དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་རིགས་ཁོངས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད། (གནད་བསྡུས)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-27

    བོད་བརྒྱུད་ནང་བསྟན་གྱི་སྐྱོན་བྲལ་རྒྱུན་འཛིན་ལ་ཕན་པ་ཚད་གཞིར་བཟུང་ནས་ཆོས་ལུགས་རིགས་ཁོངས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

    བཀྲ་ཤིས་དོན་གྲུབ།

    སྨིན་གྲོལ་གླིང་དགོན་གྱིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་སྡེ་ཚན་གྱི་འགོ་ཁྲིད། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཞིབ་ཕྲའི་འགོ་ཁྲིད་བཅས་ཀྱི་འོག “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་གཙོ་བོར་བྱས་པའི་བྱེད་སྒོ་ཁག་རྒྱུན་མཐུད་གཏིང་ཟབ་སྤེལ་བར“བཟང་པོ་དྲུག”གི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། གཅིག་ནས་དང་ལེན་དང་དོ་དམ་ལག་ལེན་ཡག་པོ་བསྟར་བ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྲུང་བ་དང་། དགོན་སྡེ་ཁྱིམ་དུ་བརྩི་བ་དང་དགེ་འདུན་པ་གྲོགས་པོར་བརྩིས་ནས་དགོན་སྡེའི་ཞི་མཐུན་བརྟན་ལྷིང་ལ་སེམས་ནུས་ཡོད་རྒུ་བཏོན་པ་རྣམས་ངས་མིག་མཐོང་ལག་ཟིན་བྱུང་ལ། སེམས་ནང་གསལ་པོར་ངེས་ཡོད། ཁོང་ཚོ“སྤུན་མཆེད་དང་སྙིང་ཉེའི་གྲོགས་པོར”བརྩི་ཡི་ཡོད་པ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་དོ་དམ་ཁག་རང་འགུལ་ངང་དང་ལེན་ཞུས་ཏེ“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་ཧུར་ཐག་བྱེད་པ”ཕྱོགས་ཡོངས་ནས་ལག་བསྟར་གྱིས་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་བྱས་ཡོད། གཉིས་ནས་གཞོགས་འདེགས་དམ་ཟབ་དང་རྒྱབ་སྐྱོར་ཡག་པོ་བྱས་པ། “འགག་རྩའི་ཉུང་ཤས”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དགོན་སྡེ་ཡོངས་ཀྱི་དགེ་འདུན་སྒྲིག་འཛུགས་ཧུར་ཐག་བྱས་ནས་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི་སློབ་སྦྱོང་གསོ་སྦྱོང་དང་། ས་གནས་ས་ཐོག་གི་ལྟ་སྦྱོང་། རྒྱལ་གཅེས་འཕྲོད་བསྟེན་གྱི་ལས་འགུལ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན། སྤྱི་ཚོགས་ཀྱི་སྤྱི་ཕན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ལ་ཞུགས་སུ་བཅུག་པ་དང་མིག་མཐོང་ལག་ཟིན་གྱི་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང“འགག་རྩའི་དུས་སུ་ནུས་པ་ཐོན་པར”བྱས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་པོའི་ཁོངས་མི་ཚང་མ་དང་མཉམ་དུ་ཤ་རུས་འབྲེལ་བ་དང་། བསམ་ཕྱོགས་མཐུན་པ། ལས་དབང་མཉམ་འབྲེལ་བཅས་བྱས་ཡོད། གསུམ་ནས་སྲིད་ཇུས་ཀྱི་ཁྲིམས་སྲོལ་དོན་འཁྱོལ་ཡག་པོ་བྱས་པ། དད་ལྡན་མང་ཚོགས་ཀྱིས་རྒྱུ་ནོར་དང་བསམ་བློ་དེ་བས་མང་བ་མིག་སྔའི་བདེ་སྐྱིད་ལྡན་པའི་འཚོ་བར་སྤྱོད་རྒྱུར་ཁྲིད་སྟོན་དང་དད་ལྡན་མང་ཚོགས་ཀྱི་ཁུར་པོ་ཡང་དུ་བཏང་སྟེ་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན། མང་ཚོགས་དགའ་སྤྲོ་འཆམ་མཐུན་བཅས་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། བཞི་ནས་སློབ་སྦྱོང་ལ་བརྩོན་ཞིབ་བྱས་ནས་ཆུ་ཚད་མཐོ་རུ་ཡག་པོ་བཏང་བ། “ཚད་གཞི་བཞི”དང་། “ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་བཅའ་ཁྲིམས་ཁྱབ་གདལ་གཏོང་བ” “མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད” “བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་སྐོར་གྱི་སྲིད་ཇུས་དང་ཁྲིམས་སྲོལ”སོགས་སློབ་སྦྱོང་སློབ་གསོའི་བྱེད་སྒོར་ཧུར་ཐག་ཞུགས་པ་དང་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཚམ་མཐུན་ཡོང་བར་ལུགས་མཐུན་གྱི་འགྲེལ་བཤད་བརྒྱབ་པ་དང་བོད་བརྒྱུད་ནང་བསྟན་རང་ངོས་སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་རྒྱུར་འབད་བརྩོན་བྱས་ནས་ཏང་ལ་དགའ་ཞེན་དང། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། དགོན་སྡེར་དགའ་ཞེན་བཅས་ཀྱི་གཟུགས་བརྙན་བཟང་པོ་མངོན་ཡོད། ལྔ་ནས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཡག་པོ་བྱས་པ། བོད་གནའ་སྔ་མོ་ནས་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་བོད་བརྒྱུད་ནང་བསྟན་ཚུད་པའི་བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། དྲུག་ནས་ཏང་ཨུད་དང་སྲིད་གཞུང་གི་གདེང་འཇོག་ཡག་པོ་ཐོབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣར་སློབ་སྟོན་ནན་ཏན་གནང་བ་སེམས་ལ་བརྟན་པོར་བཞག་ནས། “ཁ་འབྲལ་ཐབས་མེད་པ་གསུམ”དང“མོས་སེམས་ལྔའི”བསམ་བློ་བརྟན་པོ་བཙུགས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བྱ་སྤྱོད་ཀྱི་ཚད་གཞིར་བཟུང་ནས་དར་ཆ་གསལ་སྟོན་དང་མདུང་རྩེ་ཁ་སྤྲོད་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་འགོ་གཙོ་བྱས་པའི་ཁ་ཕྲལ་རིང་ལུགས་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱས་པ་དང་ཁ་ཕྲལ་གྱི་གཏམ་སྤྱོད་གང་རུང་ཞིག་གི་མདུན་དུ་ངོ་རྒོལ་གྱི་རལ་གྲི་འཕྱར་ཕོད་པ་དང་སྐད་ཆ་ཤོད་ཐུབ་པར་བྱས་ཡོད།

    (རྙིང་མའི་སྒྲུབ་མཐའི་འཐུས་མི་དང་། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་སྨིན་གྲོལ་གླིང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཨུ་ཡོན། དཔེ་ཆའི་དགེ་རྒན)

    “མོས་སེམས་ལྔ”ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་དགོས།

    རྟ་ཐོག་བློ་བཟང་ཡེ་ཤེས།

    གཅིག་ནས་རྒྱལ་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་གཏོང་དགོས། སྔོན་བྱོན་དམ་པ་རྣམས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་དང་ཆོས་ལུགས་ཀྱི“རྒྱལ་ཁབ་སྲུང་བ་ཆོས་པའི་གཟི་བརྗིད་དང་གཞན་ཕན་བྱ་བ་རང་གི་བདེ་བར་བརྩི་བའི”མེས་རྒྱལ་ལ་དྲིན་ལན་འཇལ་བའི་དགོངས་པ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ནི། དེང་གི་ཆོས་ལུགས་ལས་རིགས་མི་སྣའི་འདོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་རེད་ལ། དགོན་སྡེའི་གྲྭ་བཙུན་གྱིས“ཚད་གཞི་བཞི”ལ་བརྩི་སྲུང་ཞུ་བའི་བླང་བྱ་གལ་ཆེན་ཞིག་ཀྱང་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་གཏམ་སྤྱོད་ལ་མགོ་སྐོར་རང་བཞིན་ལྡན་ཡོད་ལ་དེའི་ལོག་སྤྱོད་ཀྱི་ངོ་བོ་ནི་དམར་དམར་རྗེན་རྗེན་རེད། དེའི་ཐད་རང་ཉིད་ཀྱི་ལྟ་བ་གསལ་ཐག་ཆོད་ཡིན། གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་གོ་སྐོན་སློབ་གསོ་བརྒྱབ་སྟེ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་སྤེལ་རྒྱུ་ཡིན།

    གཉིས་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོར་དགའ་ཞེན་བྱེད་དགོས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་བྱེད་སྐབས། བོད་ས་གནས་དང་མེས་རྒྱལ་དབར་གྱི་ལོ་རྒྱུས་སློབ་གསོ་གཏིང་ཟབ་སྤེལ་ནས་བོད་གནའ་སྔ་མོ་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡིན་པའི་དོན་དངོས་ཀྱི་ལོ་རྒྱུས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་གཏིང་ཟབ་བཅས་བྱེད་དགོས་པར་གོ་བ་ཟབ་མོ་ལོན་བྱུང་། དེའི་ཐད་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་སོགས་བླ་སྤྲུལ་ཁག་གིས་སྣེ་ཁྲིད་དེ་མིག་དཔེ་བཟང་པོ་བསྟན་གནང་ཡོད། ཕྲན་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་རིང་མོ་སློབ་སྦྱོང་དང་རྒྱུས་ལེན་གཏིང་ཟབ་བྱས་ནས་བོད་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་དྲིལ་བསྒྲགས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་ཆེད་ནུས་ཤུགས་ཡོད་རྒུས་ལེགས་སྐྱེས་འབུལ་གྱི་ཡིན།

    གསུམ་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་བྱེད་དགོས། ཆོས་ལུགས་ནི་ངེས་པར་དུ་སྤྱི་ཚོགས་ཡར་རྒྱས་བྱུང་བ་དང་བསྟུན་ནས་མུ་མཐུད་ཡར་རྒྱས་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ཏེ“ཕན་པ་ལྔ”ཡི་ཚད་གཞི་རྩ་བར་བཟུང་ནས་རང་འགུལ་ངང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བསྟན་དོན་ཐད་སྤྱི་ཚོགས་ཞི་མཐུན་དང་། དུས་རབས་ཡར་རྒྱས། བདེ་ཐང་ཤེས་དཔལ་བཅས་ལ་ཕན་འདོགས་པའི་གསལ་འགྲེལ་བྱས་ནས། བོད་བརྒྱུད་ནང་བསྟན་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་གཞི་ཁྱོན་དང་གཏིང་ཚད་ཆེ་རུ་གཏོང་དགོས།

    བཞི་ནི་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་ནང་དོན་ཟབ་ཏུ་གཏོང་དགོས། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཟིགས་དཔྱད་ནང་བསྟན་རིག་པའི་ཆོས་གཞུང་གི་ཉམས་ལེན་ནང་བཅུག་སྟེ། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་བརྒྱུད་བསྒྲགས་བྱེད་པར་ཤུགས་སྣོན་བརྒྱབ་ནས། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་རིག་གནས་སྒྱུ་རྩལ་སོགས་ཕྱོགས་མང་པོ་དང་མཉམ་དུ་འཚམ་མཐུན་ཡོང་བར་བྱེད་དགོས།

    ལྔ་ནས་ཏང་གི་བཀའ་དྲིན་ཚོར་ནས་ཏང་གི་རྗེས་སུ་འབྲང་དགོས། ད་ཆ་ཏང་གི་ཐུགས་ཁུར་འོག་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། སྤྱི་པའི་ཞབས་ཞུ་མུ་མཐུད་འཐུས་སྒོ་ཚང་དུ་ཕྱིན་ནས་རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་རྣམས་ཏང་གི་ཉི་འོད་དང་སྦྲང་ཆར་འོག་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ལོངས་སུ་སྤྱོད་བཞིན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ལམ་དུ“ཚད་གཞི་བཞིར”བརྩི་སྲུང་དང་། ཏང་གི་འབོད་སྐུལ་དང་ལེན། ཏང་གི་ཐབས་ཇུས་ཁག་དོན་འཁྱོལ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་ལ་དྲིན་ལན་འཇལ་ཐུབ་པ་བྱེད་ཀྱི་ཡིན།

    (དགེ་ལུགས་པའི་འཐུས་མི་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ཉིང་ཁྲི་གྲོང་ཁྱེར་སྲིད་གྲོས་ཀྱི་རྒྱུན་ཨུ། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། སྤོ་བོ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཆོས་རྫོང་དགོན་གྱི་སྤྲུལ་སྐུ)

    “ཕན་པ་ལྔ”མཐའ་འཁྱོངས་ཀྱིས་གནད་དོན་བཙལ་འཚོལ་ དང་དག་ཐེར་དོན་འཁྱོལ་བྱེད་དགོས།

    བློ་བཟང་རྒྱལ་མཚན།

    དགོན་སྡེའི་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་སྦྲགས། ཏང་དང་སྲིད་གཞུང་གིས་དགོན་སྡེ་གཞི་རྩའི་སྤྱི་ཚོགས་རྩ་འཛུགས་སུ་བརྩིས་པ་དང་ངེད་ཚོའི་དགེ་འདུན་པ་རྣམས་སྤྱི་དམངས་དཀྱུས་མ་དང་གཞི་རྩའི་མང་ཚོགས་ལ་བརྩིས་ཏེ་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་དང་། དགེ་འདུན་པའི“འགན་བཅོལ་གཉིས་དང་འགན་སྲུང་གཅིག”སྨན་རིན་མི་དགོས་པའི་གཟུགས་པོ་བརྟག་དཔྱད། དགོན་སྡེའི་རིག་དངོས་སྲུང་སྐྱོང་སོགས་ཀྱི་ཐད་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་མང་པོ་བཏོན་ནས་དགོན་སྡེའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཆེས་ཆེར་ཕྱིན་པ་དང་། རྒྱ་ཆེའི་དགེ་འདུན་པའི་སྒོམ་སྒྲུབ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད་པས། ངེད་ཚོ་དགེ་འདུན་པས་སེམས་དབུས་ནས་ཏང་གི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན།

    བོད་བརྒྱུད་ནང་བསྟན་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་བོད་བརྒྱུད་ནང་བསྟན་རྒྱུན་འཛིན་ལྷོད་མེད་དང་སྐྱོན་བྲལ་འཕེལ་རྒྱས་ཀྱི་རྩ་བ་ཡིན་ལ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་འགག་རྩའང་རེད། རྒྱལ་གཅེས་ཆོས་གཅེས་ནི་ངེད་ཚོ་ནང་པ་སངས་རྒྱས་པའི་འོས་འགན་ཞིག་ཡིན་པས། ཆོས་ལུགས་ལས་རིགས་མི་སྣས་དེ་བས་རང་ཉིད་ལ་བླང་བྱ་ནན་པོ་བཅོལ་དགོས། 2020ལོ་ཚུན་བྱམས་པ་གླིང་དགོན་གྱི་དགེ་འདུན་པས《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང“ཚད་གཞི་བཞིའི”སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ། བླ་མ་སྐྱེས་ཆེན་གྱིས་སྣེ་ཁྲིད་དེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བ། “འདུ་ཤེས་བཞི”སྔར་བས་བརྟན་པོ་བཙུགས་པ། “མོས་སེམས་ལྔ”ཟབ་ཏུ་བཏང་བ་བཅས་བྱས་པ་ལས་མེས་རྒྱལ་ལ་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་འཆང་བ་དང་ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་གང་ལེགས་མཚོན་ཐོག་དགོན་སྡེ་ཡོངས་ཀྱི་དགེ་འདུན་པའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་གྱི་ཡོད།

    ནང་པ་སངས་རྒྱས་པའི་དགེ་ཕྲུག་དང་སངས་རྒྱས་ཆོས་ལུགས་པ་ཞིག་གི་ངོས་ནས། ངས་བྱམས་སྙིང་རྗེ་སྒོམ་པའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མ་ཟད་དེ་བས་དད་ལྡན་མང་ཚོགས་ལ་སེམས་ཁམས་གཙང་སེལ་དང་། དྲིན་ཤེས་པ་དང་དྲིན་འཇལ་བ། དགེ་སེམས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དྲིན་ལན་ཧུར་ཐག་འཇལ་བ་བཅས་བྱ་རྒྱུའི་སློབ་གསོ་གཏོང་རྒྱུ་དང་། རང་འགན་གཞན་ལ་དཀྲི་ཐབས་མེད་པའི་སྒོ་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་འགན་འཁྲི་ལྕི་པོ་འཁུར་བ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བཅས་ཀྱི་ལག་ལེན་པ་དང་། འཛུགས་སྐྲུན་པ། སྲུང་སྐྱོང་བ་བཅས་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། འགྲོ་མགོན་འཕགས་པ་དང་། ཙོང་ཁ་པ། པཎ་ཆེན་སྐུ་ཕྲེང་བཅུ་པ། འཕགས་པ་ལྷ་སོགས་བླ་མ་སྐྱེས་ཆེན་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་ཀྱི་ཕྱི་གོས་གྱོན་ནས་བོད་ཕུང་ཆོས་གནོད་བྱེད་པའི་འཇིགས་སུ་རུང་བའི་བསམ་ངན་ཐེར་འདོན་དགག་རྒྱག་བཅས་བྱེད་ཀྱི་ཡིན།

    (དགེ་ལུགས་པའི་འཐུས་མི་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཆབ་མདོ་གྲོང་ཁྱེར་སྲིད་གྲོས་ཀྱི་བརྟག་ཞིབ་པ་གཞོན་པ། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། བྱམས་པ་གླིང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ)

    དད་ལྡན་མང་ཚོགས་ཀྱི་ཁུར་པོ་ཡང་དུ་བཏང་ནས་དད་ལྡན་མང་ཚོགས་ཀྱི་གོམས་སྲོལ་སྒྱུར་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

    ཚེ་དབང་མགོན་པོ།

    ང་ཚོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། “ཚད་གཞི་བཞིའི”སློབ་གསོ་ལག་ལེན་གྱི་བྱེད་སྒོར་ཧུར་ཐག་བཞུགས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཁྲིམས་སྐྱོང་གི་དད་སེམས་བརྟན་དུ་གཏོང་བ་དང་། བཅའ་ཁྲིམས་ཀྱི་འདུ་ཤེས་ལ་ཤུགས་སྣོན། སྒྲིག་སྲོལ་གྱི་འདུ་ཤེས་བརྟན་པོར་འཛུགས་པ། རྒྱལ་ཁབ་ནི་ཆོས་ལས་མཐོ་བ་དང་། རྒྱལ་ཁྲིམས་ནི་ཆོས་ཁྲིམས་ལས་མཐོ་བ། སྤྱི་དམངས་ནི་ཆོས་དད་པ་ལས་མཐོ་བའི་འདུ་ཤེས་འཛུགས་པ་དང་། ཁྲིམས་ལུགས་ཀྱིས་ཆོག་མཆན་ཐོབ་པའི་ཁྱབ་ཁོངས་སུ་ཆོས་ལུགས་བྱེད་སྒོ་སྤེལ་དགོས་ཀྱི་ཡོད། ཏང་གི་རིགས་པའི་གཞུང་ལུགས་དང་། སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་བྱས་པ་བརྒྱུད། ཚད་བརྒལ་གྱི་སྒོ་ནས་ཆོས་ལུགས་བྱེད་སྒོ་སྤེལ་བ་དང་། གང་བྱུང་དུ་མང་ཚོགས་ཀྱི་ཞལ་འདེབས་ལེན་པའམ་བསྡུ་བ་ནི་ཏང་གི་མཛད་ཕྱོགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དང་མཐུན་གྱི་མེད་ལ་ཆོས་ལུགས་ཀྱི་གཞི་རྩའི་ནང་དོན་དང་ཡང་མཐུན་གྱི་མེད་པ་ངོས་འཛིན་གསལ་པོ་བྱུང་། རང་ཉིད་བླ་སྤྲུལ་ཞིག་གི་ངོས་ནས། ཡབ་དམ་པའི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་བཟང་རྒྱུན་འཛིན་དར་སྤེལ་གང་ཐུབ་བྱེད་ཀྱི་ཡོད་ལ། རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་དགོན་སྡེ་དོ་དམ་ཨུ་ལྷན་བཅས་ཀྱི་ཡང་དག་པའི་འགོ་ཁྲིད་འོག་ལོ་བཞི་བསྟུད་མར་རང་སྐྱོང་ལྗོངས་དང་། ནག་ཆུ་གྲོང་ཁྱེར། གཉན་རོང་རྫོང་གི་ཞི་མཐུན་དཔེ་བཟང་དགོན་སྡེ་དང་། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དུ་བདམས་བྱུང་ལ། “ཚད་གཞི་བཞིའི”སློབ་གསོ་ལག་ལེན་བྱེད་སྒོར་སྔོན་ཐོན་གྲྭ་བཙུན་གྱི་གཟི་བརྗིད་མཚན་སྙན་ཡང་ཐོབ་བྱུང་། ང་ཚོས་མུ་མཐུད་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་། “མོས་སེམས་ལྔ”བརྟན་དུ་བཏང་ནས་དུས་ནམ་ཡང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་གི་ཡིན། སླད་ཕྱིན་ང་ཚོས་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། མི་རིགས་རང་སྐྱོང་ལམ་ལུགས་ལ་བརྩི་བཀུར། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་བརྩི་བཀུར་བཅས་ཞུས་ནས། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་བསམ་བློའི་ཐད་བློ་སེམས་གཅིག་མཐུན་དང་། དམིགས་ཚད་ཐད་བློ་ཁ་གཅིག་མཐུན། བྱ་སྤྱོད་ཐད་བསམ་སྦྱོར་གཅིག་མཐུན་ཡོང་བར་བྱས་ཐོག ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་དང་མཐའ་གཅིག་ཏུ་འཐབ་རྩོད་བྱས་ནས། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བ་བརྩོན་ལེན་ཧུར་ཐག་བྱེད་ཀྱི་ཡིན་ལ། “ཚད་གཞི་བཞི”ལག་ལེན་ཧུར་ཐག་དང་། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་རང་འགུལ་ངང་སྐུལ་འདེད་བཏང་ནས། ཆོས་ལུགས་སྤྱི་ཚོགས་རང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་འབད་བརྩོན་ཧུར་ཐག་བྱེད་ཀྱི་ཡིན།

    (བོན་ཆོས་ཀྱི་འཐུས་མི་དང་། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན། ནག་ཆུ་གྲོང་ཁྱེར་སྲིད་གྲོས་ཀྱི་རྒྱུན་ཨུ། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཏིང་ངུར་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ)

    བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་ རྒྱས་ལ་ནུས་ཤུགས་སྐྱེས་སུ་འབུལ་དགོས།

    ཤེས་རབ་བཟང་པོ།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག“ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ”དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནང་བཅུག་སྟེ། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པས། རང་རེའི་རིམ་པ་ཁག་གི་ནང་བསྟན་མཐུན་ཚོགས་དང་དགོན་སྡེའི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་བྱུང་ཡོད། རང་ཉིད་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཞིག་གི་ངོས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། སྣེ་ཁྲིད་ནས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་བཅས་ཀྱིས་བསམ་བློ་དང་བྱ་སྤྱོད་དུས་རབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་ཀྱི་ཡིན།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ་ནས་བཟུང་། བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་ཡོད། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་མཐའ་འཁྱོངས་དང་། ཆོས་ལུགས་ཀྱི་ལས་དོན་ལ་ཁྲིམས་བཞིན་དོ་དམ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པའི་བསྟན་དོན་གྱི་སྙིང་པོ་དང་དགོངས་དོན་གྱི་ངོ་བོར་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་དགག་རྒྱག་བྱས་པ། རང་ཉིད་ཀྱི་ཉེ་འགྲམ་ནས་མཐོང་ཐུབ་པ་དང་མྱོང་ཚོར་ཐུབ་པའི་དོན་དངོས་དྲངས་ནས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཆུ་འཐུང་དུས་ཆུ་འགོ་དྲན་པ་དང་། ཏང་གི་བཀའ་དྲིན་མི་བརྗེད་པ། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དབར་དབྱེ་མཚམས་གསལ་པོ་མཐའ་གཅིག་ཏུ་འབྱེད་པ་དང་། ཆོས་ལུགས་ཐད་ཀྱི་འཛད་སྤྱོད་གཏོང་སྒོ་ལུགས་མཐུན་ཡོང་བ། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་བཅས་བྱས་ཡོད།

    “ཚད་གཞི་བཞིའི”བླང་བྱ་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས་སྣེ་ཁྲིད་ཀྱི་ནུས་པ་ཧུར་ཐག་འདོན་གྱི་ཡིན། ས་ཁུལ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ལས་དོན་གྱི་སྤྱི་ཡོངས་ལ་བརྩི་བཀུར་ཞུས་ནས་འཚུབ་ཆ་ཆེ་བའི་མཚམས་ཚིགས་དང་། དུས་མཚམས་གལ་ཆེན་གྱི་སྐབས་སུ་རང་འགུལ་ངང་དགོན་སྡེར་བསྐྱོད་དེ་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པར་གཞོགས་འདེགས་དང་། སྒོ་ཁར་སློབ་ཁྲིད་དང་གདོང་དང་གདོང་ཐུག་ནས་སྒྲོག་འགྲེལ་བྱས་ནས་རྫོང་ཁག་གི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་སྡེ་ཚན་དང་མཉམ་དུ་ས་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས་ཀྱི་ཆེད་དོན་གསོ་སྦྱོང་ལས་འགན་སྒྲུབ་པ། ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལ་ཧུར་ཐག་ཞུགས་ནས་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཡང་དག་པའི་ཆོས་ལུགས་ཀྱི་འཛད་སྤྱོད་ལྟ་བ་འཇགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་ཀྱི་ཡོད།

    སླད་ཕྱིན་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ། ཁྲིམས་བཞིན་ཆོས་ལུགས་ཀྱི་ལས་དོན་ལ་དོ་དམ་བྱེད་པ་བཅས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་སྣེ་ཁྲིད་དེ་མངའ་རིས་ས་ཁུལ་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་ཀྱི་ཡིན།

    (བཀའ་བརྒྱུད་པའི་འཐུས་མི་དང་། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། མངའ་རིས་ས་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན། མི་རིགས་དང་ཆོས་ལུགས་ལས་དོན་ཅུས་ཀྱི་བརྟག་ཞིབ་པ། ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།