དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་གྲོང་གསེབ་གློག་དྲའི་གློག་བརྟན་ཚད་99%ཡན་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-02-03

    ཉིན་ཤས་གོང་། གསར་འགོད་པར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་བོད་རང་སྐྱོང་ལྗོངས་ཀྱིས་གཅིག་གྱུར་གློག་དྲ་ཕྱོགས་ཡོངས་ནས་བསྐྲུན་ཏེ། རྫོང(ཆུས)74ཚང་མར་ཁྱབ་ཐུབ་པ་དང་། མི་ཁྲི་330ཙམ་གྱི་གློག་གི་དགོས་མཁོ་བསྐངས་ཤིང་། གྲོང་གསེབ་གློག་དྲའི་གློག་བརྟན་ཚད་99.42%བར་འཕར་ནས“གློག་ལམ་ཤར་གཏོང་དང་། ཕྱུག་འགྱུར། དམངས་སེམས་གཅིག་མཐུན”བཅས་བྱུང་ཡོད།

    གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་རིམ་རྩིས་བྱས་ན་གློག་དྲར་མ་དངུལ་སྒོར་དུང་ཕྱུར་494བཏང་བ་དང་། གློག་དྲ་གཙོ་བོ་མུ་མཐུད་རིམ་སྤོར་རབས་བརྗེ་ཐུབ་སྟེ་ཆན་ཧྥུའུ་500ཡི་དྲ་སྒྲོམ་གཙོ་བོ་དང་རིམ་ཁག་གློག་དྲ་མཐུན་སྦྱོར་འཕེལ་རྒྱས་ཀྱི་བོད་ཀྱི་གཅིག་གྱུར་གློག་དྲ་ཞིག་གྲུབ་ཡོད། 2020ལོའི་ལོ་མཇུག་བར་བོད་ཀྱི་སྤྱི་ཚོགས་ཧྲིལ་པོས་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་82ལྷག་ཙམ་ཟིན་ཏེ་ལྡབ་འཕར་བྱུང་ཞིང་། རིམ་རྩིས་ལྟར་ན་ཕྱི་ཕྱོགས་སུ་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་65ཟིན་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་སྔོན་ཐོན་གྱི་ནུས་རྒྱུའི་དྲ་སྦྲེལ་ཁེ་ལས་གཞི་རྩའི་ཆ་ནས་སྐྲུན་པའི་རྒྱང་རིང་དམིགས་ཚད་ལ་གཞིགས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགག་སྒྲོལ་དམག་འཐབ་དང་། ནུས་རྒྱུ་གཙང་མ་འཕེལ་རྒྱས་དང་། བསྡུ་ཉར་གཙང་སེལ། ཕྱིར་གཏོང་བཅས་ཀྱི་འགག་སྒྲོལ་དམག་འཐབ། རིམ་ཁག་གློག་དྲ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་གཏོང་བའི་འགག་སྒྲོལ་དམག་འཐབ། དམངས་འཚོར་ཞབས་འདེགས་ཞུ་བའི་འགག་སྒྲོལ་དམག་འཐབ། སྤུས་ཚད་དང་ཕན་འབྲས་མཐོར་གཏོང་གི་འགག་སྒྲོལ་དམག་འཐབ། ཀུང་སིའི་དོ་དམ་ལེགས་གཏོང་གི་འགག་སྒྲོལ་དམག་འཐབ། སྒྲིག་སྲོལ་ལམ་སྲོལ་གྱི་སྲིད་ཇུས་བརྩོན་ལེན་བྱེད་པའི་འགག་སྒྲོལ་དམག་འཐབ། སྤྱོད་ཚུལ་འཛུགས་སྐྱོང་གི་འགག་སྒྲོལ་དམག་འཐབ་བཅས་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།