དབུ་ཤོག>ཆེད་སྒྲིག
  • སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུར་བསྐྱོད་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-25

    “‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་པ་དང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུའི་ཐོག་བསྐྱོད་ཡོད”ཅེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྗོངས་སློབ་གསོ་ཐིང་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཐིང་ཀྲང་བཅས་ཡིན་པའི་ཉི་མ་ཚེ་རིང་གིས་གསུངས་པ་རེད།

    ཉི་མ་ཚེ་རིང་གིས་གསར་འགོད་པར། མིག་སྔར། “ལོ་ལྔ་ཚན་བཅུ་གསུམ་པའི”སློབ་གསོའི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་དང་། སློབ་ཞུགས་གོང་གི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད་དང་། སློབ་ཆུང་ལ་ཞུགས་ཚད། དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་དུས་མཚམས། མཐོ་རིམ་སློབ་གསོའི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད། འོས་འགན་སློབ་གསོ་སྲ་བརྟན་ཐུབ་ཚད་བཅས་87.03%དང་། 99.93% 106.99% 90.2% 56.14% 95.03%བཅས་སོ་སོར་ཟིན་པ་དེ་2015ལོ་ལས་བརྒྱ་ཆའི་གྲངས་25.54དང་། 0.99 10.75 15.73 26.69 5.03བཅས་སོ་སོར་འཕར་ཡོད་པ་རེད། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གི་ཕན་འབྲས་མངོན་གསལ་དོད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་གཞིར་འཁོད་པ་དང་། སློབ་ཁང་ནང་ཁྱབ་གདལ་གཏོང་བ། བསམ་བློར་ཟུག་པ། དྲ་རྒྱར་ཁྱབ་པ་བཅས་ལ་སྐུལ་འདེད་བཏང་བ་དང་། མི་རིགས་ཁག་གི་དགེ་སློབ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གཏིང་ཟབ་ཐུབ་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་སོང་བ། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད། སློབ་གསོའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཞིང་། “100%ལྔ”ཡི་དམིགས་ཚད་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་དང་། སློབ་གཉེར་ཆ་རྐྱེན་ཆེས་ཆེར་ལེགས་སུ་སོང་བ། སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་མགྱོགས་པོ་ཕྱིན་པ། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་སྤྱིར་ན་དོ་སྙོམས་འཕེལ་རྒྱས་བྱུང་བ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་གཏོང་བའི་འགག་སྒྲོལ་ལས་འགན་དུས་བཀག་ལྟར་ལེགས་གྲུབ་བྱུང་བ། བོད་ལྗོངས་སློབ་ཆེན་གྱི་པུའུ་དང་ཁུལ་མཉམ་སྐྲུན་དང“རྩེ་གྲ་གཉིས”འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ་བཅས་རེད། སློབ་གསོ་དྲང་གཞག་སྔར་ལས་མངོན་གསལ་དོད་དུ་ཕྱིན་ཏེ་སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི་སློབ་གསོའི་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོའི་མ་ལག་དང་། སློབ་ཞུགས་གོང་ནས་ཞིབ་འཇུག་སློབ་མའི་སློབ་གསོའི་དུས་མཚམས་བར་གྱི་སློབ་མའི་རོགས་སྐྱོར་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ་དང་། སློབ་གསོའི“འགན་ལེན་གསུམ”གྱི་འགྲོ་གྲོན་ཚད་གཞི་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་4200ཟིན་པ་བཅས་རེད། གྲོང་གསེབ་དགེ་རྒན་གྱི་རྒྱབ་སྐྱོར་འཆར་གཞི་ལག་བསྟར་བྱས་ཤིང་། 2020ལོར་ལས་ཐོག་དགེ་རྒན་གྱི་མི་གྲངས་2015ལོ་ལས་14676མང་དུ་ཕྱིན་པ་དང་། སློབ་གསོའི་ཆ་འཕྲིན་ཅན་ལ་སྐུལ་འདེད་མགྱོགས་པོ་བཏང་ཞིང་། “ཇོ་མོ་གླང་མའི་སྤྲིན་དར་འཆར་གཞི”ལག་བསྟར་གཏིང་ཟབ་བྱས་ནས“དྲ་སྦྲེལ+སློབ་གསོ”སློབ་གྲྭ་འབྲིང་ཆུང་ཚང་མར་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།