དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-05

    བོད་ཀྱི་ལས་དོན་མཐའ་དག་ནི་ཆབ་སྲིད་ཀྱི་ལས་དོན་ཡིན་ཞིང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས། མི་རིགས། ཆོས་ལུགས། ཏང་འཛུགས་སྐྱོང་བཅས་ཚང་མར་ཆབ་སྲིད་ཡོད་ལ། ཚང་མ་ཆབ་སྲིད་དང་ཁ་འབྲལ་ཐབས་མེད། གལ་ཏེ་ཆབ་སྲིད་ལས་དོན་ལ་དམ་འཛིན་ཡག་པོ་དང་། དམ་འཛིན་བརྟན་པོ། དམ་འཛིན་ཏན་ཏིག་བཅས་མ་བྱུང་ཚེ། ང་ཚོར་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་རྡབ་རྡེག་ཕོག་པ་དང་ཐ་ན་ཉམས་དམས་སུ་ཕྱིན་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆུང་དུ་དང་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞིར་གཡོ་འགུལ་ཐེབས་ངེས་རེད། ང་ཚོས་ངེས་པར་དུ་ཚད་མཐོའི་ཆབ་སྲིད་ཀྱི་དོགས་ཟོན་བྱས་ཏེ་ཆབ་སྲིད་ཐད་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆབ་སྲིད་ཀྱི་གྲུབ་འབྲས་དང་། ཆབ་སྲིད་ཀྱི་ཁྲིད་སྟོན། ཆབ་སྲིད་ཀྱི་ལངས་ཕྱོགས། ཆབ་སྲིད་ཀྱི་ངོ་བོ། ཆབ་སྲིད་ཀྱི་བརྩེ་བ་བཅས་ངོས་འཛིན་གསལ་པོ་བྱས་ནས་གསལ་པོ་རྟོགས་པ་དང་། གོ་བ་མཐར་ཕྱིན་པ་ལོན་པ། ཏན་ཏིག་སྒྲུབ་པ་བཅས་བྱེད་ཐུབ་པ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་ཕྱི་རོལ་གྱི་བླང་བྱ་ནས་ནང་གནས་ཀྱི་རང་འགུལ་ལ་འགྱུར་བ་བྱེད་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་དོན་འཁྱོལ་གནད་སྨིན་ཡོང་བའི་འགན་ལེན་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་ཆེད་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས།

    བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་འགག་རྩ་ནི་ཏང་དང་། འགག་རྩ་ནི་ཏང་ཀྲུང་དབྱང་གི་དབང་གྲགས། འགག་རྩ་ནི་སྲོག་ཤིང་བཅས་ལ་ཐུག་ཡོད། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཚེ། བོད་ཀྱི་མི་དམངས་ལ་གཞི་ནས་བློས་འགེལ་ཆོག་པའི“སྲོག་ཤིང”དང་རྒྱབ་རྟེན་བཅོལ་ཆོག་པའི“ཀ་བ”ཡོད་པ་དང་བོད་ཀྱི་ལས་དོན་ལ་གཞི་ནས་བརྟན་པོ་ཡོང་བའི“རྒྱ་མིག”ཡོད། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བྱ་རྒྱུ་དེ་ཉིད་ཆབ་སྲིད་ཀྱི་ཚད་གཞི་མཐོ་ཤོས་དང་ཆབ་སྲིད་ཀྱི་རྩ་བའི་སྒྲིག་ལམ་ལ་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་ཕྱོགས་ཀྱིས་ཁ་ཕྱོགས་བྱེད་པ་དང་། ཏང་གི་དར་ཆས་དར་ཆ་བྱེད་པ། དུས་སྐབས་གང་འདྲ་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་སྲོག་ཤིང་ལ་ཡིད་ཆེས་དང་། སྲོག་ཤིང་ལ་ལྷག་བསམ་རྣམ་དག སྲོག་ཤིང་ལ་སྲུང་སྐྱོང་བཅས་མཐའ་གཅིག་ཏུ་བྱེད་ཐུབ་པ་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འོད་ཟེར་སྟོང་ལྡན་གྱི་གཟུགས་བརྙན་སྲུང་སྐྱོང་བྱེད་དགོས།

    “རུལ་སུངས་ལ་ངོ་རྒོལ་བྱེད་པར་གདམ་ག་མེད་པས། ངེས་པར་དུ་དཀའ་ངལ་ལ་མ་འཛེམས་པར་མདུན་སྐྱོད་བྱེད་དགོས”ཆབ་སྲིད་ཐད་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ངོ་བོ་གསལ་པོ་རྟོགས་པ་དང་གོ་བ་མཐར་ཕྱིན་པ་ལོན་ཚེ་གཞི་ནས་རྒྱུན་འཁྱོངས་བྱེད་ཐུབ་པའི་ཆབ་སྲིད་ཀྱི་ཆོད་སེམས་དང་ཆབ་སྲིད་ཀྱི་ངེས་ཤུགས་ལྡན་ཏེ་ཤོར་ན་མི་འགྲིག་ལ་གཏན་ནས་ཤོར་མི་རུང་བའི་འཐབ་རྩོད་འདིར་རྒྱལ་ཁ་ལེན་ཐུབ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་མཐོ་རུ་ཧུར་ཐག་བཏང་སྟེ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་གཙོ་བོར་འཛིན་པ་དང་། མི་དམངས་གལ་ཆེར་འཛིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་རྩ་བར་འཛིན་པ་བཅས་བྱེད་པ་དང་།  རིགས་ཁག་གི་རུལ་སུངས་གནད་དོན་གྱི་ཆབ་སྲིད་ཀྱི་ངོ་བོ་དང་ཆབ་སྲིད་ཀྱི་གནོད་འཚེར་ངོས་འཛིན་གཏིང་ཟབ་བྱེད་པ། བྱ་སྤྱོད་འགྲིག་མིན་དབྱེ་བ་གསལ་པོ་འབྱེད་པ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་གཅོག་པ་བཅས་བྱས་ཏེ། གསར་བརྗེའི་ས་གཞིའི་རང་མདངས་ནམ་ཡང་མི་འགྱུར་བའི་འགན་ལེན་བྱེད་དགོས། ཆབ་སྲིད་ཀྱི་གོ་བ་ལོན་ནུས་ཆེ་རུ་ཧུར་ཐག་བཏང་སྟེ་ཆབ་སྲིད་ཀྱི་ཐད་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་གལ་ཆེན་དང་། རྩ་དོན་གལ་ཆེན། གཙོ་གནད་ལས་འགན་བཅས་ཀྱི་ཆབ་སྲིད་ཀྱི་ནང་དོན་ལ་གོ་བ་ཡག་པོ་དང་གོ་བ་མཐར་ཕྱིན་པ་བླངས་ནས་ཆབ་སྲིད་ཐད་ཀྱི་གོ་ཤེས་ཅན་དངོས་འབྲེལ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པ་གསར་པ་དང་། ཆོད་འདོམས་གསར་པ། བླང་བྱ་གསར་པ་བཅས་ཇི་མ་ཇི་བཞིན་དོན་འཁྱོལ་གནད་སྨིན་དངོས་འབྲེལ་ཡོང་བར་བྱེད་དགོས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་ཆེ་རུ་ཧུར་ཐག་བཏང་སྟེ་ཏང་ཀྲུང་དབྱང་གིས་གསལ་སྟོན་གནང་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གཏན་འཁེལ་གནང་བའི་མདུན་སྐྱོད་ཀྱི་ལམ་ཕྱོགས་གཞིར་བཟུང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་པ་དང་། རྟག་ཏུ་ཚད་གཞི་དང་ཡང་ཡང་བསྡུར་བ། དུས་ཐོག་ཏུ་ཡོ་སྲོང་བ། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། དོན་འཁྱོལ་གནད་སྨིན་འགན་ལེན་བཅས་བྱས་ཏེ་ཏང་ཀྲུང་དབྱང་གིས་འབོད་སྐུལ་ལ་མཐའ་གཅིག་ཏུ་བརྡ་ལན་ཞུ་བ་དང་། ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གིས་བཀག་པ་མཐའ་གཅིག་ཏུ་མི་བྱེད་པ་བཅས་ཏན་ཏིག་བྱེད་དགོས།

    ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་རང་རྒྱལ་གྱི་འབྱུང་འགྱུར་ལོ་ལྔ་དང་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་ལ་བརྗིད་ཆེའི་འཆར་གཞི་བཀོད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པས་དུས་རབས་གསར་པར་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་གྱི་ལྟ་བཤེར་དང་འགན་འཁྲི་རྩད་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་ལ་དམིགས་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་པ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་མྱུར་པོ་བྱེད་པ་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་པོར་དམིགས་པ་བཅས་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་ནུས་ལྡན་དང་། ལྟ་སྐུལ་ཞིབ་བཤེར་བྱེད་རིང་ཤེས་རྟོགས་ཐུབ་པའི་གནད་དོན་ལ་དམ་འཛིན་ལྷོད་མེད་ཀྱི་སྒོ་ནས་དག་ཐེར་བྱེད་པ་དང་ཆབས་ཅིག“ཕྱིར་མིག་ལྟ་བའི”བྱེད་སྒོ་སྤེལ་ཏེ་དམ་འཛིན་མཐར་ཕྱིན་པ་དང་ལས་དོན་སྒྲུབ་མཁས་པོ་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་དམིགས་བསལ་མཐའ་མཚམས་མི་རིགས་ས་ཁུལ་ཏེ་བོད་དུ་ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་བཅས་དགོས། འདི་ནི་ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་འཕེལ་རྒྱས་གཏོང་བར་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གལ་ཆེན་ཞིག་རེད་ཅེས་གསུངས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་ཀྱི་ཆེད་དོན་སློབ་གསོ་བཀོད་སྒྲིག་བྱས་ནས་སྤེལ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཏན་ཏིག་ནུས་ལྡན་གྱི་ཆེད་དོན་སློབ་གསོར་བརྟེན་ནས་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་བཏང་སྟེ་དེ་བས་མཐོ་བའི་ཆབ་སྲིད་ཀྱི་ཚད་གཞི་འཛུགས་པ་དང་། དེ་བས་ནན་པའི་ཏང་གཤིས་ཀྱི་ཞུན་བརྡར་སྤྲོས་པ། དེ་བས་དམ་པའི་རྩ་འཛུགས་ཀྱི་སྒྲིག་ལམ་བཟོ་བ། མི་ཚུལ་ལྡན་ཞིག་བྱེད་པའི་མཐའ་ཚད་ལས་མི་འགལ་བ་དང་། སྒྲིག་ལམ་གྱི་དམར་ཐིག་ལ་མ་རེག་པ། ཁྲིམས་འགལ་གྱི་གློག་ཆེན་ལ་མ་ཐུག་པ་བཅས་བྱས་ཏེ། འགྱུར་མེད་ཀྱི་རང་གཤིས་གྲུབ་པར་བྱས་ནས་དུས་རབས་གསར་པའི་བོད་ཀྱི་ལས་བྱེད་པའི་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་གཟུགས་བརྙན་བཟང་པོ་ནམ་ཡང་སྲུང་སྐྱོང་དང་། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལོ་རྒྱུས་ཀྱི་ལས་འགན་དེ་བས་ལེགས་པའི་སྒོ་ནས་འཁུར་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།