དབུ་ཤོག>ཆེད་སྒྲིག
  • བོད་ཀྱིས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་སྐོར་གྱི་སྲོལ་ཡིག་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-28

     ཟླ་1ཚེས་24ཉིན་གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》(གཤམ་དུ“སྲོལ་ཡིག”ཅེས་བསྡུ་རྒྱུ)ཚེས་24ཉིན་གྱི་སྔ་དྲོར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་མོས་ཤོག་ཆ་ཚང་ཐོབ་པ་དང་། སྲོལ་ཡིག་དེ་2021ལོའི་ཟླ་5ཚེས་1ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་དེ་ཡིན་པ་དང་། སྲོལ་ཡིག་ནང་སྤྱིའི་རྩ་དོན་དང་། སྐྱེ་ཁམས་འཆར་འགོད། སྐྱེ་ཁམས་བདེ་འཇགས། སྐྱེ་ཁམས་དཔལ་འབྱོར། སྐྱེ་ཁམས་རིག་གནས། དཔེ་སྟོན་འཛུགས་གཏོད། སྤྱི་ཚོགས་མཐུན་སྦྱོར། ལྟ་སྐུལ་འགན་ལེན། བཅའ་ཁྲིམས་འགན་འཁྲི་བཅས་དང་དེ་བཞིན་ཞར་བྱུང་དོན་ཚན་བཅས་བསྡོམས་ལེའུ་བཅུ་དང་དོན་ཚན་68ལ་དབྱེ་ཡོད་པ་རེད། དེའི་ནང་ཁྲིམས་འཛུགས་ཀྱི་དམིགས་ཡུལ་དང་། ཁྲིམས་འཛུགས་ཀྱི་གཞི་འཛིན་ས། བཀོལ་སྤྱོད་ཁྱབ་ཁོངས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པའི་དོན་སྙིང་གལ་ཆེན་བཅས་གསལ་པོ་བཟོས་པ་མ་ཟད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་བསྐྲུན་རྒྱུའི་འཆར་འགོད་བཟོ་བའི་ཐད་བླང་བྱ་བཏོན་པ་དང་། སྐྱེ་ཁམས་ཤེས་དཔལ་མཐོ་ས་བསྐྲུན་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་པ་དང་། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དང་ཕན་ཚུན་སྦྲེལ་མཐུད། ཆེད་དོན་འཆར་འགོད་བཟོ་བ་སོགས་ལ་བླང་བྱ་བཏོན་ནས་གཅིག་གྱུར་གྱི་འཆར་འགོད་མ་ལག་ཆགས་པ་རེད། རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་རྒྱུ་དེ་སྔར་བས་གཞི་རྟེན་དུ་བྱེད་པ་དང་སྐྱེ་ཁམས་ཤེས་དཔལ་མ་ལག་བསྐྲུན་རྒྱུ་དེ་འདེགས་སྐྱོར་དུ་བྱས་ནས་གྲུབ་ཆ་དང་ནང་དོན་བཀོད་སྒྲིག་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཁྲོད་ཀྱི་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་མི་སྒེར་བཅས་ཀྱི་འགན་འཁྲི་དང་འོས་འགན་ཚད་ལྡན་དུ་བཏང་བ་རེད།

    གོམ་སྟབས་རྗེས་མར། སྲོལ་ཡིག་གིས“མཐོ་ས་ལྔ”ལ་བརྟེན་ནས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུ་སྟེ། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་འཐབ་ཇུས་ས་ཆ་དང་། རྒྱལ་ཁབ་ལྗང་མདོག་འཕེལ་རྒྱས་ཀྱི་ཚོད་ལྟའི་ས་ཆ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྒྱལ་ཁབ་ཀྱི་དཔེ་སྟོན་ས་ཆ། རྒྱལ་ཁབ་རང་བྱུང་སྲུང་སྐྱོང་གི་མ་དཔེའི་ས་ཆ། རྒྱལ་ཁབ་སྐྱེ་ཁམས་དམངས་ཕྱུག་གི་སྔོན་སྒྲུབ་ས་ཆ་བཅས་རེད།

    “ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་ནན་ཤོས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཚེ། གཞི་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པར་བློས་འགེལ་ཆོག་པའི་འགན་ལེན་བྱེད་ཐུབ”ཅེས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་སྤྱི་གཞོན་པ་ཀྲོའུ་དབྱི་ཧྥེང་གིས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།