དབུ་ཤོག>ཆེད་སྒྲིག
  • “ད་ཆ་ང་ཚོའི་འཚོ་བ་ཉིན་བཞིན་སྐྱིད”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-26

    དགུན་དུས་སུ་ཉི་མ་དྲོ་བ་དང་བསྟུན་ནས་གསར་འགོད་པ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་འོ་མ་དེང་དགེ་གྲོང་ཚོའི་ཡུལ་མི་དབང་ཕྱུག་གི་ཁྱིམ་ལ་བསྐྱོད་པ་ཡིན། ཁོང་གི་ཁང་པ་དཀར་ཆ་དོད་ལ་སྒྲོག་ཙེའི་སྟེང་ཏན་ཞིམ་དང་ཤིང་འབྲས་སྣ་ཚོགས་སྒྲིག་གཤོམ་བྱས་ཡོད། གསར་འགོད་པས་ཁོང་གི་ནང་མི་ལྔ་དང་མཉམ་དུ་བསྡད་དེ་ཕན་ཚུན་ཅི་འཕྲོས་མོལ་འཕྲོས་བྱེད་པའི་སྐབས། “སྔོན་མ་ང་ཚོ་སྡོད་སའི་ཁྱིམ་ནི་ས་ཕག་ལས་གྲུབ་པ་ཞིག་ཡིན་པས། དགུན་དུས་ལྷགས་པ་འཚངས་བ་དང་། དབྱར་ཁར་ཆར་ཆུ་འཚོག་གི་མེད”ཅེས་དབང་ཕྱུག་གིས་ཤོད་ཀྱིན་དུ་ཁང་གསར་རྒྱབ་ཀྱི་ཁང་པ་རྙིང་པར་མཛུབ་མོ་འཛུགས་བཞིན་དུ་བཤད། གསར་འགོད་པས་ལྟ་སྐབས། ཁང་པ་རྙིང་པ་དེ་ནི་གོག་ཧྲུལ་དུ་གྱུར་ནས་ལྟ་བཟོ་མེད་ཀྱང་ད་ཆ་ཙག་ཙིག་འཇོག་ས་བྱེད་ཀྱི་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། དབང་ཕྱུག་ཁྱིམ་གྱི་འཚོ་བ་ལོ་རེ་བཞིན་ཡག་ཏུ་སོང་ཞིང་། 2016ལོའི་ལོ་མཇུག་ཏུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་ལ་བརྟེན་ནས། དབང་ཕྱུག་གི་ཁྱིམ་དང་གྲོང་ཚོ་དེའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་15ཚང་མར་ཁང་པ་གསར་པར་སྡོད་ཀྱི་ཡོད། 2017ལོའི་ཟླ་བརྒྱད་པ་ནས་བཟུང་། གྲོང་རྡལ་དུ་ཞིང་འབྲོག་པ་སྒྲིག་འཛུགས་བྱས་ནས་རྩལ་ནུས་གསོ་སྦྱོང་བྱེད་རིང་། དབང་ཕྱུག་གིས་སྔ་རྗེས་སུ་སྔོག་འདྲུའི་འཕྲུལ་འཁོར་དང་། བོད་བཟོའི་གཡོས་སྦྱོར། མེ་ཏོག་དང་རྩི་ཤིང་འདེབས་པ་སོགས་ཀྱི་ལག་རྩལ་སྦྱངས་པ་མ་ཟད། 2018ལོར་དབང་ཕྱུག་ལ་ཉེ་འགྲམ་གྱི་ལས་གྲྭ་ཞིག་ནས་ལས་ཀ་རག་སྟེ། ལོ་མཇུག་ཏུ་གླ་ཆ་སྒོར་ཁྲི་3ཙམ་ཟིན་ནས་ཁྱིམ་མི་རྣམས་དབུལ་སྒྲོལ་བདེ་བླག་ཐུབ་པ་རེད།

    2020ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་སྔ་རྗེས་སུ་འཚོག་པའི་སྐབས། དབང་ཕྱུག་གིས་དོ་སྣང་ཆེན་པོ་བྱས་ནས་རིགས་སྣ་ཚོགས་ཀྱི་སྒྲོག་འགྲེལ་བྱེད་སྒོར་ཧུར་ཐག་ཞུགས་ཤིང་། ཁོང་གིས“རྒྱལ་ཁབ་ཀྱི་སྲིད་ཇུས་ཉིན་བཞིན་ཡག་ཏུ་འགྲོ་བ་དང་བསྟུན་ནས། ད་ཆ་ང་ཚོའི་འཚོ་བའང་ཉིན་བཞིན་སྐྱིད”ཅེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།