིག་གནས་ལུས་རྩལ། སྡོད་ཁང་འགན་སྲུང་སོགས་ཁྱབ་ཁོངས་ཀྱི་ཐུན་མོང་གི་ནོར་སྲིད་དོན་དབང་དང་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུའི་ཐད་བེད་སྤྱོད་གཏོང་རྒྱུ། ཆེད་དམིགས་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་68.5ཡིན།
(4)ས་གནས་གྲོང་ཁྱེར་ལ་སྤྱིར་བཏང་གི་བུན་ལོར་སྐྱི་སྒྱུར་བྱེད་པའི་གཏོང་སྒོ་སྒོར་དུང་ཕྱུར་12ཡིན།
(5)རང་སྐྱོང་ལྗོངས་རིམ་པ་འདི་གའི་སྔོན་གྲབས་གྲོན་དངུལ་སྒོར་དུང་ཕྱུར་16ཡིན་ཞིང་། ལོ་གོང་མ་དང་གཅིག་མཚུངས་ཡིན།
(6)རང་སྐྱོང་ལྗོངས་རིམ་པ་འདི་གའི་ཆེད་དམིགས་གོང་འཕོས་གཏོང་སྒོ་སྒོར་དུང་ཕྱུར་3ཡིན་པ་དེ་ལོ་གོང་མ་དང་བསྡུར་ན་སྒོར་དུང་ཕྱུར་2.7མང་དུ་སོང་ཡོད། (7)ས་གནས་ཀྱི་སྲིད་གཞུང་གི་སྤྱིར་བཏང་བུ་ལོན་གྱི་ངོ་འཇལ་གཏོང་སྒོ་སྒོར་དུང་ཕྱུར་0.2ཡིན།
3.ས་གནས་གྲོང་ཁྱེར་གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས། ས་གནས་གྲོང་ཁྱེར་གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་1256.4ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་5%འཕར་ཡོད། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་178.4དང་། རིམ་པ་གོང་མའི་ཁྲལ་འབབ་ཕྱིར་ལོག་དང་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་943.6 སྔོན་རྩིས་བརྟན་སྙོམ་ཐེབས་རྩ་ནས་བཏང་བ་སྒོར་དུང་ཕྱུར་60.1 གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ནས་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་0.6 སྤྱིར་བཏང་བུན་ལོར་སྐྱི་སྒྱུར་གྱི་ཡོང་འབབ་སྒོར་དུང་ཕྱུར་12 ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་61.7བཅས་ཡིན། ས་གནས་གྲོང་ཁྱེར་གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་1256.4ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་5%འཕར་ནས་གཏོང་ཡོང་དོ་སྙོམས་བྱུང་ཡོད།
(ལྔ)2021ལོའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་ཡོང་བཀོད་སྒྲིག
ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་74.4ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་17.3%ཆག་ཡོད། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་52.8ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་3.5%ཆག་ཡོད་པ་དང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1.1 ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་10 ལོ་གོང་མ་ནས་འཕྲོས་སྒྱུར་བྱེད་རྒྱུ་སྒོར་དུང་ཕྱུར་10.5བཅས་ཡིན། ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་74.4ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་17.3%ཆག་ནས་གཏོང་ཡོང་དོ་སྙོམས་བྱུང་ཡོད། རང་སྐྱོང་ལྗོངས་རིམ་པ་འདི་གའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་15.3ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་55.1%ཆག་ཡོད། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་2.8ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་44%ཆག་ཡོད། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1.1 ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་10 ལོ་གོང་མ་ནས་འཕྲོས་སྒྱུར་བྱེད་རྒྱུ་སྒོར་དུང་ཕྱུར་1.4བཅས་ཡིན། རང་སྐྱོང་ལྗོངས་རིམ་པ་འདི་གའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་15.3ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་55.1%ཆག་ཡོད། དེའི་ནང་ས་གནས་གྲོང་ཁྱེར་གྱི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་1.8(སྡེ་ཚན་གྱི་བགོ་བཤའ་རྒྱག་དགོས་པའི་བསམ་འཆར་གཞིར་བཟུང་གཤམ་སྤྲོད་བྱས་པའི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་0.6ཚུད)དང་། ཆེད་དམིགས་བུ་ལོན་སྐྱི་སྒྱུར་གྱི་གཏོང་སྒོ་སྒོར་དུང་ཕྱུར་10ཟིན་ནས་གཏོང་ཡོང་དོ་སྙོམས་བྱུང་ཡོད།
ས་གནས་གྲོང་ཁྱེར་གྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་70.3ཡིནཔ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་8.3%འཕར་ཡོད། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་50ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་རྩ་བའི་ཆར་གཅིག་མཚུངས་བྱུང་ཡོད། གོང་རིམ་གྱི་སྒྱུར་སྤྲོད་མ་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར་1.2དང་། ཆེད་དམིགས་བུ་ལོན་སྐྱི་སྒྱུར་གྱི་ཡོང་འབབ་སྒོར་དུང་ཕྱུར་10 ལོ་གོང་མ་ནས་འཕྲོས་སྒྱུར་བྱེད་རྒྱུ་སྒོར་དུང་ཕྱུར་9.1བཅས་ཡིན། ས་གནས་གྲོང་ཁྱེར་གྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་70.3ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་8.3%འཕར་ནས་གཏོང་ཡོང་དོ་སྙོམས་བྱུང་ཡོད།
(དྲུག)2021ལོའི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་ཡོང་གི་བཀོད་སྒྲིག
ལྗོངས་ཡོངས་ཀྱི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་9ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་11%འཕར་ཡོད། དེའི་ནང་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་6.7དང་། ལོ་གོང་མ་ནས་འཕྲོས་སྒྱུར་བྱེད་རྒྱུ་སྒོར་དུང་ཕྱུར་2.3ཡིན། ལྗོངས་ཡོངས་ཀྱི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་9ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་11%འཕར་ཡོད། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་སྒྱུར་འཇུག་བྱེད་རྒྱུ་སྒོར་དུང་ཕྱུར་1.9ཡིན།
རང་སྐྱོང་ལྗོངས་རིམ་པ་འདི་གའི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་6.5ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་6.4%འཕར་ཡོད། དེའི་ནང་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་4.3དང་། ལོ་གོང་མ་ནས་འཕྲོས་སྒྱུར་བྱེད་རྒྱུ་སྒོར་དུང་ཕྱུར་2.2ཡིན། རང་སྐྱོང་ལྗོངས་རིམ་པ་འདི་གའི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་6.5ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་6.4%འཕར་ཡོད། དེའི་ནང་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ནང་སྒྱུར་འཇུག་བྱེད་རྒྱུ་སྒོར་དུང་ཕྱུར་1.3ཡིན།
ས་གནས་གྲོང་ཁྱེར་གྱི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་2.5ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་25%འཕར་ཡོད། དེའི་ནང་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་2.4དང་། ལོ་གོང་མ་ནས་འཕྲོས་སྒྱུར་བྱེད་རྒྱུ་སྒོར་དུང་ཕྱུར་0.1ཡིན། ས་གནས་གྲོང་ཁྱེར་གྱི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2.5ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་25%འཕར་ཡོད། དེའི་ནང་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ནང་སྒྱུར་འཇུག་བྱེད་རྒྱུ་སྒོར་དུང་ཕྱུར་0.6ཡིན།
(བདུན)2021ལོའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་གཏོང་ཡོང་བཀོད་སྒྲིག
ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་220.27ཡིན་ཞིང་། དེའི་ནང་འགན་བཅོལ་ཞུ་གྲོན་གྱི་ཡོང་འབབ་སྒོར་དུང་ཕྱུར་180.57དང་། ནོར་སྲིད་ཁ་གསབ་དང་སྐྱེད་ཀ་སོཌ་ཡོང་འབབ་གཞན་དག་སྒོར་དུང་ཕྱུར་39.7བཅས་ཡིན། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་191.55ཡིན། གཏོང་ཡོང་མགོ་ཐུག་བཏང་རྗེས་སྔོན་དཔག་བྱས་ན་ལོ་དེ་གར་ལྷག་འཕྲོ་སྒོར་དུང་ཕྱུར་28.72དང་། ལོ་མཇུག་ཏུ་རིམ་གསོག་ལྷག་འཕྲོ་སྒོར་དུང་ཕྱུར་391.76ཡོང་རྒྱུ་ཡིན།
གསལ་བཤད་ཞུ་དགོས་པ་ཞིག་ལ། ས་གནས་གྲོང་ཁྱེར་གྱི་སྔོན་རྩིས་ནི་ས་གནས་གྲོང་ཁྱེར་གྱི་རིམ་ཁག་མི་དམངས་སྲིད་གཞུང་ནས་བཟོ་འགོད་བྱས་རྗེས་རིམ་མཚུངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཆོག་མཆན་ཞུ་དགོས་ཤིང་། སྙན་ཞུ་འདིའི་ནང་གི་ས་གནས་གྲོང་ཁྱེར་གྱི་ཡོང་འབབ་ཀྱི་སྔོན་རྩིས་གྲངས་དང་གཏོང་སྒོའི་བཀོད་སྒྲིག་གྲངས་ཚང་མ་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་བཟོ་འགོད་བྱས་པ་ཡིན།
སྔོན་རྩིས་ཀྱི་བཅའ་ཁྲིམས་ནང་འཁོད་པའི་གཏན་འབེབས་གཞིར་བཟུང་། 2021ལོའི་སྔོན་རྩིས་ཀྱི་ལོ་འཁོར་འགོ་ཚུགས་རྗེས། ལྗོངས་ཡོངས་ཀྱི་སྔོན་རྩིས(འཆར་ཟིན)རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཆོག་མཆན་ཞུ་རྒྱུར་མ་འཕུལ་གོང་ངེས་པར་དུ་གཏོང་སྒོ་གཏོང་དགོས་ངེས་སྡེ་ཚན་གྱི་གཞི་རྩའི་གཏོང་སྒོ་དང་རྣམ་གྲངས་ཀྱི་གཏོང་སྒོ་གཏོང་ཐུབ་ཆེད། ང་ཚོས་སྡེ་ཚན་ཁག་གཅིག་གི་གཞི་རྩའི་གཏོང་སྒོ་དང་རྣམ་གྲངས་ཀྱི་གཏོང་སྒོ་དང་། ས་གནས་གྲོང་ཁྱེར་དང་རྫོང་(ཆུས)གི་སྒྱུར་སྤྲོད་མ་དངུལ། ལོ་གོང་མ་ནས་འཕྲོས་སྒྱུར་བྱེད་རྒྱུའི་གཏོང་སྒོ ངེས་པར་དུ་གཏོང་དགོས་ངེས་ཡིན་པ་བཅའ་ཁྲིམས་ནང་གཏན་འབེབས་ཡོད་པའི་གཏོང་སྒོ།དེ་བཞིན་རང་བྱུང་གནོད་འཚེ་སོགས་གློ་བུར་གྱི་དོན་རྐྱེན་ཐག་གཅོད་བྱེད་པའི་གཏོང་སྒོ་བཅས་སྔ་སྣུར་དུ་བཀོད་སྒྲིག་བྱས་ཟིན་པ་ཡིན།
གསུམ། 2021ལོར་ནོར་སྲིད་ཀྱི་བསྒྱུར་བཅོས་དང་དོ་དམ་ལས་དོན་ལ་སྐུལ་སྤེལ་གཏོང་རྒྱུ།
2021ལོར་ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་མུ་མཐུད་ལག་བསྟར་གཏིང་ཟབ་བྱས་ཏེ་བསྒྱུར་བཅོས་ཀྱི་སྤྱིའི་བཀོད་སྒྲིག་བླང་བྱར་དམ་པོར་དམིགས་ཤིང་། སྔོན་རྩིས་བཅའ་ཁྲིམས་དང་དེའི་ལག་བསྟར་སྲོལ་ཡིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཐོག གཅིག་འགྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོགས་བྱེད་པ་དང་། གཙོ་གནད་མངོན་ཆེར་བཟུང་བ། ནོར་སྲིད་ཐད་དོ་དམ་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ། ཤུགས་འདོན་གནད་འཕིགས་ཀྱིས་ནོར་སྲིད་བསྒྱུར་བཅོས་ཁག་ལ་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། ཁྲིམས་བཞིན་འབྱོར་སྐྱོང་བྱེད་པའི་ཆུ་ཚད་ཕྱོཌ་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན།
(གཅིག) ལས་རྗེས་སྔོན་རྩིས་དང་། གཞི་གསར་སྔོན་རྩིས། སྔོན་རྩིས་དོ་དམ་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་སྤེལ་བཏང་ནས་གཞི་གཅིག་ཅན་གྱི“2+1”ནོར་སྲིད་དོ་དམ་བྱེད་ཕྱོགས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ།
སྔོན་རྩིས་ཀྱི་ལས་རྗེས་ལ་དོ་དམ་བྱེད་པའི་སྤུས་འབྲས་ལེགས་སུ་གཏོང་རྒྱུ། ལས་རྗེས་འཛིན་ཕྱོགས་སྔར་བས་མངོན་ཆེར་བཟུང་སྟེ ལས་རྗེས་ལ་དོ་དམ་བྱེད་པའི་དོན་དངོས་རང་བཞིན་དེ་སྔོན་རྩིས་ལ་དོ་དམ་བྱེད་པའི་ལས་རིམ་ནང་འཇུག་རྒྱུ། སྔོན་རྩིས་ཀྱི་ལས་རྗེས་ལ་དོ་དམ་བྱེད་པའི་རྨང་གཞི་སྲ་བརྟན་དུ་བཏང་ནས་ངོ་བོ་གཏན་འཁེལ་དང་གྲངས་འབོར་གཏན་འཁེལ་བྱེད་རྒྱུ་ཟུང་འབྲེལ་བྱེད་པའི་སྤྱི་ཡོངས་རང་བཞིན་གྱི་ལས་རྗེས་དམིགས་ཚད་ཀྱི་སྒྲོམ་གཞི་གང་མགྱོགས་བཟོ་བ་དང་ཚགས་ཚུད་དུ་གཏོང་རྒྱུ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་དམིགས་ནས་སྔོན་རྩིས་ཀྱི་ལས་རྗེས་ལ་དོ་དམ་བྱེད་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་རྒྱུ། མ་གནས་ཀྱི་ཕན་འབྲས་ལ་དབྱེ་ཞིབ་བྱེད་པ་སོགས་ཀྱི་ཐབས་ཤེས་སྤྱད་དེ་སྔོན་རྩིས་རྣམ་གྲངས་ཀྱི་ལས་རྗེས་ལ་སྔོན་ཚུད་ནས་ཚོད་སྐོར་ཧུར་ཐག་བྱེད་རྒྱུ། ལས་རྗེས་ལ་དཔྱད་གདེང་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་གཏོང་བ་དང་། ལས་རྗེས་ཀྱི་དཔྱད་གདེང་བྱས་འབྲས་བེད་སྤྱོད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དཔྱད་གདེང་བྱས་འབྲས་དེ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་སྔོན་རྩིས་བཀོད་སྒྲིག་ལེགས་སྒྲིག་བྱེད་རྒྱུར་སྦྲེལ་མཐུད་ནུས་ལྡན་བྱས་ནས་ཕན་ནུས་ཆུང་བ་དང་ཕན་ནུས་མེད་པའི་མ་དངུལ་རིགས་མེད་པ་བཟོ་བའམ་ཉུང་དུ་གཏོང་རྒྱུ། ནོར་སྲིད་དང་རྩིས་བཤེར་མཉམ་འགུལ་ལམ་སྲོལ་དམ་འཛིན་བྱ་གཞིར་བརྩིས་ནས་ནོར་སྲིད་དང་རྩིས་བཤེར་སྡེ་ཚན་གྱིས་ཆ་འཕྲིན་མཉམ་སྤྱོད་དང་། དམིགས་ཚད་མཉམ་གྲོས། འབྲས་བུ་མཉམ་སྤྱོད། བཅོས་སྒྲིག་མཉམ་སྐུལ་སོགས་བྱེད་པའི་ལམ་སྲོལ་སྔར་བས་ཚགས་ཚུད་དུ་བཏང་སྟེ། སྔོན་རྩིས་ལས་རྗེས་ཀྱི་དོ་དམ་བྱེད་ཕྱོགས་བསྒྱུར་བཅོས་བྱེད་རྒྱུའི་འགག་རྩའི་ཁྱབ་ཁོངས་སམ་ཡང་ན་འགག་རྩའི་ལྷུ་ཚིགས་ཀྱི་གཙོ་གནད་འགག་སྒྲོལ་ཐུབ་པ་བྱེད་རྒྱུ། ལས་རྗེས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་རྗེས་ཀྱི་དམིགས་ཚད་དང་ལས་རྗེས་ཀྱི་དཔྱད་གདེང་བྱས་འབྲས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་གཏོང་རྒྱུ། གཞི་གསར་སྔོན་རྩིས་གྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ། ཡོང་འབབ་ལ་གཞིགས་ཏེ་འགྲོ་སོང་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གཞི་གྲངས་ཀྱི་གོ་དོན་དང་གཏོང་སྒོ་མཁྲེགས་འགྱུར་གྱི་རྣམ་པ་མེད་པ་བཟོ་རྒྱུ་དང་། སྲིད་གཞུང་གི་གཏོང་མཁས་སྤྱོད་མཁས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་གལ་ཆེ་གལ་ཆུང་དང་བྲེལ་ཆེ་བྲེལ་ཆུང་གཞིར་བཟུང་བང་བསྒྲིགས་ཏེ“གཙོ་གནད་འགན་སྲུང་དང་སྤྱིར་བཏང་ཚོད་འཛིན་བྱེད་པ”སྔར་བས་མངོན་ཆེར་བཟུང་རྒྱུ། གསོག་ཐེབས་མ་དངུལ་རྣམས་སྟབས་བསྟུན་གཙང་བཟོ་བྱས་ཏེ་ཚན་པའི་མ་དངུལ་ལྷག་འཕྲོ་དང་རང་ཡོད་ཡོང་འབབ་མཁྲེགས་འགྱུར་གྱི་རྣམ་པ་མེད་པ་བཟོ་རྒྱུ། འཕྲོས་སྒྱུར་མ་དངུལ་དང་ལོ་འཁོར་གྱི་སྔོན་རྩིས། ནོར་སྲིད་ནས་བཏང་བའི་དངུལ་དང་མ་དངུལ་གཞན་དག་བཅས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། འཕར་རྒྱུ་ཡོད་ལ་ཆག་རྒྱུ་ཡོད་པ་དང་འགན་སྲུང་ཡོད་ལ་ཚོད་འཛིན་ཡོད་པའི་སྔོན་རྩིས་བགོ་བཤའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། གཞི་རྩའི་གཏོང་སྒོའི་སྒྲིག་གྲངས་དངུལ་གྲངས་གཏན་འཁེལ་གྱིས་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། རྣམ་གྲངས་ཐོ་མཛོད་ལ་དོ་དམ་བྱེད་པའི་རྨང་གཞི་བརྟན་དུ་བཏང་སྟེ་སྡེ་ཚན་གྱི་རྣམ་གྲངས་གཏོང་སྒོའི་ལ་རིགས་རིམ་ཕྱེ་ནས་དོ་དམ་བྱེད་རྒྱུ། “དངུལ་སྨར་འཁོར་རྒྱུག”གི་དོ་དམ་བྱེད་ཕྱོགས་ཞིབ་འཇུག་བྱེད་པར་སྐུལ་འདེད་བཏང་སྟེ། ལོ་དེར་གཏོང་སྒོ་དངོས་སུ་གཏོང་དཀའ་བ་དང་། ཞིབ་ཕྲའི་བེད་སྤྱོད་བྱེད་མཁན་གྱི་ཚན་པའི་བར་ཞིབ་ཚཌ་སུ་གཏོང་མི་ཐུབ་པའི་མ་དངུལ་རིགས་བཀོད་སྒྲིག་མི་བྱེད་རྒྱུའམ་ཡང་ན་ལོ་རྗེས་མར་རིམ་འགྱངས་བྱེད་རྒྱུ།
སྔོན་རྩིས་ཀྱི་དོ་དམ་བྱེད་ཕྱོགས་གཞི་གཅིག་ཅན་དུ་འཛུགས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ། སྔོན་རྩིས་ཀྱི་དོ་དམ་བྱེད་ཕྱོགས་གཞི་གཅིག་ཅན་དུ་བསྒྱུར་བཅོས་བྱས་འབྲས་སྲ་བརྟན་དུ་བཏང་ནས་ལྗོངས་ཡོངས་སུ་གང་མགྱོགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ། རྣམ་གྲངས་ཀྱི་ཐོ་མཛོད་རྨང་གཞིར་བྱས་ཏེ་ཞིབ་ཕྲའི་བསམ་བློ་གཏོང་བའི་བརྒྱུད་རིམ་ཧྲིལ་པོ་སྔོན་རྩིས་ལ་དོ་དམ་བྱེད་པའི་ལྷུ་ཚིགས་ཁག་ཏུ་བཞག་ནས་ལས་སྒོ་ཚད་ལྡན་དུ་འགྱུར་བ་བྱས་ཐོག ལམ་ལུགས་ཚད་ལྡན་བཟོ་རྒྱུ་དེ་ཆ་འཕྲིན་མ་ལག་འཛུགས་སྐྱོང་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་དང་། སྒྲིག་སྲོལ་གྱི་འཛུལ་འཇུག་མ་ལག་ལ་བརྟེན་ནས་ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔོན་རྩིས་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱེད་པར་རྨང་གཞིའི་འགན་སྲུང་བྱེད་རྒྱུ། རིམ་ཁག་སྔོན་རྩིས་དོ་དམ་ལས་སྒོའི་ལས་རིམ་དང་། དོ་དམ་གྱི་གཙོ་རྒྱུ་དང་ཚོད་འཛིན་གྱི་སྒྲིག་སྲོལ་བཅས་ཚད་ལྡན་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་གཅིག་གྱུར་བཟོ་རྒྱུ། སྲིད་གཞུང་གི་སྔོན་རྩིས་དང་། སྡེ་ཚན་གྱི་སྔོན་རྩིས། ཚན་པའི་སྔོན་རྩིས་བཅས་དབར་དང་དེ་བཞིན་རིམ་པ་གོང་འོག་གི་སྔོན་རྩིས་དབར་གྱི་ལས་སྒོའི་ལྷུ་ཚིགས་སྲུབས་མེད་འབྲེལ་མཐུད་དང་ཚོད་འཛིན་ནུས་ལྡན་བྱས་ཏེ་སྔོན་རྩིས་ལ་དོ་དམ་བྱེད་པའི་ལས་རིམ་ཧྲིལ་པོ་བཅའ་ཁྲིམས་སྒྲིག་སྲོལ་དང་མཐུན་པ་བྱེད་རྒྱུ།
(གཉིས)རང་སྐྱོང་ལྗོངས་མན་གྱི་ནོར་སྲིད་སྒྲིག་སྲོལ་འཐུས་ཚང་དུ་གཏོང་རྒྱུ། ནོར་སྲིད་ཀྱི་དོན་དབང་དང་། གཏོང་སྒོའི་འགན་འཁྲིའི་དབྱེ་མཚམས་གཏན་འཁེལ། ཡོང་འབབ་དབྱེ་འབྱེད། སྒྱུར་སྤྲོད་མ་དངུལ་སོགས་ནོར་སྲིད་ལམ་སྲོལ་གྱི་གཙོ་རྒྱུར་ཁྱོན་ཡོངས་ནས་བསམ་གཞིགས་བྱས་ཏེ། ནོར་སྲིད་ཀྱི་ལམ་སྲོལ་བསྒྱུར་བཅོས་བྱེད་པའི་རྒྱུད་ཁོངས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཉམ་སྒྲུབ་རང་བཞིན་བཅས་མངོན་ཆེར་གཟུང་རྒྱུ། ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ཀྱི“ཡོང་འབབ་ཚང་མ་འཇོག་པའི”ནོར་སྲིད་ལམ་སྲོལ་ལེགས་སྒྲིག་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ནས་རང་སྐྱོང་ལྗོངས་མན་གྱི་ཁྲལ་འབབ་ཕྱིར་སློག་སྲིད་ཇུས་ཞིབ་འཇུག་བྱས་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུ། རང་ལྗོངས་ཀྱི་ས་གནས་ཀྱི་དཔྱ་ཁྲལ་ལམ་ལུགས་བསྒྱུར་བཅོས་འཕེལ་ཚུལ་དང་ཟུང་འབྲེལ་བྱས་ནས་ས་གནས་ཀྱི་ཁྲལ་འབབ་མང་དུ་གཏོང་བ་ཁྲིམས་བཞིན་སྒྲིག་འཛུགས་བྱས་ནས་བསྡུ་རྒྱུ། ནོར་སྲིད་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གྲོང་ཁྱེར་དང་རྫོང་གིས་གཙོ་གནད་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཏེ་རྒྱུ་ནོར་འབབ་ཁུངས་དང་ཁྲལ་གཞི་བརྟན་དུ་གཏོང་རྒྱུ། ཀྲུང་དབྱང་གིས་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཁུལ་ཁོངས་ཕྱེ་ནས་ནོར་སྲིད་ཀྱི་དོན་དབང་དང་གཏོང་སྒོའི་འགན་འཁྲིའི་དབྱེ་འབྱེད་བྱེད་ཕྱོཌ་བསྒྱུར་བཅོས་བྱེད་པར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ། སྒྱུར་སྤྲོད་མ་དངུལ་ཁག་གི་བྱེད་ནུས་དང་ངེས་གནས་གསལ་བཟོ་བྱས་ཏེ་སྒྱུར་སྤྲོད་མ་དངུལ་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུ་དང་། སྒྱུར་སྤྲོད་མ་དངུལ་ལ་དུས་བཀག་ཐོག་ཚོད་སྐོར་དང་ཕྱིར་འཐེན་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། འབྱོར་སྟོབས་རང་བཞིན་གྱི་སྒྱུར་སྤྲོད་མ་དངུལ་གྱི་གཞི་ཁྱོན་དང་བསྡུར་ཚད་བརྟན་པོའི་ངང་མཐོ་རུ་བཏང་སྟེ་ནོར་སྲིད་ཐད་དཀའ་ངལ་ཡོད་པའི་ས་ཁུལ་ལ་གཟིགས་སྐྱོང་བྱེད་རྒྱུ་དང་། “འགན་ལེན་གསུམ”གྱི་མཐའ་ཚད་སྲུང་རྒྱུ། ནོར་སྲིད་ཀྱི་ཐེག་ནུས་ལ་གཅིག་གྱུར་འཆར་འགོད་དང་བསམ་གཞིགས་བྱས་ཏེ་སྔོན་ལ་རིག་པས་ཁུངས་སྐྱེལ་དང་ཉེན་ཁར་དཔྱད་དཔོག་བྱེད་ཤུགས་ཆེ་རུ་བཏང་ནས་ཁས་ལེན་ཐལ་དྲགས་རིགས་སྔོན་འགོག་མཐའ་གཅིག་ཏུ་བྱེད་རྒྱུ།
(གསུམ)སྡེ་ཚན་གྱི་སྔོན་རྩིས་དོ་དམ་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ།
གཅིག་གྱུར་ཁྱབ་ཁོངས་ཀྱི་ཐབས་ལམ་མི་འདྲ་བའི་མ་དངུལ་དང་། ནོར་སྲིད་ནས་བཏང་བའི་མ་དངུལ་དང་ནོར་སྲིད་ནས་བཏང་བ་མིན་པའི་མ་དངུལ། ལོ་འཁོར་མི་འདྲ་བའི་དབར་གྱི་ནོར་སྲིད་མ་དངུལ་བཅས་ཀྱི་གཅིག་གྱུར་འཆར་འགོད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ། སྔོན་རྩིས་གཏོང་སྒོ་དང་གསོག་ཐེབས་ཐོན་ཁུངས་ཁག་འབྲེལ་མཐུད་ནུས་ལྡན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྔོན་རྩིས་ཀྱི་ཆ་ཚང་རང་བཞིན་དང་ནོར་སྲིད་ཀྱི་གཅིག་གྱུར་འཆར་འགོད་བྱེད་ནུས་ཆེ་རུ་གཏོང་རྒྱུ། སྡེ་ཚན་དང་ཚན་པའི་སྔོན་རྩིས་དོ་དམ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ། སྡེ་ཚན་གྱི་སྔོན་རྩིས་ནང་ངེས་པར་དུ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་བཅས་སྡེ་ཚན་དེ་དང་དེའི་ཁོངས་གཏོགས་ཀྱི་ཚན་པ་ཁག་ལ་བཀོད་སྒྲིག་བྱས་པའི་སྔོན་རྩིས་མ་དངུལ་ཚང་མ་མཚོན་པར་བྱེད་དགོས། ནོར་སྲིད་གཏོང་སྒོ་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། རྣམ་གྲངས་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྣམ་གྲངས་ཐོ་མཛོད་ལ་དཔྱད་ཞིབ་བྱེད་པའི་ལམ་སྲོལ་དང་རྣམ་གྲངས་རིམ་གསོག་ཐེབས་པར་དོ་དམ་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། དུས་དཀྱིལ་གྱི་ནོར་སྲིད་འཆར་འགོད་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དུས་དཀྱིལ་གྱི་ནོར་སྲིད་འཆར་འགོད་ཀྱིས་ལོ་འཁོར་སྔོན་རྩིས་ལ་མཛུབ་ཁྲིད་དང་གཅུན་སྡོམ་བྱེད་པའི་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ། སྔོན་རྩིས་ཡོངས་བསྒྲགས་ལ་སྐུལ་སྤེལ་གཏིང་ཟབ་བཏང་བ་དང་། ཡོངས་བསྒྲགས་བྱེད་པའི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་སྟེ་གཏན་འབེབས་ལྟར་སྡེ་ཚན་ཁོངས་གཏོཌ་ཀྱི་སྔོན་རྩིས་ཚན་པའི་སྔོན་རྩིས་དང་ངེས་རྩིས་ཡོངས་བསྒྲཌ་བྱེད་པའི་ཁྱབ་ཁོངས་སུ་འཇུག་རྒྱུ།
(བཞི)བུ་ལོན་སེལ་བ་དང་ཉེན་ཁར་འགོག་ཟོན་བྱེད་པར་དམ་འཛིན་ཡག་པོ་བྱེད་རྒྱུ།
ས་གནས་སྲིད་གཞུང་གི་བུ་ལོན་ལ་ཚད་བཀག་གིས་དོ་དམ་བྱེད་པ་དང་སྔོན་རྩིས་ལ་དོ་དམ་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་རྒྱུ། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམས་གཏོང་དང་བེད་སྤྱོད་བྱེད་མགྱོགས་སུ་གཏོང་རྒྱུ། ས་གནས་སྲིད་གཞུང་གི་བུན་འཛིན་ལ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་དང་ཉེན་ཁར་ཚོད་སྐོར་བྱེད་པའི་སྔོན་བརྡའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཉེན་ཁའི་ཚོད་སྐོར་གྱི་ཉེན་བརྡ་བཏང་འབྲས་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། ས་གནས་སྲིད་གཞུང་གི་བུན་འཛིན་གྱི་ཆ་འཕྲིན་ཕྱི་གསལ་ནང་གསལ་ཡོང་བར་སྐུལ་འདེད་ཤུགས་ཆེ་བཏང་སྟེ་ཡོངས་བསྒྲགས་བྱེད་པར་བརྟེན་ནས་ཚད་ལྡན་དང་ཉེན་ཁ་སྔོན་འགོག་བྱེད་རྒྱུ།
(ལྔ)སྔོན་རྩིས་དོན་འཁྱོལ་དང་དོ་དམ་བྱེད་པར་ཤུཌ་སྣོན་རྒྱག་རྒྱུ།
སྔོན་རྩིས་ཁྲིམས་ཀྱིས་གཏན་འཁེལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ལམ་ལུགས་ཀྱི་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མི་དམངས་འཐུས་ཚོགས་ཀྱིས་ཞིབ་བཤེར་ཆོག་མཆན་སྤྲད་པའི་སྔོན་རྩིས་དོན་འཁྱོལ་ནན་པོ་བྱས་ཐོག སྔོན་རྩིས་སྙོམས་སྒྲིག་ཚོད་འཛིན་ནན་པོ་བྱེད་རྒྱུ། སྔོན་རྩིས་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་དུས་ཚོད་ཀྱི་བཀའ་མཆན་གཞིར་བཟུང་སྔོན་རྩིས་གཤམ་སྤྲོད་ནན་པོ་བྱེད་པ་དང་། སྔོན་རྩིས་ཀྱི་གཏོང་སྒོ་བཀོད་སྒྲིག་ནན་པོ་བྱས་ནས་སྔོན་རྩིས་མེད་པ་དང་སྔོན་རྩིས་ལས་བརྒལ་བའི་གཏོང་སྒོ་གཏོང་མི་ཆོག སྔོན་རྩིས་དོན་འཁྱོལ་བྱེད་པར་ལྟ་སྐུལ་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་མིང་སྦྱར་སྒྲུབ་སྐུལ་བྱེད་པ་དང་། ནང་ཁུལ་དུ་བརྡ་ཁྱབ་གཏོང་བ། མཇུག་ལུས་སྐོང་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་དཔྱད་ཞིབ་བྱས་འབྲས་དེ་བྱ་དགའ་ཆད་གཅོད་བྱེད་པའི་ལམ་སྲོལ་ནང་དངོས་སུ་སྤྱོད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། སྔོན་རྩིས་དོན་འཁྱོལ་བྱེད་པའི་ཁྲོད་སྤྱིར་བཏང་བྱས་ན་སྔོན་རྩིས་འཕར་གསབ་བྱེད་རྒྱུ་མིན་ལ། ལོ་དེ་གའི་གཏོང་སྒོ་མང་དུ་གཏོང་བའི་སྲིད་ཇུས་ཀྱང་བཟོ་འདོན་བྱེད་རྒྱུ་མིན། སྔོན་རྩིས་དོན་འཁྱོལ་བྱས་འབྲས་དང་སྔོན་རྩིས་བཀོད་སྒྲིག་བྱེད་རྒྱུ་འབྲེལ་མཐུད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། གཏོང་ཚད་ཀྱི་བླང་བྱ་དང་མི་འཚམ་པ་དང་ཡུན་རིང་བེད་སྤྱོད་གཏོང་མ་ཐུབ་པའི་སྔོན་རྩིས་མ་དངུལ་རྣམས་འཕྲལ་མར་ཡར་བསྡུས་ཏེ། གཅིག་གྱུར་འཆར་འགོད་ཀྱིས་མ་དངུལ་ཐད་ནས་རྒྱབ་སྐྱོར་བྱེད་དགོས་པའི་འཕྲལ་མཁོའི་ཁུལ་ཁོངས་གཞན་དག་ལ་སྤྱོད་པར་ལེགས་སྒྲིག་བྱེད་རྒྱུ། བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་སྲིད་གཞུང་གི་ཉོ་སྒྲུབ་བྱེད་སྒོ་སྤེལ་ཏེ་གསར་གཏོད་དང་འབྱུང་འཕྲོད་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་པ་སོགས་ཐད་ཀྱི་སྲིད་གཞུང་གི་ཉོ་སྒྲུབ་སྲིད་ཇུས་དོན་འཁྱོལ་ཏན་ཏན་བྱེད་རྒྱུ། སྲིད་གཞུང་གིས་ཞབས་ཞུ་ཉོ་བའི་དོ་དམ་བྱེད་ཕྱོགས་ཚད་ལྡན་བཟོ་རྒྱུ། སྲིད་གཞུང་གི་རྩིས་གཉེར་ཚད་འཛིན་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་སྲིད་གཞུང་གི་ནོར་དོན་སྙན་སྒྲོན་བཟོ་འགོད་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ། སྲིད་གཞུང་གི་མ་འཇོག་ཐེབས་རྩ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་ནོར་སྲིད་མ་དངུལ་ལ་དོ་དམ་བྱེད་རྒྱུ་ཚད་ལྡན་བཟོ་བ་དང་དེར་ཤུགས་སྣོན་རྒྱག་རྒྱུ།
(དྲུག)རང་འགུལ་ངང་ཕྱོགས་ཁག་གི་ལྟ་སྐུལ་དང་ལེན་ཧུར་ཐག་ཞུ་རྒྱུ། མི་དམངས་འཐུས་ཚོགས་ཀྱིས་སྔོན་རྩིས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་གཙོ་གནད་དེ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་རྒྱ་བསྐྱེད་གཏོང་བའི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་འཆར་ཉན་འཇོག་ཧུར་ཐག་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཞིན་སྔོན་རྩིས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་འགན་དབང་སྤྱོད་པར་རྒྱབ་སྐྱོར་བྱེད་པ། སྡེ་ཚན་གྱི་སྔོན་རྩིས་འཆར་ཟིན་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་བླང་བྱ་ལྟར་སྔོན་རྩིས་ཀྱི་འབྲེལ་ཡོད་དཔྱད་ཡིག་སྙན་འབུལ་ཞུ་བ་བཅས་བྱེད་རྒྱུ། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་སྔོན་རྩིས་དང་ངེས་རྩིས་ཀྱི་གྲོས་ཆོད་དོན་འཁྱོལ་ནན་ཏན་བྱེད་རྒྱུ། སྔོན་རྩིས་ལ་དྲ་སྦྲེལ་ལྟ་སྐུལ་བྱེད་པར་གཞོགས་འདེགས་ཧུར་ཐག་བྱེད་རྒྱུ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་དོ་ཁུར་གནང་བར་རང་འགུལ་ངང་ལན་འདེབས་ཧུར་ཐག་ཞུས་ཏེ་གསལ་འགྲེལ་གྱི་ལས་དོན་ཡག་པོ་བསྒྲུབས་ཐོག མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་བཞིན་འགན་སྒྲུབ་བྱེད་པར་ཞབས་ཞུ་དེ་བས་ཡག་པོ་བསྒྲུབ་རྒྱུ། རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་བཅོས་སྒྲིག་ནན་ཏན་བྱེད་པ་དང་། འབྲེལ་ཡོད་གྲོས་འཆར་ལ་ཞིབ་འཇུག་གཏིང་ཟབ་དང་ཉན་ལེན་ཞུས་ཐོག འབྲེལ་ཡོད་ཀྱི་སྲིད་ཇུས་བྱ་ཐབས་དང་ལམ་ལུགས་བྱ་ཐབས་ཁག་དུས་ཐོག་ཏུ་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་དང་སྔོན་རྩིས་བཀོད་སྒྲིག་བྱེད་རྒྱུ་འབྲེལ་མཐུད་བྱེད་པའི་ལམ་སྲོལ་ལག་བསྟར་བྱས་ཏེ་རྩིས་བཤེར་གྱི་གནད་དོན་ཚབས་ཆེ་རིགས་དང་ག་དུས་རྩིས་བཤེར་བྱས་ཀྱང་གནད་དོན་ཡང་ཡང་ཐོན་མཁན་གྱི་སྡེ་ཚན་ལ་འབྲེལ་ཡོད་རྣམ་གྲངས་བཀོད་སྒྲིག་མི་བྱེད་རྒྱུའམ་ཡང་ན་བྱེད་ཉུང་དུ་གཏོང་རྒྱུ།
འཐུས་མི་རྣམ་པ། 2021ལོའི་ནོར་སྲིད་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་འགན་འཁྲི་ལྕི་ལ་འཁྲི་འགན་གཟི་བརྗིད་ཆེ་བ་ཞིག་ཡིན། ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་འགུལ་ངང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་མཛུབ་ཁྲིད་ལྟ་སྐུལ་དང་ལེན་ཞུ་བ་དང་། སེམས་ཆུང་ངང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་བསམ་འཆར་དང་གྲོས་འཆར་ཉན་འཇོག་བྱས་ཐོག ངལ་བ་དང་བླངས་དང་ལམ་བཤངས་ཡར་བརྩོན་གྱིས་ནོར་སྲིད་སྔོན་རྩིས་ཀྱི་ལས་དོན་ཁག་དོ་ནན་ངང་ཡག་པོ་སྒྲུབ་པ་དང་། ནོར་སྲིད་ཀྱི་འགན་ནུས་འདོན་སྤེལ་དེ་བས་ཡག་པོ་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པར”འགོ་ཡག་པོ་འཛུགས་ཐུབ་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པ་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས། ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། (རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣