དབུ་ཤོག>ཆེད་སྒྲིག
  • གྲོང་ཚོར་བཅའ་སྡོད་ལོ་ལྔ་བྱེད་རིང་དབུལ་སྐྱོར་གྱི་ལག་རོགས་ཡག་པོར་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-29

    ལོ་བརྒྱད་རིང་ཐེངས་གསུམ་བསྐྱོད་པ་དང་། ལོ་ལྔའི་རིང་བོད་ཀྱི་ཐག་རིང་ཞིང་འབྲོག་ཁུལ་དུ་བཅའ་སྡོད་བྱས་ཏེ་རྡོ་རྗེ་རབ་བརྟན་གྱི་མི་ཚེ་དང་ས་ཁུལ་དབུལ་པོའི་མང་ཚོགས་དབར་འབྲེལ་བ་དམ་ཟབ་ཆགས་ནས་མང་ཚོགས་ཚང་མའི་ཁས་ལེན་ཐོབ་པ་རེད།

    2012ལོའི་ཟླ་10པར་རྡོ་རྗེ་རབ་བརྟན་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གྲི་གནས་གྲོང་ཚོར་བཅའ་སྡོད་བྱེད་པར་མངགས་པ་དང་། གཞུང་ལམ་ཤར་གཏོང་ཐུབ་མེད་པས་གྲོང་ཚོ་དེར་བསྐྱོད་པར་ལ་ལྔ་རྒྱག་དགོས་ལ། སྤྱི་ལེ་180ཡོད་པའི་ལམ་དུ་སྦག་སྦག་བཏང་ཚེ་ཆུ་ཚོད་ལྔ་འགོར་གྱི་ཡོད་པས་དཀའ་ཚེགས་ཆེ་བའི་ལམ་དེས་ཁོང་ལ་བག་ཆགས་ཟབ་མོ་བཞག་པ་རེད།

    གྲོང་ཚོར་འབྱོར་མ་ཐག་རྡོ་རྗེ་རབ་བརྟན་གྱིས་ཐོག་མའི་ལས་འགན་གཏན་འཁེལ་བྱས་ཏེ་གྲོང་ཚོར་རོགས་རམ་བྱས་ནས་སྦག་སྦག་འགྲོ་སའི་ལམ་བུ་ཞིག་བསྐྲུན་རྒྱུའི་སེམས་ཐག་བཅད། དེས་ན་ཁོང་གིས་ཆབ་མདོ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་སྤྲད་པའི་དབུལ་སྐྱོར་མ་དངུལ་སྒོར་ཁྲི་10ཡི་ནང་ནས་མང་ཚོགས་དབུལ་པོར་རོགས་སྐྱོར་བྱེད་པའི་དངུལ་ཕུད་པའི་གཞན་དག་ཚང་མ་ལམ་བསྐྲུན་པའི་ཐད་སྤྱད་པ་རེད།

    ལམ་བུ་ཤར་གཏོང་ཐུབ་རྗེས་རྡོ་རྗེ་རབ་བརྟན་གྱིས་ཀྲི་པུའི་ཚོགས་འདུ་འཚོགས་པ་དང་། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་བསམ་བློའི་སློབ་གསོ་བརྒྱབ་ནས་ཐབས་བརྒྱ་ཇུས་སྟོང་གིས་གྲོང་མི་ཚོའི་ལྟ་བར་འགྱུར་ལྡོག་བཏང་བ་དང་མང་ཚོགས་ཕྱི་རོལ་དུ་གླ་པ་རྒྱུག་ནས་ཡོང་འབབ་གསོག་ཏུ་བཅུག་པ་རེད། “མ་གཞི་སྐབས་དེ་དུས་ཉིན་རེའི་གླ་ཆ་སྒོར་80ལྷག་ཙམ་ལས་མེད་མོད། འོན་ཀྱང་ངལ་རྩོལ་ནུས་ཤུགས་ཕན་མེད་དུ་བཞག་པ་དང་བསྡུར་ན་གྲོང་མི་ཚོ་ཕྱིར་གླ་པ་རྒྱུག་པའི་ཡོང་འབབ་མང་དུ་ཕྱིན་ཡོད་ལ། འཚོ་བ་ཡང་ལེགས་སུ་ཕྱིན་ནས་མི་སེར་ཚོའི་བསམ་བློར་མགྱོགས་མྱུར་འགྱུར་ལྡོག་བྱུང་ཡོད”ཅེས་རྡོ་རྗེ་རབ་བརྟན་གྱིས་བརྗོད།

    2017ལོར་རྡོ་རྗེ་རབ་བརྟན་གྱིས་ཡང་བསྐྱར་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྲིབ་མདའ་ཤང་དུ་བཅའ་སྡོད་བྱས་པ་དང་། དེ་གར་འབྲོག་ཁུལ་ཡིན་ཞིང་འབྲོག་པ་ཚོ་ཁ་ཐོར་དུ་གནས་ཡོད་པ་རེད། རྡོ་རྗེ་རབ་བརྟན་གྱིས་འབྲེལ་གཏུག་བྱས་པའི་གྲོང་ཚོར་རང་བྱུང་གྲོང་ཚོ་6ཡོད་པའི་ནང་གྲོང་ཚོ་3ལ་འཕྲིན་གཏོང་བརྡ་རྟགས་མེད་པས། ཞབས་ཞུ་དང་དོ་དམ་བྱེད་པར་དཀའ་ཚེགས་ཆེན་པོ་ཡོད་ལ་གྲོང་མི་ཚོར་ཡང་སྟབས་ཧ་ཅང་བདེ་པོ་མེད། དེས་ན་རྡོ་རྗེ་རབ་བརྟན་གྱིས་ས་གནས་དེ་གའི་གློག་འཕྲིན་སྡེ་ཚན་དང་འབྲེལ་གཏུག་བྱས་ཏེ་གྲོང་ཚོར་སྦྲེལ་ཚུགས་ཤིག་བཙུགས་ནས་ས་གནས་དེ་གའི་གྲོང་མིའི་འཕྲིན་གཏོང་གི་གནད་དོན་ཐག་གཅོད་བྱས་པ་དང་འབྲེལ་འཛུགས་སྐྲུན་བྱེད་རིང་གྲོང་མིས་གླ་པ་རྒྱུག་ནས་ཡོང་འབབ་ཀྱང་མི་ཉུང་བ་ཞིག་བསགས་ཐུབ་ཡོད།

    2018ལོ་ནི་རྡོ་རྗེ་རབ་བརྟན་གྲོང་སྡོད་དབུལ་སྐྱོར་ལས་དོན་ནང་ཞུགས་ཐེངས་གསུམ་པ་དེ་ཡིན་ཞིང་། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་བཀྲ་གཡུས་གྲོང་རྡལ་རྨིག་པ་གྲོང་ཚོར་བཅའ་སྡོད་བྱེད་པར་མངགས་ནས་གྲོང་ཚོ་དེའི་ཧྲུའུ་ཅི་དང་པོའི་འགན་འཁུར་ཏེ་གྲོང་ཚོར་བཅའ་སྡོད་ལོ་གསུམ་བྱས་པ་རེད།

    རྨིག་པ་གྲོང་ཚོ་གཡང་གཟར་གྱི་རི་ཁུག་ཏུ་གནས་ཀྱང་ས་བབ་མཐོ་ཚད་ཅུང་དམའ་ལ་ཉི་འོད་ཕོག་ཡུན་རིང་པོ་ཡོད་པ་མ་ཟད། རྒྱལ་མོ་རྔུལ་ཆུའི་ངོགས་སུ་གནས་པས་ཆུའི་ཐོན་ཁུངས་འབེལ་པོ་ཡོད་སྟབས་རྡོ་རྗེ་རབ་བརྟན་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ནགས་ལས་དང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུའི་ཐད་མོས་མཐུན་གཅིག་གྱུར་བྱུང་བ་རེད།

    རྡོ་རྗེ་རབ་བརྟན་གྱིས་ཆབ་མདོ་ནགས་ལས་ཀུང་སི་དང་འབྲེལ་གཏུག་བྱས་པས་ཁམ་བུའི་སྡོང་ཕྲུག་རྐང་100དང་། སྟར་ཀའི་སྡོང་ཕྲུག་རྐང་100 ཀུ་ཤུའི་སྡོང་ཕྲུག་རྐང་300བཅས་རག་པ་རེད། རྡོ་རྗེ་རབ་བརྟན་གྱིས་གནད་སྨིན་དབུལ་སྐྱོར་དུད་ཚང་དང་སྤྱིར་བཏང་གི་དུད་ཚང་དབུལ་པོ་སོགས་ཀྱི་ཚད་གཞི་ལྟར་འདྲ་མཉམ་དང་ལུགས་མཐུན་ངང་སྡོང་ཕྲུག་དེ་དག་མི་སེར་ཚོར་རྩིས་སྤྲད་པ་རེད། དགའ་འོས་པ་ཞིག་ལ་2019ལོར་སྡོང་ཕྲུག་དེ་དག་ལ་འབྲས་བུ་བཏགས་ནས་མི་སེར་ཚོའི་དཔལ་འབྱོར་ཡོང་ཁུངས་གསར་པ་ཞིག་ཏུ་གྱུར་པ་རེད།

    2020ལོར་རྡོ་རྗེ་རབ་བརྟན་དང་གྲོང་སྡོད་རུ་མི་གཞན་དག་གིས་སྦྲང་རྩི་ལས་སྣོན་རྣམ་གྲངས་རེ་ཞུ་བྱས་ནས་ས་གནས་དེ་གའི་སྦྲང་རྩིའི་སྤུས་ཀ་ལེགས་ཀྱང་གཞི་ཁྱོན་ཆགས་མེད་པའི་གནད་དོན་ཐག་གཅོད་བྱས་པ་རེད། རྣམ་གྲངས་དེར་མ་དངུལ་སྒོར་ཁྲི་50བཏང་ནས་ས་གནས་དེ་གར་སྦྲང་རྩི་ལས་སྣོན་བཟོ་གྲྭ་བཙུགས་པ་དང་། ཁྲོམ་ར་དང་ཐད་ཀར་འབྲེལ་མཐུད་བྱས་ཏེ་སྦྲང་རྩི་ལས་སྣོན་དང་། ཉར་ཚགས། སྐྱེལ་འདྲེན་བཅས་ལ་འགན་ལེན་བྱས་པས་ས་གནས་དེ་གའི་མི་སེར་ཚོའི་འབབ་ཁུངས་གཞན་ཞིག་ཏུ་གྱུར་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།