“རང་རྒྱལ་ཙམ་མ་ཟད་ཐ་ན་གོ་ལ་ཧྲིལ་པོའི་མིག་སྔའི་དུས་བབ་དང་ཟུང་འབྲེལ་བྱས་ཏེ་ད་རེས་ངས་སྤོས་ཀྱི་ཕན་ནུས་ཞིབ་བཤེར་བྱེད་རྒྱུ་དེ་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་རྣམ་གྲངས་འཆར་འགོད་ནང་འཇུག་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་གཡུ་དགེ་ཚང་བཟོ་ཚོང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལུང་རིགས་རྒྱ་མཚོས་གསུངས་པ་རེད།ལུང་རིགས་རྒྱ་མཚོས་གསར་འགོད་པར“སྤོས་ནི་རྩ་ཆེའི་རང་བྱུང་སྨན་རྒྱུ་སུམ་ཅུ་ལྷག་ཙམ་སྦྱོར་རྟ་བྱས་པ་ཞིག་ཡིན་པ་དང་། ཁྲག་ཤེད་མཐོ་བ་སོགས་ཀྱི་ནད་ལ་གཞོགས་འདེགས་སྨན་བཅོས་ཀྱི་ནུས་པ་ཡག་པོ་ཐོན་གྱི་ཡོད། འོན་ཀྱང་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ལ་མིག་སྔར་སྤོས་ཀྱི་བྱེད་ནུས་ཞིབ་བཤེར་གྱི་འབྲེལ་ཡོད་སྒྲིག་ཆས་མེད་པས་ད་ཐེངས་ཀྱི་ཚོགས་འདུའི་ཐོག་ངས་སྤོས་ཀྱི་ཕན་་ནུས་ཞིབ་བཤེར་བྱེད་རྒྱུ་དེ་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་རྣམ་གྲངས་འཆར་འགོད་ནང་འཇུག་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན”ཞེས་གསུངས་པ་རེད།“རིམས་ནད་སྔོན་འགོག་ནུས་ལྡན་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གཙོ་གནད་ལས་དོན་ཡིན་པས་ང་ཚོས་རིམས་ནད་སྔོན་འགོག་ཨང་དང་པོར་བཞག་ནས་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་དང་ཆ་ཤས་སྔོན་འགོག་ནུས་ལྡན་བྱེད་རྒྱུ་ཟུང་འབྲེལ་བྱས་ཏེ་སྔོན་འགོག་དང་ཚོད་འཛིན་གྱི་བསམ་གཞིག་ཟབ་ཏུ་ཏན་ཏིག་གཏོང་དགོས། སྤོས་ཀྱི་ནད་ཡམས་སྔོན་འགོག་གི་ནུས་པར་ཚན་རིག་ཚོད་ལྟའི་གཞི་འཛིན་ས་ཡོད་པ་བྱས་ནས་མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་དོན་དམ་པའི་ཕན་ནུས་འདོན་དགོས”ཞེས་ལུང་རིཌ་རྒྱ་མཚོས་གསུངས།