དབུ་ཤོག>ཆེད་སྒྲིག
  • མང་ཚོགས་ཀྱི་དོན་དག་ཡིན་ཕྱིན་ཐམས་ཅད་དོན་ཆེན་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-21

    微信图片_20210120203511(62002)-20210121010141_s.jpg

    འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཐའོ་མིང་ཅུན་ཡིན་པ།

    “མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་མི་དམངས་ལ་བཅངས་པའི་དྲིན་ཚོར་གྱི་སེམས་པ་དང་བཅའ་ཁྲིམས་ལ་བཅངས་པའི་གུས་སྐྲག་གི་སེམས་པ་བློ་ལ་ངེས་ནས་རྟག་ཏུ་རང་ཉིད་ལ་ལྕག་སྐུལ་དང་། རང་ཉིད་ཡར་རྒྱས་གཏོང་བ། རང་ཉིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་བསམ་བློ་བྱ་གཞག་ཐོག་འཇོག་པ་དང་སེམས་ནུས་བྱ་གཞག་སྒྲུབ་པའི་ཐོག་འཇོག་དགོས”ཞེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས་ཏང་ཙུའི་ཧྲུའུ་ཅི་ཐའོ་མིང་ཅུན་གྱིས་གསར་འགོད་པར་གསུངས།

    2020ལོའི་ཟླ་གསུམ་པའི་ཟླ་འགོ་ནས་བཟུང་། དིང་རི་རྫོང་ཕན་སྤྱི་ཤང་དུ་བཅའ་སྡོད་དབུལ་སྒྲོལ་འགག་སྒྲོལ་གྱི“རང་བཤེར་རང་བཅོས”ལས་དོན་གྱི་ཤང་འགན་གཙང་ལེན་མཁན་འགོ་ཁྲིད་ཐའོ་མིང་ཅུན་གྱིས་ཕན་སྤྱི་ཤང་གི་ས་བབ་མཐོ་བ་དང་། གནམ་གཤིས་ཞན་པ། ཆ་རྐྱེན་སྐྱོ་བ་བཅས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ། རྫོང་དང་ཤང་ཏང་ཨུད་དང་སྲིད་གཞུང་དང་དབུལ་སྒྲོལ་འགག་སྒྲོལ་གྱི“རང་བཤེར་རང་བཅོས”ལས་དོན་ཐད་འབྲེལ་མཐུད་སྤེལ་རེས་ཧུར་ཐག་དང་། དུད་ཚང་དབུལ་པོའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་པ། དུད་ཚང་དབུལ་པོར་འཚམས་འདྲི་བྱེད་པ། ལས་དོན་ཁྲོད་ཀྱི་དཀའ་གནད་འཕྲལ་དུ་ཐག་གཅོད་བཅས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི“རང་བཤེར་རང་བཅོས”ཀྱི་སྣེ་ཁྲིད་པ་ཡག་པོ་ཞིག་བྱས་ནས་ཕན་སྤྱི་ཤང་གི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི“རང་བཤེར་རང་བཅོས”ཀྱི་ལེའུ་གསར་པ་བརྩམས།

    ལོ་ཕྱེད་ནང་ཐའོ་མིང་ཅུན་གྱིས་རྫོང་ཆུ་བེད་ཅུས་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ཏེ། སྲིད་འཛིན་གྲོང་ཚོ་5ཡི་གཅིག་སྡུད་ཆུ་མཁོ་འདོན་བྱེད་ས་30ལ་དམིགས་ནས་མདོང་ལམ་དྲོད་སྲུང་བྱེད་ཐབས་ཧུར་ཐག་སྤྱད་དེ་མང་ཚོགས་ཀྱི་དགུན་དུས་འཐུང་ཆུ་འགན་ལེན་བྱས་པས། མིག་སྔར་སྲིད་འཛིན་གྲོང་ཚོ་5ཡི་གཅིག་སྡུད་ཆུ་མཁོ་འདོན་བྱེད་ས་30ཚང་མ་ནས་ཆུ་གཏོང་ཐུབ་པ་བྱུང་ཡོད།

    ལོ་ཕྱེད་རིང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཤང་འགན་གཙང་ལེན་པའི་ལས་དོན་ཁྲོད། ཐའོ་མིང་ཅུན་གྱིས་ཕན་སྤྱི་ཤང་གི་ཞིང་ནང་དང་མུ་ཁར་བསྐྱོད་དེ་ལས་བྱེད་པ་དང་མང་ཚོགས་དང་གླེང་མོལ་བྱས་ཏེ་ཐབས་ཇུས་དམངས་ལ་འདྲི་བ་དང་འཕེལ་རྒྱས་མཉམ་དུ་དོན་གཉེར་བྱས་པའི་སྐོར་2020ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་རང་བཤེར་རང་བཅོས་ལས་དོན་གྱི་ཟིན་དེབ་ནང་བཀོད་ཡོད། ཁོང་གིས“མང་ཚོགས་ཀྱི་དོན་དག་ཡིན་ཕྱིན་ཐམས་ཅད་དོན་ཆེན་རེད། དེ་ནི་ང་ལོ་ཕྱེད་རིང་ཕན་སྤྱི་ཤང་དུ་ལས་ཀ་བྱས་པ་ལས་བྱུང་བའི་མྱོང་ཚོར་ཡིན་ལ། ཕན་སྤྱི་ཤང་དེ་བས་འཕེལ་རྒྱས་ཡོང་བའི་སྨོན་འདུན་ཞིག་ཀྱང་ཡིན། སླད་ཕན་སྤྱི་ཤང་འདི་ཉིད‘ཐོན་ལས་དར་རྒྱས་དང་། སྣོད་བཅུད་སྡོད་མལ། གྲོང་སྲོལ་ཤེས་དཔལ། བཅོས་སྒྲིག་ནུས་ལྡན། འཚོ་བ་འབྱོར་ཕྱུག’བཅས་ཡོང་བའི་རེ་བ་ཡོད”ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།