དབུ་ཤོག>ཆེད་སྒྲིག
  • མིག་དམར་གྱི་བདེ་སྐྱིད་ལྡན་པའི་འཚོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2021-01-24

    འདི་ལོ་ལོ་46ལ་སླེབས་པའི་མིག་དམར་ནི་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་བཟང་མོ་གྲོང་ཚོའི་ཚོགས་ཆུང་5པ་ནས་ཡིན་པ་དང་ཁྱིམ་དུ་མི་4ཡོད། ཕ་མ་གཉིས་ཀ་དབང་པོར་སྐྱོན་ཅན་ཡིན་པས་དེ་སྔ་འཚོ་བར་རང་མགོ་ཐོན་གྱི་མེད། བུ་བསྟན་ཆོས་ད་དུང་སློབ་གྲྭ་འགྲིམ་བཞིན་ཡོད་པ་དང་། ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་མིག་དམར་གཅིག་པུས་ཁྱད་ལྡན་ལག་ཤེས་བཟོ་ལས་ལ་བརྟེན་ནས་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། 2006ལོར་མིག་དམར་ལ་མཆིན་ནད་ལྡེམ་བུའི་ནད་ཕོག་ནས་འཚོ་བ་དེ་ཙམ་ཕྱུག་པོ་མེད་པའི་ཁྱིམ་ཚང་དེ་སྔར་ ལས་དཀའ་ངལ་ཆེ་བ་འཕྲད་ཡོད།

    གནད་སྨིན་དབུལ་སྐྱོར་གྱི་ལས་དོན་སྤེལ་བ་ནས་བཟུང་མིག་དམར་གྱི་ཁྱིམ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་པ་དང་། ས་གནས་སྲིད་གཞུང་གིས་ལས་དོན་མི་སྣ་མིག་དམར་གྱི་རོགས་སྐྱོར་འགན་འཁུར་བར་བསྐོས་པ་རེད། དེས་ཁོང་ལ་དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་གསལ་འགྲེལ་བྱས་པ་མ་ཟད། ཁོང་རྩལ་ནུས་གསོ་སྦྱོང་ལ་ཞུགས་པར་ཁྲིད་སྟོན་བྱས་པས་ལག་རྩལ་སྣ་གཅིག་ཤེས་ནས་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད་པ་རེད།

    སྲིད་གཞུང་དང་ཡུལ་མི་སྤུན་མཆེད་ཚོའི་རྒྱབ་སྐྱོར་འོག་མིག་དམར་གྱིས་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་དབུལ་ཞྭ་འབུད་རྒྱུའི་སེམས་ཐག་བཅད།

    མིག་དམར་གྱིས་གནད་སྨིན་དབུལ་སྐྱོར་གྱི་གཟིགས་སྐྱོང་སྲིད་ཇུས་དང་རང་ཉིད་ཀྱི་ལག་ཤེས་ལ་བརྟེན་ནས་ཕྲེང་བ་བཟོ་བའི་ལག་རྩལ་སྦྱངས་པ་མ་ཟད། བཟོས་པའི་ཕྲེང་བ་དེ་དག་ཁྲོམ་རར་བཙོངས་པ་དང་། ད་དུང་ཐང་ག་འཚེམ་དྲུབ་མ་དང་བོད་བཟོའི་སྒོ་ཡོལ་བཟོ་སྟངས་བསླབས། བཟང་མོ་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁོང་གྲོང་ཚོའི་བུད་མེད་ཀྱི་ལག་རྩལ་གསོ་སྦྱོང་འཛིན་གྲྭའི་དགེ་རྒན་ལ་གདན་དྲངས་པས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་སོང་བ་རེད།

    ད་ཆ་མིག་དམར་གྱི་ཁྱིམ་ཚང་དབུལ་ཞྭ་ཕུད་ནས་སྔར་སོང་གི་འཚོ་བར་ཕྱིར་དྲན་བྱེད་སྐབས། མིག་དམར་གྱིས“གལ་ཏེ་མི་ཞིག་ལ་དཀའ་སྤྱད་ལས་བརྩོན་གྱི་བསམ་པ་མེད་ན་སྲིད་ཇུས་ཇི་ལྟར་ཡག་ཀྱང་ཕན་ཐོགས་མེད། སྲིད་གཞུང་གིས་ང་ཚོ་དབུལ་ཕོངས་གནས་ལས་སྒྲོལ་རོགས་གནང་བས་སླད་ཕྱིན་ངས་འབད་བརྩོན་ལ་བརྟེན་ནས་ནང་མི་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།