དབུ་ཤོག>ཆེད་སྒྲིག
  • སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-25

    སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་འཚོག་རིང་། སྲིད་གྲོས་ཀྱི་ཨུ་ཡོན་དང་། སྲིད་གྲོས་ལ་ཞུགས་མཁན་ཚན་པ་ཁག ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་བཅས་ལག་བསྟར། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་པ། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དང་2035ལོའི་རྒྱང་རིང་གི་དམིགས་ཚད་ལ་དམིགས་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”དང“འགན་ལེན་བཞི”མངོན་འགྱུར་ལ་དམིགས་པ། མི་དམངས་མང་ཚོགས་ཀྱིས་རྒྱུན་དུ་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་ལ་དམིགས་ནས་སེམས་ནུས་གཅིག་སྒྲིལ་དང་ཐབས་འདོན་ཇུས་འབུལ་བྱས་ཡོད།

    2021ལོའི་ཟླ་1ཚེས་20ཉིན་གྱི་ཆུ་ཚོད་18བར་ཁྱོན་བསྡོམས་གྲོས་གཞི་375འབྱོར་ཞིང་། 《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག》དང《གྲོས་གཞིའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》གཞིར་བཟུང་ཞིབ་བཤེར་བྱས་པ་བརྒྱུད། ཁྱོན་གྲོས་གཞི་358(དེ་ཁྲོད་ཟླ་སྒྲིལ་བཏང་བ་གཅིག་ཚུད)གྲོས་ཁོངས་སུ་བཅུག་པ་དང་། བསམ་འཆར་དང་གྲོས་འགོའི་ཁོངས་སུ་བཞག་པ་2 གྲོས་ཁོངས་སུ་མ་བཞག་པ་14 གྲོས་གཞི་ཕྱིར་འཐེན་བྱས་པ་1བཅས་ཡོད། གྲོས་ཁོངས་སུ་བཞག་པའི་གྲོས་གཞིར་ཨུ་ཡོན་མི་སྒེར་གྱི་གྲོས་གཞི་277དང་། རུས་མིང་མཉམ་བཀོད་ཀྱི་གྲོས་གཞི་76 ཐུན་མོང་གི་གྲོས་གཞི་5བཅས་ཡོད།

    སྤྱི་ཡོངས་ནས་བལྟས་ན། ཐེངས་འདིའི་ཚོགས་འདུར་ཨུ་ཡོན་གྱི་ཞུགས་ཚད་མཐོ་ཞིང་། གྲོས་གཞི་སྤྱིའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད་པ་དང་། བཏོན་པའི་གྲོས་གཞི་སྔར་བས་གཟབ་ནན་དང་། བརྗོད་གཞི་སྔར་བས་གནད་ལ་འཁེལ་བ། བརྟག་ཞིབ་སྔར་བས་གཏིང་ཟབ་པ། བསམ་འཆར་དང་གྲོས་འགོའི་ཚན་རིག་གི་རང་བཞིན་དང་ལག་བསྟར་བྱེད་འཐུས་རང་བཞིན་མཐོ་རུ་མངོན་གསལ་ཕྱིན་ཡོད།

    སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་གྲོས་གཞི་17ཡོད་པ་དེས་4.75%ཟིན་ཡོད། གྲོས་འགོ་གཙོ་བོ་ནི《ཁྲིམས་ལྟར་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་གྱི་མི་རིགས་ལས་ཀར་སྐུལ་འདེད་གཏོང་དགོས་པ》དང《བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སྔོག་འདོན་དཔྱད་ཞིབ་དང་། ལེགས་སྒྲིག་ཞིབ་འཇུག ཀློག་དེབ་རྩོམ་སྒྲིག་བཅས་ཀྱི་ལས་དོན་འགོ་འཛུགས་དགོས་པའི་སྐོར་གྱི་གྲོས་འགོ》 《བྱ་ཐབས་སྣ་མང་སྤྱད་དེ“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད”པའི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་དགོས་པ》སོགས་ཀྱི་གྲོས་གཞི་ཡོད།

    དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ སྐུལ་འདེད་གཏོང་རྒྱུའི་ཐད་བཏོན་པའི་གྲོས་གཞི་51ཡོད་པ་དེས་14.25%ཟིན་ཡོད། གྲོས་འགོ་གཙོ་བོ་ནི《དབུལ་སྐྱོར་ཐོན་ལས་ཀྱི་རྗེས་མཐུད་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་དང་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་གཞི》དང《བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བར་འགན་བཅོལ་གྱིས་རམ་འདེགས་བྱས་ནས་ཞིང་ལས་གྲོང་གསེབ་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》 《རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་མྱུར་སྐྱེལ་ཟོག་འདྲེན་བྱ་གཞག་གང་མགྱོགས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》སོགས་ཡོད།

    སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བཏོན་པའི་གྲོས་གཞི་55ཡོད་པ་དེས་15.36%ཟིན་ཡོད། གྲོས་འགོ་གཙོ་བོ་ནི《ནགས་ཚལ་དང་རྩྭ་ཐང་གི་འགན་བཅོལ་ཁྱབ་ཁོངས་གསར་པ་རྒྱ་སྐྱེད་བཏང་སྟེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》དང་།《རང་ལྗོངས་ཀྱི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》 《ཉང་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་གཞི》སོགས་ཡོད།

    མཐའ་སྲུང་དང་། མཐའ་བརྟན། མཐའ་ཕྱུག མཐའ་སྟོབས་བཅས་ལ་དམིགས་ནས་བཏོན་པའི་གྲོས་གཞི་56ཡོད་པ་དེས་15.64%ཟིན་ཡོད། གྲོས་འགོ་གཙོ་བོ་ནི《སྒོ་དབྱེ་སྔར་བས་རྒྱ་ཆེར་བཏང་ནས་མཐའ་མཚམས་ས་ཁུལ་གྱི་རྒྱལ་ནང་ཡུལ་སྐོར་བྱ་གཞག་གི་འཕེལ་རྒྱས་ཆེན་པོར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》《མཐའ་མཚམས་སུ་གནས་སྤོས་སྲིད་ཇུས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》《མཐའ་མཚམས་ས་ཁུལ་གྱི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་མི་དམངས་བདེ་འཁོད་དང་མཐའ་མཚམས་སྲ་བརྟན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》སོགས་ཡོད།

    དམངས་འཚོ་འགན་སྲུང་དང་ལེགས་བཅོས་གང་ལེགས་གཏོང་བ་དང་དམངས་ཡོངས་ལུས་སྦྱོང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིག་གནས་བྱ་གཞག་དང་དམངས་གཙོ་ཁྲིམས་སྐྱོང་དར་རྒྱས་ཡོང་བ་བཅས་ལ་དམིགས་ནས་བཏོན་པའི་གྲོས་གཞི་179ཡོད་པ་དེས་50%ཟིན་ཡོད། གྲོས་འགོ་གཙོ་བོ་ནི《གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་བདེ་འཇགས་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་སློབ་མའི་སེམས་ཁམས་བདེ་ཐང་གི་གནས་ཚུལ་ལ་མཐོང་ཆེན་བྱེད་རྒྱུའི་སྐོར་གྱི་གྲོས་གཞི》དང《དམངས་ཡོངས་ལ་འཕྲལ་བསྟུན་མྱུར་སྐྱོབ་ཀྱི་རྩལ་ནུས་དང་ཤེས་བྱ་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》《མི་རིགས་ཀྱི་རིག་གནས་སྒྱུ་རྩལ་དར་སྤེལ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》《ཁྲིམས་འགལ་གྱི་ཚོང་གཉེར་དབོར་འདྲེན་རླངས་འཁོར་ལ་རྡུང་རྡེག་གཏོང་བ་དང་ཞི་མཐུན་གྱི་ཚོང་གཉེར་དབོར་འདྲེན་ཁྲོམ་ར་གཏོད་རྒྱུའི་སྐོར་གྱི་གྲོས་གཞི》སོགས་ཡོད།

    ཚོགས་ཆེན་གྲོལ་རྗེས། གྲོས་གཞི་སྤེལ་རེས་ཚོགས་འདུ་སྐོང་འཚོག་བྱས་ནས་གྲོས་ཁོངས་སུ་བཅུག་པའི་གྲོས་གཞི་རྣམས་དུས་ཐོག་ཏུ་འབྲེལ་ཡོད་གྲོས་སྒྲུབ་ཚན་པར་སྒྲུབ་གཉེར་བྱ་རྒྱུར་འབུལ་གྱི་ཡིན། གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་གྲོས་སྒྲུབ་ཚན་པ་ཁག་ལ་གཞོགས་འདེགས་དམ་ཟབ་བྱས་ནས་སྐུལ་སྒྲུབ་དང་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་ཀྱི་ཡིན།

    ཐེངས་འདིའི་ཚོགས་འདུའི་གྲོས་གཞི་བསྡུ་མཚམས་བཞག་རྗེས་འབྱོར་བའི་གྲོས་གཞིར་ཞིབ་བཤེར་བྱས་ཏེ། གྲོས་ཁོངས་སུ་བཞག་པ་རྣམས་རྒྱུན་གཏན་གྱི་གྲོས་གཞིར་བརྩི་རྒྱུ་དང་། དུས་ཐོག་ཏུ་འབྲེལ་ཡོད་སྒྲུབ་གཉེར་ཚན་པར་འབུལ་གྱི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།