དབུ་ཤོག>ཆེད་སྒྲིག
  • “ད་ལྟའི་འཚོ་བ་སྐྱིད་པོ་དེ་བས་ཡག་ཐོག་ཡག་བརྩེགས་ཡོང་བར་བྱེད་ཀྱི་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​ཆུང་བདག་སྒྲོལ་དཀར།   |     སྤེལ་དུས།  2021-02-07

    མོན་པ་རིགས་ཀྱི་ན་གཞོན་སྐལ་བཟང་ཉི་མས་ཞོགས་པ་སྔ་པོ་ནས་གྱང་ངོས་སུ་བཀལ་བའི་འདོན་འཇུག་འཕྲུལ་འཁོར་གྱི་ལྡེ་མིག་ཁྱེར་ཏེ་བྲེལ་འཚུབ་ངང་རྒྱལ་ལམ་219ཡི་ལས་ཡུལ་དུ་སྐྱོད།

    “དེ་གོང་གྲོང་ཚོས་ན་གཞོན་རྣམས་སྐྱེལ་འདྲེན་རླངས་འཁོར་དང་འདོན་འཇུག་འཕྲུལ་འཁོར་གཏོང་སྟངས་སྦྱོང་དུ་བཅུག་བྱུང་། ངས་ལག་རྩལ་ཤེས་རྗེས་བུ་ལོན་གཡར་ནས་འདོན་འཇུག་འཕྲུལ་འཁོར་དང་སྐྱེལ་འདྲེན་རླངས་འཁོར་ཆེ་གྲས་ཤིག་ཉོས་པ་ཡིན། ད་ཆ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་20ཙམ་ཡོང་གི་འདུག”ཅེས་སྐལ་བཟང་ཉི་མས་དགའ་ཚོར་ཆེན་པོས་བཤད།

    སྐལ་བཟང་ཉི་མའི་བཟའ་ཟླ་སྒྲོལ་མས་ཀྱང་དེ་གོང་མ་བྱན་གྱི་གསོ་སྦྱོང་ནང་ཞུགས་ཡོད། “རྒྱལ་ལམ་219ལམ་རྒྱུད་ཧྲིལ་པོ་ཤར་གཏོང་ཐུབ་རྗེས། ས་ཆ་འདིར་ཡུལ་སྐོར་བ་མང་པོ་ཡོང་ངེས་ཡིན་པས། སྐབས་དེ་དུས་ཟ་ཁང་ཞིག་བཙུགས་ན་ཚོང་ཡག་པོ་ཡོང་སྲིད”

    2019ལོར་སྐལ་བཟང་ཉི་མའི་ཁྱིམ་བདེ་བླག་ངང་དབུལ་སྒྲོལ་ཐུབ་ཡོད། འོན་ཀྱང་ཁོང་གི་ནང་མི་ཚོས་ད་ལྟའི་གནས་བབ་ལ་བློ་ཡིད་ཚིམས་ནས་མ་བསྡད་པར། དེ་སྔ་ལས་ཧུར་བརྩོན་ཆེ་བ་བྱེད་བཞིན་ཡོད། “གྲོང་ཚོའི་ནང་ད་དུང་ཇ་ལོ་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་གི་ཡོད་པས། སླད་ཕྱིན་ང་ཚོའི་འཚོ་བ་དེ་བས་ལེགས་པ་ཡོང་ངེས་རེད། ང་ཚོས་གྲ་སྒྲིག་ཡག་པོ་བྱས་ན་གཞི་ནས་གོ་སྐབས་བཟང་པོར་དམ་འཛིན་བྱེད་ཐུབ”

    རྡོ་ལུང་སྒང་གྲོང་ཚོ་ནི་རི་བོ་ཧི་མ་ལ་ཡའི་ལྷོ་ངོས་ཀྱི་བོད་ལྗོངས་མེ་ཏོག་རྫོང་དགུ་ཐང་ཤང་དུ་གནས་པ་དང་། རྒྱལ་ལམ་219ཡི་ལམ་ཐིག་གསར་པ་དང་ཐག་ཉེ་བ་དང་། 2016ལོར་གསར་དུ་བཙུགས་པའི་གྲོང་ཚོ་ཞིག་རེད། གྲོང་ཚོའི་ནང་སྐོར་བ་ཐེངས་གཅིག་རྒྱག་སྐབས། ཐོག་སོ་གཉིས་ལྡན་གྱི་ཁང་པ་སྟར་པ་སྒྲིག་ནས་ཡོད་པ་དང་། བུ་བཅོལ་ཁང་དང་གསང་སྤྱོད་སོཌ་ཆ་ཚང་ཡོད་ལ། དུད་ཚང་ཚང་མའི་གྱང་སྟེང་དུ་སྦྱར་ བའི“ཁྱིམ་ཚང་སྨན་པའི་འབྲེལ་གཏུག་གཱ”ཐོག་འགན་འཁུར་སྨན་པའི་མིང་དང་འབྲེལ་གཏུག་བྱེད་སྟངས་བྲིས་འདུག

    གྲོང་སྡོད་ཧྲུའུ་ཅི་དང་པོ་ཀྲང་ཝེ་ཡིས། 2019ལོར་གྲོང་ཚོ་ཡོངས་དབུལ་སྒྲོལ་ཐུབ་རྗེས་གྲོང་མི་ཚོའི་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་སོང་། “སྐལ་བཟང་ཉི་མ་དང་འདྲ་བའི‘གཞོན་ནུ་འབད་འཐབ་ཅན’མང་དུ་སོང་བས་ཚང་མས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་ལས་སླ་པོར་བྱུང་བ་མིན་པའི་འཚོ་བ་གསར་པའི་ཕྱོགས་སུ་མདུན་སྐྱོད་ཧུར་ཐག་བྱེད་བཞིན་ཡོད”ཅེས་བཤད།

    “གྲོང་ཚོ་གསར་པ་དང་། སྡོད་ཁང་གསར་པ། འཚོ་བ་གསར་པ། ཐོན་ལས་གསར་པ་བཅས་ཏང་གི་བཀའ་དྲིན་ལས་བྱུང་བས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཆུད་ཟོས་སུ་གཏོང་མི་རུང”ཞེས་སྐལ་བཟང་ཉི་མས་བཤད། ཁོང་གིས་བདེ་སྐྱིད་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན་པས“ངེས་པར་དུ་འབད་འཐབ་ཧུར་ཐག་བྱས་ཏེ་མིག་སྔའི་འཚོ་བ་སྐྱིད་པོ་དེ་བས་ཡག་ཐོག་ཡག་བརྩེགས་ཡོང་བར་བྱེད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།