དབུ་ཤོག>ཆེད་སྒྲིག
  • བདེ་སྐྱིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2021-01-24

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས་ཞེས་མཛུབ་སྟོན་གནང་ཡོད། ང་ཚོས་འགག་རྩ་ཡིན་པའི་དམངས་འཚོར་དམ་འཛིན་ནན་པོ་བྱས་ཏེ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་དམ་པོར་དམིགས་ནས་མི་དམངས་ཀྱི་བདེ་སྐྱིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས”ཞེས་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་ཆབ་མདོ་གྲོང་ཁྱེར་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བསོད་ནམས་དབང་འདུས་ཀྱིས་གསུངས་པ་རེད།

    བསོད་ནམས་དབང་འདུས་ཀྱིས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་གྲུབ་ཆ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་སྟོབས་ཤུགས་ཤིག་ཡིན་པས་ཡིད་ཆེས་དང་། མཐུན་སྒྲིལ། ཞབས་འདེགས། ཁྲིད་སྟོན། སློབ་གསོ་བཅས་ཀྱི་བྱེད་ཕྱོགས་ཐོག་ནས“གཡོ་སྒུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་ཀྱིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ཏེ“གཡོ་སྒུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་ཀྱིས་དམངས་གཉེར་དཔལ་འབྱོར་མི་སྣ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་ཐུབ་པ་བྱེད་དགོས། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣར་ཏང་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་གྱི་སློབ་གསོ་བཏང་ནས་ཁེ་ལས་འཕེལ་རྒྱས་ཡག་པོ་གཏོང་ཞོར་དུ་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་། ལས་ཞུགས་དང་། ཚོང་དོན། སྤྱི་ཕན་རོགས་རམ། ཐོན་ལས་འཕེལ་རྒྱས་བཅས་ཀྱི་ཁྲོད་དབུལ་སྒྲོལ་འགག་སྒྲོལ་སྲ་བརྟན་དུ་གཏོང་བར་རམ་འདེགས་བྱེད་པ། འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་ཀྱི་ཁྲོད་ཚོང་ལ་བརྟེན་ནས་ཚོང་པ་འགུགས་པ་དང་ཚོང་པ་དང་འབྲེལ་གཏུག་བྱེད་པའི་ཁྱད་འཕགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཕྱར་བ་གྲུ་འདེགས་ཀྱིས་གཏོད་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    བསོད་ནམས་དབང་འདུས་ཀྱིས“ལོ་མང་རིང་། ཆབ་མདོ་གྲོང་ཁྱེར་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མེད་པ་ནས་ཡོད་པའི་བར་དང་ཉམས་ཞན་ནས་སྟོབས་ཆེན་བར་འཕེལ་རྒྱས་སོང་ཡོད། མིག་སྔར་གྲོང་ཁྱེར་ཡོངས་སུ་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་3.7ལྷག་ཙམ་ཟིན་པ་དང་སྒེར་གཉེར་ཁེ་ལས་6000ཙམ་ཟིན་ནས་ཆབ་མདོའི་ཞི་མཐུན་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་། མི་སེམས་གཅིག་སྒྲིལ་བཅས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད”ཅེས་ངོ་སྤྲོད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།