དབུ་ཤོག>ཆེད་སྒྲིག
  • སོག་རྫོང་མཁར་དམར་བདུད་རྩི་དགེ་ཆུ་མཉམ་ལས་ཁང་གིས་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-31

    ཉེ་བའི་ལོ་ཤས་རིང་། སོག་རྫོང་གིས་ཡུལ་བབ་དང་བསྟུན་ཏེ་ལེགས་ལྡན་ཐོན་ལས་སྔོན་ལ་འཕེལ་རྒྱས་བཏང་ཞིང་། ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་སྒྱུར་བ་དང་། མཉམ་སྡེབ་དཔལ་འབྱོར་གྱི་མྱུར་ཚད་ཇེ་མགྱོགས་དང་ཕན་འབྲས་ཇེ་ཆེར་གཏོང་རྒྱུར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བས། ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་ཐེབས་ཏེ་འབྱོར་འབྲིང་ལམ་དུ་སྐྱོད་པའི་མཛེས་རིས་ཤིག་བྲིས་ཡོད།

    སོག་རྫོང་གི་རྫོང་གྲོང་དང་བར་ཐག་སྤྱི་ལེ་བཅུའི་སར་ཡོད་པའི་གཡག་ལ་གྲོང་རྡལ་མཁར་དམར་གྲོང་ཚོར་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། སོག་རྫོང་གི་རྫོང་ཨུད་དང་རྫོང་སྲིད་གཞུང་གི་སྣེ་ཁྲིད་ཡང་དག་འོག 2015ལོར་ཡུལ་མིས་མ་དངུལ་མཉམ་བསྡུ་བྱས་ཏེ་མཁར་དམར་བདུད་རྩི་དགེ་ཆུ་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། མཉམ་ལས་ཁང་གིས་དྭངས་གཙང་འཐུང་ཆུ་ལས་སྣོན་བྱས་ཏེ། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་དྭངས་གཙང་གནོད་མེད་བྱ་གཏེར་ཆུ་མཁོ་འདོན་བྱས་པར། རྒྱ་ཆེའི་འཛད་སྤྱོད་པའི་ཁས་ལེན་ཐོབ་པ་མ་ཟད། མཉམ་ལས་ཁང་ཡང་རྒྱུན་མཐུད་འཕེལ་རྒྱས་བྱུང་ཡོད།

    གསར་འགོད་པ་སོག་རྫོང་གཡག་ལ་གྲོང་རྡལ་མཁར་དམར་གྲོང་ཚོའི་ཡུལ་མི་ཨུ་ལྷན་དུ་སྐྱོད་སྐབས། ཡུལ་མི་ཨུ་ལྷན་ནང་མི་མང་པོ་འཛོམས་ཤིང་། དགའ་བའི་འཛུམ་མདངས་འཕྱུར་བའི་ཡུལ་མི་ཚོས་མཉམ་ལས་ཁང་གི་2020ལོའི་བགོ་འགྲེམས་མཛད་སྒོ་འཚོག་རྒྱུར་སྒུག་འདུག དགའ་སྤྲོ་རབ་ཏུ་འཁོལ་བའི་རྣམ་པའི་ཁྲོད་དུ་མཉམ་ལས་ཁང་གིས་གྲོང་ཚོའི་ཡུལ་མི་དུད་ཚང་107ཡོངས་ལ་རྐང་ཞུགས་བསྡུར་ཚད་གཞིར་བཟུང་བགོ་འགྲེམས་དང་ལོ་མཇུག་གི་གླ་ཕོགས་བསྡོམས་རྩིས་བརྒྱབ་ཅིང་། ཁྱོན་མི་དམངས་ཤོག་སྒོར་367908ཡོད་པའི་ནང་དུད་ཚང་རེར་ཡོང་འབབ་མཐོ་ཤོས་ལ་སྒོར་25000དང་དམའ་ཤོས་ལའང་སྒོར་1000བྱུང་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།