དབུ་ཤོག>ཆེད་སྒྲིག
  • ཉི་མ་རྫོང་རོང་དམར་ཤང་གི་གནས་སྤོས་མང་ཚོགས་སོ་ཕག་གི་ཁང་པ་ནས་སྤྲོ་ཁང་ནང་སྤོས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-31

    2018ལོར་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་རོང་དམར་ཤང་གི་མང་ཚོགས་ཚོ་ལྷ་ས་དང་བར་ཐག་སྤྱི་ལེ་40ལྷག་ཙམ་ལས་མེད་པའི་རྒུ་རུམ་ཤང་དུ་གནས་སྤོས་བྱས་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད། སྡོད་ཁང་དང་། སྨན་བཅོས། འགྲིམ་འགྲུལ་སོགས་རྨང་གཞིའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ཏེ“གནས་སྤོ་ཐུབ་པ་དང་གཞིས་ཆགས་ཐུབ་པ”བྱུང་ཡོད། གནས་སྤོས་མང་ཚོགས“ལས་ཞུགས་ཐུབ་པ་དང་ཕྱུག་པོ་ཆགས་པ”ཇི་ལྟར་བྱེད་དགོས་མིན་དེ་ཤང་ཏང་ཨུད་དང་སྲིད་གཞུང་གི་བསམ་གཞིག་བྱེད་སའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད།

    “དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྐྱོར་བྱེད་པ་དང་དབུལ་སྐྱོར་བྱེད་པར་ངེས་པར་དུ་བློ་སྐྱོར”བྱེད་དགོས། རོང་དམར་ཤང་གིས“རིག་སྐྱོར་དང་བློ་སྐྱོར”ལས་དོན་ཨང་དང་པོར་བཞག་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ནན་ཏན་ངང་སྤེལ་བ་དང་། ཉེ་འགྲམ་གྱི་མི་དང་བྱ་བའི་ཐོག་ནས་དཀའ་སྤྱད་འབད་བརྩོན་ལས་ཕྱུག་པོ་ཆགས་པའི་དཔེ་མཚོན་བྱས་རྗེས་གླེང་སྟེ་དུད་ཚང་མི་རེ་ངོ་རེ་སྐུལ་སློང་བྱེད་པ་དང་གནས་ལུགས་རྒྱུ་མཚན་བཤད་ཡོད། སྒྲོག་འགྲེལ་ཐེངས་ཁ་ཤས་བྱས་པ་བརྒྱུད་ཁ་བརྡ་གློད་མཁན་ཉུང་དུ་ཕྱིན་པ་དང་། ལས་ཀ་བྱེད་མཁན་མང་དུ་སོང་བ། ངལ་རྩོལ་ལ་བརྟེན་ནས་ཕྱུག་པོ་ཆགས་བའི་འདུ་ཤེས་ཟབ་ཏུ་ཕྱིན་པ་བཅས་ལས་ཕྱིར་ལས་མི་བྱེད་པར་འགྲོ་བའི་བསམ་བློ་འཁོར་མཁན་མང་དུ་སོང་ཡོད།

    མིག་སྒྲོན་ཁྱིམ་ནི་དེའི་ནང་གི་དཔེ་མཚོན་ཞིག་ཡིན། མིག་སྒྲོན་ཁྱིམ་དུ་ནང་མི་5ཡོད་པ་དང་། གནས་སྤོས་མ་བྱས་གོང་སྨི་60ཟིན་པའི་སོ་ཕག་གི་ཁང་པའི་ནང་སྡོད་ཀྱི་ཡོད། བཟའ་ཚོར་ཕྱུག་འགྱུར་གྱི་རྩལ་ནུས་གཅིག་རྐྱང་མེད་པས་ཡོང་འབབ་བརྟན་པོ་མེད། 

    རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཀྱི་མ་དངུལ་ལ་བརྟེན་ནས་འཚོ་བ་འཁྱོལ་ཙམ་ཡོད། གནས་སྤོས་རྗེས། ཤང་ཏང་ཨུད་དང་སྲིད་གཞུང་གིས་མིག་སྒྲོན་མ་བྱན་གྱི་གསོ་སྦྱོང་འཛིན་གྲྭར་བཀོད་སྒྲིག་བྱས་པ་དང་འབྲེལ་ཁོང་ལ་ཟ་ཁང་གི་ལས་ཀ་ངོ་སྤྲོད་བྱས་ཡོད། མིག་སྒྲོན་ལས་ཀར་ཧུར་བརྩོན་ཆེ་བ་དང་། ཞབས་ཞུའི་རྣམ་འགྱུར་ལེགས་པ། ཁ་ལག་བཟོ་རྩལ་ལེགས་པ་བཅས་ལས་སྐུ་མགྲོན་ཚོས་དགའ་པོ་བྱེད་ཀྱི་ཡོད་པ་དང་། མིག་སྔར་ཟླ་གཅིག་ལ་ཡོང་འབབ་སྒོར་5000ལྷག་ཙམ་ཡོད། ཤང་ཏང་ཨུད་དང་སྲིད་གཞུང་གིས་ཀྱང་མིག་སྒྲོན་གྱི་ཁྱོ་བོར་ལས་ཀ་བཀོད་སྒྲིག་བྱས་པར་ཟླ་རེར་གཏན་འཇགས་ཡོང་འབབ་སྒོར་3500ཡོད་པ་ལས། “གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ལས་ཞུགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་མངོན་འགྱུར་བྱུང་ཡོད། དེ་དག་ལས་མིག་སྒྲོན་དགའ་ཤོས་དང་བློ་བདེ་ཤོས་བྱེད་པ་ནི་གནས་སྤོས་རྗེས་ཁོང་གི་ཕྲུ་གུ་གསུམ་གྱི་སློབ་སྦྱོང་སྦྱང་འབྲས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

    སོ་ཕག་གི་ཁང་པ་ནས་ཞིང་པའི་སྤྲོ་ཁང་དུ་སྡོད་པ་དང་མ་མཐའི་འཚོ་བའི་འགན་ལེན་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བ། བདེ་སྐྱིད་ལྡན་པའི་འཚོ་བ་ནི་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་དང་ཁ་འབྲལ་ཐབས་མེད། མིག་སྒྲོན་ཁྱིམ་ནི་ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བའི་བསྡུས་རིས་ཙམ་ཞིག་ཡིན་ལ། བསམ་བློར་འགྱུར་ལྡོག་བཏང་སྟེ་རང་ཉིད་ཀྱི་དཀའ་སྤྱད་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པའི“དཔེ་དམག”ཅིག་དེ་བས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།