ཉིན་གང་ལས་ལ་བྲེལ་བའི་རྡོ་ཆུང་ཁྱིམ་དུ་ལོག་ནས་དགའ་སྤྲོའི་ངང་བཟའ་ཟླར“དེ་རིང་ཀུང་སིར་སླར་ཡང་ལས་ཀ་གསར་པ་ཞིག་རག་པས་ཡོང་འབབ་མང་པོ་གསོག་ཐུབ་ངེས་རེད”ཅེས་བཤད།
རྡོ་ཆུང་གིས་བཤད་པའི་ཀུང་སི་ནི་ཕུགས་འདུན་མངོན་འགྱུར་གྱི་སྡོད་ཁང་གསར་པའི་ཁྱིམ་དོན་ཞབས་ཞུ་ཀུང་སི་ཡིན་ཞིང་། 2017ལོའི་ལོ་མཇུག་ཏུ་ཕུགས་འདུན་མངོན་འགྱུར་གྱི་སྡོད་ཁང་གསར་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་བསྐྲུན་ཟིན་པ་དང་རྡོ་ཆུང་དང་མང་ཚོགས་དུད་ཚང་43གྲོང་ཚོ་མི་འདྲ་བ་ནས་མཉམ་དུ་གནས་སྤོས་བྱས་པ་རེད།
གནས་སྤོས་མང་ཚོགས་རྣམས་གང་མགྱོགས་ཁོར་ཡུག་གསར་པར་འཕྲོད་ཐབས་བྱེད་པ་དང་དུད་ཚང་དབུལ་པོའི་ལས་བརྩོན་ཕྱུག་འགྱུར་ལ་སྐུལ་མ་གཏོང་ཆེད། སྒེར་རྩེ་རྫོང་གི་སྡོད་ཁང་གསར་པའི་བཀོད་སྒྲིག་བྱ་ཡུལ་གྲོང་ལྷན་གྱིས་སྲིད་གཞུང་སྡེ་ཚན་དང་འབྲེལ་གཏུག་དང་མཐུན་སྦྱོར་ཧུར་ཐག་བྱས་པ་དང་འབྲེལ་འཛུཌ་སྐྲུན་ལས་ཡུལ་དང་ཟ་ཁང་དང་འབྲེལ་གཏུག་བྱས་ཏེ་སྒེར་རྩེ་རྫོང་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་དང་སྡོད་ཁང་གསར་པའི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་སོཌ་ཀྱི་རྣམ་གྲངས་དོན་འཁྱོལ་བྱས་ནས་སྡོད་ཁང་གསར་པའི་ཁྱིམ་དོན་ཞབས་ཞུའི་ལྟེ་གནས་བཙུགས་ཤིང་། རླངས་འཁོར་འཁྲུ་ས་དང་ཇ་ཁང་སོགས་གཉེར་ནས་མི་41ལས་ཞུཌ་ཐུབ་རྒྱུར་རོཌ་རམ་བྱས་ཡོད།
“གནས་འདིར་སྤོས་པ་ནས་བཟུང་། ང་ཚོའི་ཡོང་འབབ་འཕར་བ་མ་ཟད། འཚོ་བ་ཡང་སྔར་བས་ལེགས་སུ་ཕྱིན་སོང”ཞེས་རྡོ་ཆུང་གིས་ངོ་སྤྲོད་བྱས་པ་ལྟར་ན་ཁོང་གི་ཁྱིམ་བྲག་པོ་ཤང་བྲག་པོ་གྲོང་ཚོ་ནས་སྤོས་པ་དང་སྡོད་ཁང་གསར་པ་དང་བར་ཐག་སྤྱི་ལེ་140ལྷག་ཙམ་ལས་མེད་རུང་། འོན་ཀྱང་བྲག་པོ་གྲོང་ཚོའི་ས་བབ་མཐོ་ཚད་སྨི་4800ལྷག་ཙམ་ཡོད་པ་དང་ཁོར་ཡུག་ཞན་ཙམ་ཡོད། བཟའ་ཚོ་གཉིས་ཀྱིས་སྔོན་ཆད་འབྲོག་ལས་ལ་བརྟེན་ནས་འཚོ་བ་བསྐྱལ་བ་དང་ད་དུང་ཕྲུ་གུ་4གསོ་དགོས་ལ་འཐུང་ཆུ་ནི་རང་བྱུང་ཆུ་འགོ་དང་། གློག་ནི་ཉི་ནུས་ལ་བརྟེན་པ་མ་ཟད། ཉེར་མཁོའི་དངོས་ཟོག་ཉོ་བར་ད་དུང་ལམ་ཐག་ཧ་ཅང་རིང་པོ་འགྲོ་དགོས་ཀྱི་ཡོད། དུས་ཚིགས་འགྱུར་ལྡོག་འགྲོ་སྐབས་ད་དུང་རྟག་ཏུ་གནས་སྤོ་དགོས་པ་དེ་ནི་རྡོ་ཆུང་ཁྱིམ་གྱི་སྔོན་ཆད་ཀྱི་འཚོ་བའི་གནས་ཚུལ་ཡིན། ཕུགས་འདུན་མངོན་འགྱུར་སྡོད་ཁང་གསར་པའི་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པ་ནས་བཟུང་རྡོ་ཆུང་གི་འཚོ་བར་རེ་བས་ཁེངས།
“འདི་གར། སྲིད་གཞུང་གིས་ང་ཚོར་ཐོན་ལས་རྣམ་གྲངས་དང་ཕྱུག་འགྱུར་གྱི་ཐབས་ལམ་བཏོད་པ་མ་ཟད། རྒྱུན་གཏན་གྱི་འཚོ་བར་ཡང་འགན་ལེན་ཡོད་པ་དང་གྲོང་མི་ཨུ་ལྷན་དུ་ད་དུང་རིག་གནས་བྱེད་སྒོ་ཁང་ཡོད་པའི་ཁར་སྨན་པ་བསྟེན་བདེ་པོ་ཡོད་ལ། ཕྲུ་གུའང་ཐག་ཉེ་སར་སློབ་གྲྭར་གཏོང་ཐུབ་ཀྱི་འདུག”ཅེས་རྡོ་ཆུང་གིས་བཤད།
འཇོན་ཐང་ཆེ་ལ་རྒྱ་སྐད་ཀྱང་ཤེས་པའི་དབང་གིས་ས་གནས་དེ་གའི་མང་ཚོགས་ཀྱི་འོས་སྦྱོར་འོག་རྡོ་ཆུང་གིས་ཁྱིམ་ལས་ཞབས་ཞུ་ཀུང་སིའི་ཅིང་ལིའི་འགན་ཁུར། ངོ་སྤྲོད་བྱས་པར་གཞིགས་ན། ཀུང་སི་བཙུགས་ཚུན་གནས་སྤོས་ཞབས་ཞུ་ཐེངས་200ལྷག་ཙམ་བྱས་པ་དང་ཉིན་ལྟར་ཞབས་ཞུའི་མངགས་ཐོ་སྣ་ཚོགས་འབྱོར་གྱི་ཡོད་ལ། ཀུང་སིས་སྒྲུབ་པའི་ཞབས་ཞུ་ཁག་ལ་ས་གནས་དེ་གའི་མང་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད།
ཕྱོགས་ཁག་གི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་ཕྱུག་འགྱུར་གྱི་བྱེད་ཐབས་དེ་བས་མང་དུ་སོང་ཞིང་། 2019ལོར་རྡོ་ཆུང་གིས་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་5གཡར་ནས་བཟའ་ཟླ་དང་མཉམ་དུ་གྲོང་ཚོར་ཚོང་ཁང་ཆུང་ཆུང་ཞིག་བཙུགས་པ་རེད། ཁོམ་པ་ཡོད་དུས། ཁོང་གིས་ད་དུང་ཞོར་ལས་བྱས་ནས་ཁྱིམ་གྱི་འགྲོ་སོང་ཁ་གསབ་བྱེད་ཅིང་། ལོ་གཅིག་རིང་གི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་དང་། གླ་ཆའི་ཡོང་འབབ། ཐོན་ལས་ཀྱི་ཁེ་སྤོགས་བགོ་བཤའ་སོགས་བསྣན་ཚེ་རྡོ་ཆུང་ཁྱིམ་གྱི་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་ཟིན་གྱི་ཡོད།
ད་ཆ་རྡོ་ཆུང་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བ་མ་ཟད། ད་དུང་གྲོང་ཚོའི་ལས་བྱེད་པའི་འགན་ཡང་ཁུར་བཞིན་ཡོད།
“ད་ལྟ། ང་ཚོ་ནང་མི་ཚང་མའི་འཚོ་བ་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་གཟུགས་པོའང་བདེ་ཐང་ཡིན་པས་དེ་དག་ཐམས་ཅད་ཏང་དང་སྲིད་གཞུང་གི་བཀའ་དྲིན་ཡིན། མ་འོངས་པར་ང་ཚོའི་འཚོ་བ་ཇེ་ལེགས་སུ་འགྲོ་ངེས་ཡིན་པ་ངར་ཡིད་ཆེས་ཡོད”ཅེས་རྡོ་ཆུང་གིས་བློ་རྩ་བརྟན་པོས་བཤད།