དབུ་ཤོག>ཆེད་སྒྲིག
  • སྦྲ་ཆེན་རྫོང་གིས་ལས་རིགས་རྩལ་ནུས་ཀྱི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-31

    སྦྲ་ཆེན་རྫོང་གིས་ལས་རིགས་རྩལ་ནུས་ཆེར་གཏོང་གི་བྱ་སྤྱོད་གཏིང་ཟབ་སྤེལ་ནས། རྩལ་ནུས་གསོ་སྦྱོང་བྱེད་སྟངས་གསར་གཏོད་བྱེད་པ་དང་། སྦྲ་ཆེན་རྫོང་གི་གཞི་ཁྱོན་ཅན་དང་། ཁྱད་ལྡན་ཅན། ཐོན་ལས་ཅན་བཅས་ཀྱི་བཟའ་འཐུང་ཞབས་ཞུའི་ལས་རིགས་དཔུང་ཁག་མགྱོགས་མྱུར་གཏོད་པ། ལས་གཏོད་ལ་སྔར་བས་སྐུལ་འདེད་དང་ལས་ཞུགས་རྒྱ་ཆེར་གཏོང་བ་བཅས་བྱ་ཆེད། སྦྲ་ཆེན་རྫོང་མི་སྤྱི་ཅུས་ཀྱིས་བོད་ཟས་བཟོ་སྟངས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་ཡོད། མིག་སྔར་དུས་ཡུན་ཉིན་45ཡི་བོད་ཟས་བཟོ་སྟངས་ཀྱི་གསོ་སྦྱོང་འཛིན་གྲྭ་སློབ་མཇུག་བདེ་བླག་ངང་འགྲིལ་ཡོད།

    སློབ་མཇུག་འགྲིལ་ཡུལ་དུ། སྦྲ་ཆེན་རྫོང་མི་སྤྱི་ཅུས་ཀྱི་ལས་དོན་མི་སྣས་སློབ་མ་ཚོགས་ཆུང་5རུ་བགོས་ནས། སློབ་མ་ཚོས་ས་གནས་ས་ཐོག་ཏུ་ཚལ་སྣ་ཚོགས་བཟོས་པ་ལས། སློབ་མ་ཚོས་བཟའ་བཅའི་རྒྱུ་ཆ་གྲ་སྒྲིག་དང་། སྨན་སྣ་སྤྱོད་སྟངས། མེ་ཤུགས་ཆེ་ཆུང་། ཚལ་གྱི་མདོག ཚལ་གྱི་བྲོ་བ་སོགས་ཐད་ཀྱི་རྩལ་ནུས་ཁོང་དུ་ཆུད་མེད་ལ་དཔྱད་ཞིབ་བྱས་པ་མ་ཟད། མཐར་སློབ་མ་50ཚང་མ་དཔྱད་ཞིབ་ཚད་ལོན་ཐུབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།