དབུ་ཤོག>ཆེད་སྒྲིག
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-01

    ཚེས་25ཉིན་གྱི་སྔ་དྲོར། པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་མི་སེམས་ལ་ལྕག་སྐུལ་ཐེབས་པ་ཞིག་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ནི་མི་རྣམས་ཧང་སངས་དགོས་པ་ཞིག་འདུག གོམ་སྟབས་རྗེས་མར་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྔོན་ཐོན་མིག་དཔེར་འཛིན་ནས་དངོས་སྒྲུབ་དཀའ་སྒྲུབ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    བོད་ལྗོངས་འདི་ཉིད་རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་དེ་ཡིན་པའི་ངོས་ནས། རྒྱལ་ཡོངས་སུ་དབུལ་པོ་ཐོན་ཚད་མང་ཤོས་དང་། དབུལ་པོའི་ཚད་གཞི་ཟབ་ཤོས། དབུལ་སྐྱོར་མ་གནས་མཐོ་ཤོས། དབུལ་སྒྲོལ་གྱི་དཀའ་ཚད་ཆེ་ཤོས་བཅས་རེད། ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། 2019ལོའི་ལོ་མཇུག་ཏུ་བོད་ཀྱིས་རྒྱལ་ཡོངས་ཀྱི་སྔོན་ལ་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་བསལ་བ་དང་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་གི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་སྐྱོད་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་ཡོད།

    “ཡུལ་སྨད་ཤང་ལ་དེ་སྔོན་དུད་ཚང་དབུལ་པོ་མེད། 2019ལོའི་ཟླ་4པར་དེ་གར་དུད་ཚང་35སྤོས་པ་རེད། ཏང་གི་སྲིད་ཇུས་ཀྱི་རོགས་སྐྱོར་དང་ཤང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། མིག་སྔར་ཡུལ་སྨད་ཤང་དུ་ཁ་བ་བུ་ཡུག་གིས་རི་རྒྱ་བསྡམས་པའི་ལོ་རྒྱུས་སྤྱིར་ན་མཇུག་འགྲིལ་བ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་34012ཟིན་གྱི་ཡོད་པས་ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ལས་མཐོ་བ་ཡོད། འབྲོག་ལས་དང་། སྨྱུག་ལས། ཡུལ་སྐོར། ནགས་ཁྲོད་དཔལ་འབྱོར་སོགས་ཐོན་ལས་ལ་སྔ་རྗེས་སུ་ཕན་འབྲས་ཐོན་ནས་གནས་སྤོས་མང་ཚོགས་ཀྱི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བ་དང་ཡུལ་སྨད་ཤང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། གྲུབ་འབྲས་དེ་དག་ཚང་མ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་དེ་བཞིན་གྲོང་ཁྱེར་དང་རྫོང་གི་ཤུགས་ཆེའི་རྒྱབ་སྐྱོར་ལས་ཐོབ་པ་ཞིག་རེད”ཅེས་ཚོགས་ཆེན་གྱི་གནས་ཚུལ་གཟབ་རྒྱས་བལྟས་རྗེས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བས་སེམས་འགུལ་ཚད་མེད་ཐེབས་བཞིན་བཤད།

    “ང་ཚོའི་ཤང་གི་གཡག་སྡེ་ལུག་ཁམ་པའི་བལ་འཇམ་ཐོན་རྫས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་རྣམ་སྒྲོན་པེ་ཅིང་དུ་བྱ་དགའ་ལེན་པར་བསྐྱོད་པ་མཐོང་སྐབས་སེམས་ནང་དགའ་ཚོར་དཔག་མེད་སྐྱེས་བྱུང་། མཉམ་ལས་ཁང་ནང་ཞུགས་པ་ནས་བཟུང་ངའི་འཚོ་བར་འགྱུར་ལྡོག་ཆེན་པོ་ཕྱིན་སོང་། མཉམ་ལས་ཁང་ནང་ལས་ཀ་བྱས་ན་གླ་ཕོགས་ལེན་རྒྱུ་ཡོད་པ་མ་ཟད། ལོ་མཇུག་ཏུ་ད་དུང་བགོ་འགྲེམས་ཀྱང་ལེན་རྒྱུ་འདུག ན་ནིང་གླ་ཕོགས་དང་བགོ་འགྲེམས་བསྡོམས་པས་ལོ་གཅིག་ལ་ཡོང་འབབ་སྒོར་30000ལྷག་ཙམ་བྱུང་། དེ་སྔོན་ཡིན་ཚེ་དེ་ལྟ་བུའི་ཡོང་འབབ་ནི་ངོ་མ་བསམ་ཡུལ་ལས་འདས་པ་ཞིག་རེད། ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་ཐོན་ལས་དབུལ་སྐྱོར་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཁང་གཞུང་ཤང་གི་ཏང་ཡོན་བུ་ཆུང་གིས་བཤད།

    དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་རིང་། རྒྱལ་ཡོངས་ཀྱི་དབུལ་སྐྱོར་ལས་བྱེད་པ་ས་ཡ་ཁ་ཤས་ཀྱིས་ལེགས་སྐྱེས་ཧུར་ཐག་ཕུལ་བ་དང་དཀའ་སྤྱད་དངོས་སྒྲུབ་བྱས་ཏེ། མང་ཚོགས་དབུལ་པོ་དང་མཉམ་དུ་བསམ་བློ་གཏོང་བ་དང་། མཉམ་དུ་འཚོ་བ་སྐྱེལ་བ། མཉམ་དུ་ལས་དོན་སྒྲུབ་པ་བཅས་བྱས་ནས་མཚར་སྡུག་རྣམ་པར་བཀྲ་བའི་ལང་ཚོ་སྒེར་སེམས་མེད་པར་དབུལ་སྒྲོལ་བྱ་གཞག་ལ་ལེགས་སྐྱེས་ཕུལ་བས། མི་སེམས་འགུལ་བའི་སྔོན་ཐོན་བྱས་རྗེས་མང་པོ་ཐོན་ཡོད།

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་འཆམ་མཐུན་དགའ་ཚལ་གླིང་སྡེ་ཁུལ་གྱི་བུད་མེད་ཀྲུའུ་ཞི་འདམ་གཞུང་རྫོང་སྙིང་གྲོང་ཤང་སྨད་གླིང་གྲོང་ཚོ་ཚོགས་ཆུང་ལྔ་པའི་གནས་སྤོས་མང་ཚོགས་བསམ་སྐྱིད་ཀྱིས། སྡེ་ཁུལ་ཏང་ཨུད་ཀྱི་གཅིག་གྱུར་སྒྲིག་འཛུགས་འོག་ང་ཚོས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་བལྟས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཉན་པ་ཡིན། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་མཉམ་སྡེབ་དང་ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་བྱ་གཞག་ཆེད་རྩ་ཆེའི་ཚེ་སྲོག་ལེགས་སྐྱེས་འབུལ་མཁན་དཔའ་བོའི་མི་སེམས་འགུལ་བའི་མཛད་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་ལ་སྙིང་དབུས་ནས་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི“འབྱོར་འབྲིང་མངོན་འགྱུར་བྱུང་མིན་གཙོ་བོ་མང་ཚོགས་ལ་ལྟ་དགོས་པ་དང་། འགག་རྩ་དེ་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཐུབ་མིན་ལ་ཐུག་ཡོད”དང་། “ས་ཁུལ་དབུལ་པོ་གཅིག་དང་མང་ཚོགས་དབུལ་པོ་གཅིག་ཀྱང་རྩ་བ་ནས་ལུས་མི་རུང”ཞེས་པར་མོས་སེམས་མཉམ་སྐྱེས་ཟབ་མོ་བྱུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱ་ཆེའི་དབུལ་སྐྱོར་ལས་བྱེད་པ་ཚོས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་ཉིན་མཚན་དབྱེར་མེད་ངང་འབད་འཐབ་བྱས་ཏེ། མང་ཚོགས་དབུལ་པོ་དང་མཉམ་དུ་བསམ་བློ་གཏོང་བ་དང་། མཉམ་དུ་འཚོ་བ་སྐྱེལ་བ། མཉམ་དུ་ལས་དོན་སྒྲུབ་པ་བཅས་བྱས་ནས་ང་དང་འདྲ་བའི་མང་ཚོགས་དབུལ་པོའི་དབུལ་ཞྭ་ཕུད་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།