དབུ་ཤོག>ཆེད་སྒྲིག
  • དབུལ་པོ་དབུལ་རྐྱང་མེད་པར་བཟོས་ནས་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-25

    2020ལོར་རང་ལྗོངས་ཀྱིས་དབུལ་སྐྱོར་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཐབས་ཇུས་མཐའ་འཁྱོངས། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་དམིགས་པ། ཧྲག་དམག་གཡུལ་འདྲེན་གྱིས་འགག་སྒྲོལ་དཀའ་སེལ་བཅས་བྱས་ནས་ཤིན་ཏུ་དབུལ་བའི་མཁར་རྫོང་ལ་ཕྱོཌ་ཡོངས་ནས་ཕར་རྒོལ་བྱས་ཏེ་དཀའ་ཚེགས་ཆེ་ཤོས་ལས་རྣམ་པར་རྒྱལ་ཡོད། དེ་ནི་རང་སྐྱོང་ལྗོངས་ཚོཌ་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་དང་དེ་བཞིན་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་གླེང་མང་བའི་བརྗོད་གཞི་ཞིག་རེད།

    རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཤུགས་ཆེན་བཏང་བ།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་རོགས་སྐྱོར་འོག རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། “གྲོང་གསེབ་ཀྱི་ལམ་ཡག་པོ་བཞི”འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་3123ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་941.64བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་3.82གསར་སྐྲུན་རྒྱས་སྐྲུན་བྱས་པ་དང་། ཤང་དང་གྲོང་རྡལ་286དང་། སྒྲིག་ཚུད་གྲོང་ཚོ་2905 ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ(ཁུལ)391བཅས་ཀྱི་འགྲོ་ལམ་སྦྲེལ་མཐུད་ལམ་ཐིག་ཤར་གཏོང་གི་གནད་དོན་ཐག་གཅོད་ཐུབ་ཡོད། མིག་སྔའི་བར། ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་8.68ཟིན་ཡོད། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ། སྒྲིག་ཚུད་གྲོང་ཚོ་བཅས་ལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%དང་99.96%ཟིན་ནས་ཤང་དང་གྲོང་རྡལ་654དང་སྒྲིག་ཚུད་གྲོང་ཚོ་4094ལ་ཨར་འདམ་ལམ་བཏིངས་པ་དང་རླངས་འཁོར་ཤར་གཏོང་ཐུབ་ཚད་སོ་སོར་94.1%དང་74.8%ཟིན་ནས་ལོ་3སྔ་སྣུར་དུ་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འཆར་འགོད་དམིགས་ཚད་ལེགས་སྒྲུབ་བྱས་པ་རེད།

    ཐོན་ལས་དབུལ་སྒྲོལ་གྱིས་ལས་འགན་ལྕི་པོ་ཁུར་བ།

    གནད་སྨིན་དབུལ་སྐྱོར་ལ་ཕན་འབྲས་ཐོན་པ་དང་། ཐོན་ལས་དབུལ་སྒྲོལ་གྱིས་ལས་འགན་ལྕི་པོ་ཁུར་བ། ཉེ་ཆར་གསར་འགོད་པས་རྒྱ་ཚ་རྫོང་དམངས་དར་མི་རིགས་ལག་ཤེས་བསླས་འཐག་ཆེད་ལས་མཉམ་ལས་ཁང་གི་བགོ་བཤའ་རྒྱག་ཡུལ་ནས་མང་ཚོགས་དབུལ་པོས་བགོ་བཤའ་རྒྱག་པའི་གསལ་ཐོར་མིང་རྟགས་བཀོད་པ་དང་མཛུབ་ཐེལ་བརྒྱབ་ནས་བགོ་སྐལ་ལེན་པ་མཐོང་བྱུང་།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་རིམ་ཁག་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་དང་དབུལ་སྐྱོར་གཞུང་ལས་ཁང་གིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་པ་དང་། གནད་སྨིན་དབུལ་སྐྱོར་དང་། གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཐབས་ཇུས་མཐའ་འཁྱོངས། “ཁག་གཅིག་ལྔ”དང“གནད་སྨིན་དྲུག”གི་བླང་བྱར་དམིགས་པ། ཐོན་སྐྱེད་འཕེལ་རྒྱས་དང་དབུལ་སྐྱོར་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་ལས་དོན་གལ་ཆེན་ཞིག་ཏུ་བརྩི་བ། རྒྱུན་གཏན་གྱི་བསམ་ཕྱོགས་དང་བྱ་ཐབས་སྤྱོད་པ་བཅས་བྱས་ནས་དབུལ་སྐྱོར་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱིས་ཐོན་ལས་དབུལ་སྐྱོར་བརྒྱུད། ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ཁྲི་23.8ལ་དབུལ་སྒྲོལ་བྱེད་རོགས་བྱས་པ་དང་ཞིང་འབྲོག་པ་ཁྲི་80ལྷག་ཙམ་ལ་འབབ་འཕར་བྱུང་བས་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་མ་ཟད། ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    བློ་རིག་གཉིས་སྐྱོར་བྱས་ནས་སེམས་ཤུགས་འཕེལ་བ།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པད་མ་ཆོས་མཚོ་ནི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ས་མདོ་གྲོང་རྡལ་སྦྲ་རིན་ཁའི་ཡུལ་མི་རེད་ལ། པད་མ་མི་རིགས་སྒྱུ་རྩལ་མཉམ་ལས་ཁང་གི་འགན་འཁུར་བའང་རེད། དམའ་རིམ་སློབ་འབྲིང་གི་རིག་གནས་ཆུ་ཚདལས་མེད་པའི་ཁོང་གིས་སྲིད་གཞུང་གི་རོགས་སྐྱོར་འོག་ལས་སྒོའི་ཤེས་བྱ་དང་དོ་དམ་ཤེས་བྱར་རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་པ་བརྒྱུད། རི་བོ་ཆེ་རྫོང་གི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཏུ་གྱུར་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། པད་མ་ཆོས་མཚོས་གཉེར་སྐྱོང་བྱེད་པའི་མཉམ་ལས་ཁང་གིས་ས་གནས་དེ་གའི་མང་ཚོགས་དབུལ་པོ་14ཡི་དབུལ་སྒྲོལ་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་བ་ནས་བཟུང་། རང་ལྗོངས་ཀྱིས་མང་ཚོགས་དབུལ་པོའི་དབུལ་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་ཆུང་བའི་ཉམས་ཞན་ལྷུ་ཚིགས་ལ་དམ་འཛིན་ནན་པོ་བྱས་ནས། བློ་སྐྱོར་རིག་སྐྱོར་མཐའ་འཁྱོངས་ཀྱིས་མང་ཚོགས་དབུལ་པོའི་བསམ་བློའི་འདུ་ཤེས་དང་ཐོན་སྐྱེད་འཚོ་བ་སོགས་ལ་རྩ་བ་ནས་འགྱུར་ལྡོག་བྱུང་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། ལོ་ལྔའི་རིང་། ཁྱོན་ཕྱུག་འགྱུར་སྣེ་ཁྲིད་པ་9311གསོ་སྐྱོང་བྱས་པ་ལས། མི་སྒེར་10དང་མཉམ་སྡེབ་3ལ་རྒྱལ་ཁབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཟེངས་བསྟོད་ཐོབ་པ་དང་། མི་སྒེར་99དང་མཉམ་སྡེབ་58ལ་རང་སྐྱོང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་ནས་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་ལུགས་རྙིང་སྲོལ་ངན་འདོར་བ་དང་སྲོལ་གསར་མིག་དཔེ་སྟོན་པའི་རྣམ་པ་དར་ཁྱབ་བྱུང་ཡོད།

    2021ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་འགོ་འཛུགས་ལོ་དང་། ཏང་དབུ་བརྙེས་ནས་ལོ་100འཁོར་བ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་ལོ་རེད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་འགོ་ཚུགས་ས་གསར་པར། ང་ཚོས་སྣོད་བཅུད་སྲུང་སྐྱོང་ལ་ལྷོད་གཡེང་མི་གཏོང་བར་ཕུ་ཐུང་བརྫེས་ནས་ངུར་ཤུགས་སྒྲིམ་པ་དང་གྲོང་གསེབ་དར་རྒྱས་ལ་བརྟེན་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་བཏང་སྟེ། བོད་ཀྱི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།