དབུ་ཤོག>ཆེད་སྒྲིག
  • གནས་ལུགས་དང་གཞི་འཛིན་ས་ཡོད་པའི་སྒོ་ནས་རྩོད་གཞི་འདུམ་འགྲིག་བྱས་ཏེ་མི་སེམས་དྲོ་བར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2021-01-22

    མིག་དམར་ཕན་ཐོགས་ནི་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་མི་དམངས་གསལ་འགྲེལ་མཛུབ་ཁྲིད་ལྟེ་གནས་ཀྱི་ཆེད་བསྐོས་འདུམ་འགྲིག་པ་ཞིག་ཡིན་པ་མ་ཟད། ས་སྐྱ་རྫོང་ཁྲིམས་འཛིན་ཅུས་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་ལས་དོན་པ་ཞིག་ཀྱང་རེད། གཞི་རིམ་གྱི་ཆེད་བསྐོས་འདུམ་འགྲིག་ལས་ཀ་སྒྲུབ་པའི་ལོ་6ནང་མིག་དམར་ཕན་ཐོགས་ཀྱིས་འགལ་ཟླ་80ལྷག་ཙམ་འདུམ་འགྲིག་བྱས་ཤིང་། ཁོང་གིས་འདུམ་འགྲིག་བྱས་མྱོང་བའི་འགལ་ཟླ་ཞིག་ཡིན་ཚེ་བསྐྱར་དུ་ཞུ་གཏུག་བྱེད་མཁན་གཅིག་ཀྱང་མེད་ལ་འདུམ་འགྲིག་ཐུབ་ཚད་100%ཟིན་གྱི་ཡོད། ད་ལྟ་སྒྲུབ་བཞིན་པའི་གཞི་རིམ་འདུམ་འགྲིག་པའི་ལས་ཀའི་ཐད་མིག་དམར་ཕན་ཐོགས་ལ་མྱོང་ཚོར་ཟབ་མོ་ཡོད།

    “ངས་འདུམ་འགྲིག་ལས་དོན་ནི་དཀའ་ཚེགས་ཆེ་བའི་ལས་ཀ་ཞིག་ཏུ་ངོས་འཛིན་གྱི་མེད་ལ། རྙོག་དྲ་ཆེ་བའི་ལས་ཀ་ཞིག་ཡིན་པའི་ཚོར་སྣང་དེ་བས་ཡོང་གི་མི་འདུག དེའི་རྒྱུ་མཚན་ནི་མི་དམངས་འདུམ་འགྲིག་པའི་ཕྲག་སྟེང་དུ་འགལ་ཟླ་སེལ་བ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས། བརྟན་ལྷིང་སྲུང་སྐྱོང་། ཞི་མཐུན་ལ་སྐུལ་འདེད་བཅས་ཀྱི་བླ་ན་མེད་པའི་ལས་འགན་དང་གཟི་བརྗིད་ལྡན་པའི་འགན་འཁྲི་ཡོད་པས་རེད”ཅེས་མིག་དམར་ཕན་ཐོགས་ཀྱིས་བརྗོད།

    ཁོང་གིས་བཅའ་ཁྲིམས་རོགས་སྐྱོར་ལས་དོན་དང་མི་དམངས་འདུམ་འགྲིག་ལས་དོན་དེ་གཞི་གཅིག་ཏུ་བརྩིས་ནས་རོགས་སྐྱོར་ཁྲོད་འདུམ་འགྲིག་དང་། འདུམ་འགྲིག་ཁྲོད་རོགས་སྐྱོར་བྱས་ཏེ་མང་ཚོགས་ཀྱི་གྱོང་གུན་ཆུང་དུ་བཏང་ནས་མགྱོགས་ཤོས་དང་སྟབས་བདེ་ཤོས་ཀྱི་བྱེད་ཐབས་ལ་བརྟེན་ནས་རྩོད་གཞི་སེལ་གྱི་ཡོད།

    2019ལོའི་ཟླ་10པའི་ཉིན་ཞིག་ལ་ཐེམ་ཁོངས་སི་ཁྲོན་ནས་ཡིན་པའི་ཞིང་པ་ལས་མི་20ལྷག་ཙམ་ཁྲིམས་འཛིན་ཅུས་འདུམ་འགྲིག་ཁང་དུ་ཡོང་ནས་གན་རྒྱའི་རྩོད་གཞི་ལས་ཐོན་པའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་རྒྱུའི་རེ་བ་བཏོན་པ་རེད།

    མིག་དམར་ཕན་ཐོགས་ཀྱིས་ཞིང་པ་ལས་མི་ཚོར་སེམས་གསོ་བྱེད་པ་དང་ཁོ་ཚོར་བཅའ་ཁྲིམས་གསལ་འགྲེལ་བྱེད་ཞོར་དུ་དོ་བདག་ཁྲིམས་འཛིན་ཅུས་འདུམ་འགྲིག་ཁང་དུ་སྐད་བཏང་ནས། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གྱོད་གཞིར་འདུམ་འགྲིག་བྱས་པ་རེད། ཉིན་གཉིས་ཀྱི་འདུམ་འགྲིག་རིང་ཁོང་གིས་ནམ་ཕྱེད་བར་དུ་ལས་ཀ་བྱས་ཡོད་ལ། སྐབས་རེ་ཁ་ལག་ཀྱང་ཟ་ཁོམ་བྱུང་མེད། མཐར་ཁོང་གི་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་འདུམ་འགྲིག་འོག་ཞིང་པ་ལས་མིར་གླ་ཆ་ཆད་ལྷག་མེད་པར་སྤྲོད་ཐུབ་པ་རེད།

    ཁོང་གི་དཀའ་ངལ་ལ་མི་འཛེམས་པའི་ལས་ཀའི་སྤྱོད་ཚུལ་དེས་ཞིང་པ་ལས་མི་ཚོར་སེམས་འགུལ་ཆེན་པོ་ཐེབས་ནས“ཁྱེད་ནི་ཏང་གི་ལས་བྱེད་པ་ཡག་པོ་ཞིག་རེད། ཁྱེད་དང་འཕྲད་པ་ནི་ང་ཚོའི་བསོད་ནམས་ཡིན། ཐུགས་རྗེ་ཆེ”ཞེས་ཞུས་པ་རེད། ཞིང་པ་ལས་མི་ཚོ་འཛུམ་དམུལ་དམུལ་ངང་འདུམ་འགྲིག་ཁང་ནས་དོན་པ་མཐོང་སྐབས་མིག་དམར་ཕན་ཐོགས་ལ་དགའ་ཚོར་ཆེན་པོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།