དབུ་ཤོག>ཆེད་སྒྲིག
  • ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་སྐྱོད་པའི་ལམ་བར་དུ་མི་གཅིག་ཀྱང་ལུས་མི་རུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-01-25

    71554_yis_1611331200000_s.jpg

    འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཕུར་བུ་དོན་གྲུབ་ཡིན་པ།

    “ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་སྐྱོད་པའི་ལམ་བར་དུ་མི་གཅིག་ཀྱང་ལུས་མི་རུང”ཞེས་པ་ནི་རང་རེའི་ཏང་གིས་རྒྱལ་ཡོངས་མི་དམངས་ལ་གནང་བའི་བརྗིད་ཆེའི་ཁས་ལེན་ཞིག་རེད། ལོ་མང་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང(ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གཞུང་ལས་ཁང)གི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ཕུར་བུ་དོན་གྲུབ་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་སྐད་གྲགས་མེད་པར་བརྗིད་ཆེའི་ཁས་ལེན་ལག་ལེན་བསྟར་བཞིན་ཡོད།

    2017ལོའི་ཟླ་10པར་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གནམ་མཚོ་ཤང་སེར་ལྟེ་གྲོང་ཚོའི་ཡུལ་མི་ལྷག་རྡོར་གྱི་ཁྱིམ་ཚང་ཕུར་བུ་དོན་གྲུབ་ཀྱི་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་དུ་གྱུར་པ་རེད། དུས་དེ་ནས་བཟུང་ཁོང་ལ“ཁྱིམ་ཚང”ཞིག་མང་དུ་ཕྱིན་པ་རེད།

    ཕུར་བུ་དོན་གྲུབ་ཀྱིས་ཤེས་བྱར་བརྟེན་ནས་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་བཏང་བའི་སྐོར་གླེང་བ་དང་། དེ་བཞིན་སློབ་གསོ་དང་། ལས་ཞུགས། སྨན་བཅོས་སོགས་ཕྱོགས་ཁག་གི་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་དྲངས་ཏེ། གནས་ལུགས་ཤོད་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་ལྷག་རྡོར་དང་བསམ་ཚུལ་བརྗེ་རེས་བྱས་མཐར། ལྷག་རྡོར་གྱི་ཁྱིམ་ཚང་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཟང་མོ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པ་རེད།

    ཁང་པ་གསར་པར་སྤོས་རྗེས། ཕུར་བུ་དོན་གྲུབ་ཀྱིས་ལམ་སེང་ལྷག་རྡོར་ལ་སྣེའུ་ཁུལ་གསར་ཝང་ཡུས་གྲོང་ནས་བདེ་སྲུང་བའི་ལས་ཀ་ཞིག་འཚོལ་རོགས་བྱས་པ་རེད། ཟླ་རེར་གླ་ཆ་སྒོར་3000ཡོད་པ་ཕུད། ལྷག་རྡོར་བཟའ་ཚོར་ད་དུང་སྣོད་བཅུད་ལས་གནས་ཀྱི་ཁ་གསབ་རོགས་དངུལ་སྒོར་3000ཡོད། ན་ནིང་ལྷག་རྡོར་ཁྱིམ་ལ་ཐོན་ལས་ཀྱི་ཁེ་སྤོགས་སྒོར་3500དང་། རྩྭ་ཐང་གི་ཁ་གསབ་རོགས་དངུལ་སྒོར་5400རག་ནས་ལོའི་ཡོང་འབབ་སྒོར་42900ཟིན་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་བཙུགས་ཚུན། ཕུར་བུ་དོན་གྲུབ་དང་འདྲ་བར་བརྗིད་ཆེའི་ཁས་ལེན་ལག་བསྟར་བྱེད་མཁན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ད་དུང་ཧ་ཅང་མང་པོ་ཡོད། ཁོང་ཚོས་ནམ་མཁའི་སྐར་ཚོགས་ཇི་བཞིན་མི་སེར་ཚོའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དང་རེ་བ་མངོན་འགྱུར་ཡོང་བར་འོད་སྣང་སྦྱིན་གྱི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།