ཏང་འཛུགས་སྐྱོང་སྟོབས་དང་ལྡན་ན་བྱ་གཞག་དར་ཞིང་རྒྱས་ཐུབ། ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ན་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་ཐུབ། གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་གཞི་རྩའི་ཕྱོགས་སྟོན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། ཚན་ཁག་སྟོབས་ཆེར་གཏོང་བ་དང་། དཔུང་ཁག་འཛུགས་སྐྱོང་། འཇོན་ཐང་ཆེར་གཏོང་དང་། ལམ་ལུགས་འཛུགས་སྐྱོང་། འཚོལ་ཞིབ་ཧུར་ཐག རང་འགུལ་ངང་བྱ་སྤྱོད་སྤེལ་བ། མཉམ་དུ་ཤུགས་འདོན། གནད་སྨིན་ཇུས་འདོན་བཅས་བྱས་ཏེ། ཏང་འཛུགས་སྐྱོང་གི་ལེགས་ཆ་དེ་དབུལ་སྐྱོར་གྱི་ལེགས་ཆར་འགྱུར་བ་བྱས་པ་དང་ཏང་འཛུགས་སྐྱོང་གི་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་ཐོན་ཁུངས་སུ་འགྱུར་བ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པར་རྩ་འཛུགས་ཀྱི་འགན་ལེན་བྱས་པས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་མགྱོགས་སུ་ཕྱིན་པ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ཡག་པོ་བྱ་རྒྱུར་སྐུལ་མའང་ཐེབས་ནས། རྫོང་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་625ཚང་མ་དབུལ་སྒྲོལ་ཐུབ་ཡོད།
གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས་ཏང་དར་ལྷབ་ལྷུབ་ཏུ་གཡོ་བའི་འགག་སྒྲོལ་མཁར་རྫོང་བརྟན་པོ་བསྐྲུན་པ།
འགྲིགས་ཤང་ཟུར་སྤེ་གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་འོག་གྲོང་ཚོ་དེས་མ་དངུལ་སྤྱོད་མཁས་པོ་བྱས་པ་དང་། མི་ལ་གཞིགས་ནས་དུད་ཚང་དབུལ་པོ་ལུག་གསོ་ཚགས་དང་། ཚོང་དོན། བཤས་གཏོང་། ལས་སྣོན་ཐོན་ལས་སྦྲེལ་ཐག་བཅས་ཀྱི་ཁྲོད་བཅུག་ཡོད། 2019ལོའི་ཟླ་2པར་མ་དངུལ་ཁྲི་300ཐོ་བཀོད་བྱས་པའི་ལུག་གསོ་ཚགས་མཉམ་ལས་ཁང་བསྐྲུན་པ་དང་། 2020ལོར་སྔོ་ཚལ་སྙོལ་ས་གཅིག་བསྐྲུན་པས་གྲོང་ཚོའི“ཨུ་ལྷན་གཉིས”དང་། མཉམ་ལས་ཁང་། དུད་ཚང་དབུལ་པོ་བཅས་ལ་མཉམ་དུ་ཕན་པ་ཐོབ་ཡོད།
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བརྒྱུད་རིམ་ནང་གམ་པ་རྫོང་གིས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། གཞན་རྟེན་དང་རང་རྟེན་གཉིས་ཀར་དམ་འཛིན་དང་དབུལ་སྒྲོལ་དང་འཕེལ་རྒྱས་མཉམ་དུ་འཆར་འགོད་བྱས་ཏེ་ལས་དོན་གྱི་གཙོ་གནད་དེ་དབུལ་སྒྲོལ་འགག་སྒྲོལ་ཐོག་འཇོག་པ་དང་། སྲིད་ཇུས་ཀྱི་ཐོན་ཁུངས་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཐོག་འཇོག་པ། སྟོབས་ཤུགས་ཧྲག་པོ་དབུལ་སྒྲོལ་འགག་སྒྲོལ་ཐོག་འཇོག་པ་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད། རྫོང་དེས་ཐོན་ལས་སྦྲེལ་ཐག་ཐོག་ཀྲི་པུའུ་བཙུགས་པ་དང་། ཐོན་ལས་སྦྲེལ་ཐག་ཐོག་ཏང་ཡོན་གཅིག་སྡུད་བྱས་པ། ཐོན་ལས་སྦྲེལ་ཐག་ཐོག་ནས་མང་ཚོགས་ཕྱུག་པོ་ཆགས་པ་བཅས་ཀྱི“སྦྲེལ་ཐག་གསུམ”གཏིང་ཟབ་བཙུགས་ནས་གྲོང་ཚོའི་ལས་བྱེད་པ་དང་ཏང་ཡོན་གྱིས་སྣེ་ཁྲིད་དེ་མཉམ་ལས་ཁང་འཛུགས་པ་དང་། མཉམ་ལས་ཁང་ནང་མ་རྐང་འཇོག་རྒྱུའི་སྐུལ་ལྕག་བྱས་ཡོད། མིག་སྔའི་བར་རྫོང་དེས་མཉམ་ལས་ཁང་99བསྐྲུན་པའི་ནང་ལུག་གསོ་ཚགས་མཉམ་ལས་ཁང་31ཡོད་པ་དང་། ཏང་ཡོན་གྱི་ཕྱུག་འགྱུར་སྣེ་ཁྲིད་པས་མཉམ་ལས་ཁང་གི་ལས་འཛིན་གྱི་འགན་ཁུར་བའི་མཉམ་ལས་ཁང་16ཡོད་པ། ད་དུང་མཉམ་ལས་ཁང་ཚང་མར་ཏང་ཚོགས་ཆུང་བཙུགས་པ་དང་རྫོང་ཡོངས་ཀྱི་ཞིང་འབྲོག་ཏང་ཡོན་740མཉམ་ལས་ཁང་ནང་ཞུགས་ཡོད།
ལས་བྱེད་པ་ཧྲག་འདེམས་བྱས་ནས་དམག་རྒྱག་ཐུབ་པ་དང་དམག་རྒྱག་མཁས་པའི་འགག་སྒྲོལ་དཔུང་ཁག་ཅིག་གཏོད་པ།
གམ་པ་རྫོང་གིས་ཏང་འཛུགས་སྐྱོང་དང་དབུལ་སྐྱོར་བྱ་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཤིང་། ལོ་5ཡི་རིང་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་མི་ཐེངས་58གནད་སྨིན་འདེམས་གཏོང་བྱས་པ་དང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་13དང་གྲོང་སྡོད་ལས་དོན་རུ་ཁག་ཁག་5ཡི་མི་ཐེངས་559གཞི་རིམ་དུ་མངགས་པ། གྲོང་སྡོད་ལས་དོན་རུ་ཁག་གི་དབུལ་སྒྲོལ་འགག་སྒྲོལ་ཁྱབ་ཁོངས་ཀྱི་གཅིག་སྡུད་གསོ་སྦྱོང་ཐེངས་8བཅས་བྱས་ཡོད། 2017ལོའི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེ་གོ་སྐབས་སུ་བྱས་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་170བདམས་པ་དང་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་ཀྲི་པུའུ་13ལ་དག་ཐེར་རིམ་སྤོར་བྱས་པས་གཞི་རིམ་ཏང་རྩ་འཛུགས་གིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་རྩ་འཛུགས་ཀྱི་ནུས་པ་དང་། འབོད་སྐུལ་གྱི་ནུས་པ། གཅིག་སྒྲིལ་གྱི་ནུས་པ། འཐབ་རྩོད་ཀྱི་ནུས་པ་བཅས་སྔར་བས་ཆེ་རུ་ཕྱིན་ཡོད།
དེ་དང་ཆབས་ཅིག་གམ་པ་རྫོང་གིས་རིམ་པ་མི་འདྲ་བ་དང་ལས་རིགས་མི་འདྲ་བ། ཁྱབ་ཁོངས་མི་འདྲ་བ་བཅས་ཀྱི་ཏང་ཡོན་ལས་བྱེད་པ་གཅིག་ཏུ་བསྡུས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོ་བཙུགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དཔུང་ཁག་ཟམ་མི་ཆད་པར་སྟོབས་ཆེར་བཏང་ཡོད།
འཇོན་ཐང་ཆེ་བའི་དབུལ་སྐྱོར་ལས་བྱེད་པ་ཁག་གཅིག་གིས་འགན་ནུས་འདོན་སྤེལ་ཏན་ཏིག་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་། ཆེད་ལས་མཉམ་ལས་ཁང་གི་རྩ་འཛུགས་འཛུགས་སྐྱོང་། གྲོང་གསེབ་དར་རྒྱས། མང་ཚོགས་ཀྱི་སློབ་གསོ་སོགས་དང་འབྲེལ་བ་ཡོད་པའི་ལས་དོན་གཏིང་ཟབ་སྤེལ་ཏེ། མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་ཏན་ཏིག་འཕེལ་བ་དང་མང་ཚོགས་ཀྱི་སྒུག་བརྟེན་སློང་གསུམ་གྱི་བསམ་བློར་འགྱུར་ལྡོག་ཏན་ཏིག་བཏང་ནས་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་དང་ཕྱུག་འགྱུར་འཇོན་ཐང་གི་ནུས་པ་ཆེ་རུ་བཏང་ཡོད།
ལམ་ལུགས་ཀྱི་འགན་ལེན་ནུས་པར་དོ་སྣང་བྱས་ནས་ལག་བསྟར་ནུས་ལྡན་གྱི་འགག་སྒྲོལ་མ་ལག་བཙུགས་པ།
དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོ་གང་དུ་ཡོད་སར་ཏང་རྩ་འཛུགས་དང་ཏང་ཡོན་དེ་གར་གནས་པ་དང་ཏང་དར་ཡང་དེ་གར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། གམ་པ་རྫོང་གིས“ཀྲི་པུའུ་འཛུགས་སྐྱོང་ཚད་ལྡན་ཅན་དང་། རྩ་འཛུགས་ཀྱི་འཚོ་བ་རྒྱུན་རྣམ་ཅན། ཏང་ཡོན་དོ་དམ་ཞིབ་ཚགས་ཅན། ཡིག་ཚགས་དང་རྩིས་ཁྲ་ཚད་ལྡན་ཅན”བཅས་དམ་འཛིན་བྱ་གཞིར་བྱས་ནས་ཚད་ལྡན་གྱི་ཀྲི་པུའུ་ཤུགས་ཆེན་འཛུགས་པ་དང་། དཔེ་སྟོན་གྱི་ཧྲུའུ་ཅི་གསོ་སྐྱོང་བྱེད་པ། མིག་དཔེའི་ཏང་ཡོན་གསོ་སྐྱོང་བྱེད་པ། མིག་དཔེ་དང་དཔེ་མཚོན་ཅན་གསོ་སྐྱོང་བྱེད་པ་བཅས་བྱས་ཏེ་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད།
གམ་པ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་རྒྱུ་དེ་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་དཔྱད་ཞིབ་དང་རྟོག་ཞིབ་བྱེད་པ་དང་། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་འགན་སྒྲུབ་ཚུལ་ལ་དཔྱད་གླེང་དང་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་དུ་བརྩིས་ནས། རྫོང་དང་ཤང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟ་སྐུལ་རུ་ཁག་བཙུགས་ཏེ། “མངོན་བཤེར+ལྐོག་ཞིབ”ཀྱི་ཐབས་ལམ་སྤྱད་ནས་གཞི་རིམ་དུ་ལས་དོན་བསྒྲུབ་ཚུལ་ལ་ལྟ་སྐུལ་བྱས་ཏེ་ལས་བྱེད་པའི་ལས་འགན་བསྒྲུབས་ཚུལ་དང་གཙོ་གནད་ལས་འགན་སྤེལ་ཚུལ་ཤེས་རྟོགས་བྱས་ཡོད། གྲུབ་འབྲས་མངོན་གསལ་དོད་པ་དང་མང་ཚོགས་ཀུན་གྱི་ཁས་ལེན་ཐོབ་པའི་ལས་བྱེད་པ་བཟང་པོ་བདམས་ནས་འགན་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་པ། དེ་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་བཤེར་ཁྲོད་གནད་དོན་ཚབས་ཆེན་ལྷག་རིགས་བཅོས་སྒྲིག་དང་ཕྱིར་འཐེན་བརྗེ་འཐེན་དང་། སྒྲིག་ཁྲིམས་ཀྱི་ཆད་གཅོད། འགན་འཁྲི་རྩད་གཅོད་བཅས་བྱས་ཡོད། 2016ལོ་ཚུན་དུ་རྫོང་དེས་དབུལ་སྒྲོལ་འགག་སྒྲོལ་དང་འབྲེལ་བ་ཡོད་པའི་ཕུལ་བྱུང་ལས་བྱེད་པ་32གོ་གནས་སྤར་ཡོད།