དབུ་ཤོག>ཆེད་སྒྲིག
  • མཐའ་སྐྱོང་བོད་བརྟན་ལས་ཁེ་སྤོགས་བཟང་པོ་རག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-21

    འདི་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག འཐུས་མི་དང་ཨུ་ཡོན་ཚོས་གླེང་མང་བའི་བཀའ་མོལ་ནི་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ཕན་ནུས་ལ་དེ་བས་ལེགས་པའི་སྒོ་ནས་སྒྱུར་རྒྱུ་དེ་རེད། འོ་ན་ལས་དོན་དེ་ཇི་ལྟར་སྒྲུབ་དགོས་སམ། དེར་འགྱུར་ལྡོག་གང་ཞིག་བྱུང་ཡོད་དམ།

    དེའི་ཐད་ཚོགས་ཆུང་གྲོས་བསྡུར་བྱ་ཡུལ་དུ་བོད་ཆས་སྤྲས་ཤིང་གཏམ་བཤད་མ་ཟིན་ལ་བཟོ་བཅོས་རྒྱག་བཞིན་པའི་གཡུ་སྨན་སྤོས་ཀུང་སིའི་ཏུང་ཧྲི་ཀྲང་ལུང་རིང་རྒྱ་མཚོར་མྱོང་ཚོར་ཟབ་མོ་ཡོད། “རང་ལྗོངས་ཀྱིས་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་ནུས་པར་ཏན་ཏིག་སྒྱུར་བས་མཐའ་སྐྱོང་བོད་བརྟན་ལས་ཁེ་སྤོགས་བཟང་པོ་རག་པ་དེར་ཉེ་བའི་ལོ་ཤས་རིང་རང་ཉིད་ལ་དངོས་གནས་མྱོང་ཚོར་ཟབ་མོ་བྱུང”

    སྤོས་ཐོན་ལས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བྱུང་བ།

    རང་ལྗོངས་ཀྱི་སྤོས་ཐོན་ལས་འཕེལ་རྒྱས་གང་འདྲ་བྱུང་ཡོད་དམ། “བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ལྗོངས་ཡོངས་སུ་སྤོས་ཐོན་སྐྱེད་ཁེ་ལས་སུམ་བརྒྱ་ཡན་ཡོད་ཅིང་། ལོའི་བྲིན་ཚོང་དངུལ་འབོར་སྒོར་དུང་ཕྱུར་གསུམ་ཙམ་ཟིན་གྱི་ཡོད”ཅེས་ལུང་རིང་རྒྱ་མཚོས་གསུངས།

    ཁེ་ལས་མང་པོ་ཞིག་དང་མི་འདྲ་བ་ནི“ང་ཚོའི་ཁེ་ལས་ཀྱི་སྤོས་ལྗོངས་ཕྱིར་བྲིན་ཚོང་བྱེད་ཚད་80%ཟིན་པ་དང་། གྲོང་ཁྱེར་20ལྷག་ཙམ་དུ་ཚོང་ཁང་བཙུགས་ཡོད”ཅེས་ཁོང་གིས་གསུངས།

    ལོ་གཉིས་ནང་། འགྱུར་ལྡོག་གསར་པ་བྱུང་བ་སྟེ། བོད་ཀྱི་ཁེ་ལས་དེ་བས་མང་བ་ཕྱིར་བསྐྱོད་པ་དེ་རེད།

    མཐའ་སྐྱོང་བོད་བརྟན་ལས་ཁེ་ལས་ལ་ཁེ་སྤོགས་རག་པ་དང་ཆབས་ཅིག་འདུ་ཤེས་ལའང་འགྱུར་ལྡོག་ཕྱིན་ཡོད།

    ལོ་གཉིས་ནང་། ལུང་རིང་རྒྱ་མཚོས་ཁེ་ལས་ལ་ཁེ་བཟང་རག་ཐབས་ཁོ་ན་མ་བྱས་པར་ད་དུང་སྤྱི་ཚོགས་ཀྱི་འགན་འཁྲིར་དེ་བས་དོ་སྣང་བྱེད་དགོས་པ་གསལ་པོ་ཤེས་ཀྱི་ཡོད།

    ན་ནིང་། ཕ་ཡུལ་མངའ་རིས་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་དབང་པོ་སྐྱོན་ཅན་ཞིག་ལས་ཀ་འཚོལ་རྒྱུར་སེམས་ཁྲལ་ཆེན་པོ་བྱེད་པ་ཐོས་པ་དང་། ཁོང་གིས“ངའི་ཀུང་སིར་ལས་ཀ་བྱེད་པར་ཤོག”ཅེས་འཕྲལ་དུ་ཐག་བཅད་པ་རེད།

    ཐག་དེ་འདྲ་ཞིག་གཅོད་པར་སེམས་ཤུགས་ལྡན་དགོས། “ཕྲུ་གུ་དེ་འཚོ་བ་རང་མགོ་མི་ཐོན་པ་དང་། ཐ་ན་གཅིན་པ་གཏོང་བར་སྐྱོད་པར་ཡང་རོགས་པ་དགོས་ཀྱི་ཡོད། ང་ཚོའི་ལས་བཟོ་ཚོས་སྐྱུག་བྲོ་སུན་སྣང་མ་བྱས་པར་རེས་མོས་ཀྱིས་ཕྲུ་གུ་དེར་ལྟ་སྐྱོང་བྱེད་ཀྱི་ཡོད”ཅེས་ཁོང་གིས་གསར་འགོད་པར་གསུངས།

    བཟའ་སྡོད་འགན་ལེན་དང་། འཚོ་བར་ལྟ་སྐྱོང་། ཟླ་རེར་གླ་ཕོགས་སྒོར་1800སྤྲོད་པ་མ་ཟད། ད་དུང་ཁ་གསབ་གཞན་དག་སྤྲོད་པ་བཅས་ནི་ལུང་རིང་རྒྱ་མཚོས་ཕྲུ་གུ་དེར་གནང་བའི་ཐོབ་ཆ་རེད། ཁོང་གིས་བལྟས་ན། ཁེ་ལས་ཀྱིས་ཕྲུ་གུ་དེར་ལྟ་སྐྱོང་གཅིག་པུ་བྱས་ནས་མ་བསྡད་པར་ཁོ་པའི་རང་རྟེན་ནུས་པ་གསོ་སྐྱོང་བྱེད་རྒྱུ་ནི་དེ་བས་གལ་འགངས་ཆེ་བ་ཞིག་རེད། ཁོང་གིས་དྲ་ཐོག་ཚོང་ཁང་གི་བྲིན་ཚོང་ལས་སྟེགས་ཤིག་བཏོད་དེ་གཞོན་ནུ་དབང་པོ་སྐྱོན་ཅན་དེའི་དམིགས་བསལ་གྱི་ཁྱད་ཆོས་འདོན་སྤེལ་བྱེད་རྩིས་ཡོད་པ་རེད།

    རླངས་འཁོར་འཇོག་ས་ལས་བྱུང་བའི་དམངས་འཚོའི་འགྱུར་ལྡོག

    རླངས་འཁོར་འཇོག་ས་ཆུང་ཆུང་དེ་ནི་དམངས་འཚོའི་གནད་དོན་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད།

    “སྡོད་ཁུལ་དུ་རླངས་འཁོར་འཇོག་ས་དཀོན་པས། ཉིན་ལྟར་ལས་ཐག་བཅད་ནས་ཁྱིམ་དུ་ལོག་སྐབས་རླངས་འཁོར་གང་དུ་འཇོག་དགོས་པའི་གནད་དོན་དེར་སེམས་ཁྲལ་ཆེན་པོ་བྱེད་པ”དང“ན་ཚ་སྐར་མ་གཅིག་ལྟ་བར། སྦང་སྒྲིག་ནས་རླངས་འཁོར་འཇོག་ས་ཆུ་ཚོད་གཅིག་སྒུག་དགོས་ཀྱི་ཡོད། སྐབས་རེ་དུས་ཚོད་དེ་ལས་རིང་བ་སྒུག་དགོས་ཀྱི་ཡོད་པ” “སློབ་གྲྭ་གྲོལ་སྐབས་སློབ་གྲྭའི་སྒོ་འགྲམ་གྱི་ལམ་འགག་ནས་འཚང་ཁ་ཧ་ཅང་ཆེན་པོ་ཡོད་པ”ལ་སོགས་རེད།

    ལྷ་སར་གནས་ཚུལ་དེ་རིགས་ལེགས་སུ་འགྲོ་བཞིན་ཡོད་པ་དང་། མང་ཚོགས་ཀྱིས་བཏོན་པའི་གནད་དོན་དེ་རིགས་འགྱུར་ལྡོག་འགྲོ་བཞིན་ཡོད། “རླངས་འཁོར་འཇོག་ས་ག་དུས་སྐྲུན་ཚར་གྱི་རེད་དམ”ཞེས་པ་དང་། “གློག་སྒུལ་སྦག་སྦག་ལ་ཆེད་མངགས་འཇོག་ས་ཡོད་དམ”“རླངས་འཁོར་འཇོག་ས་དེ་བསྐྲུན་རྗེས་རླངས་འཁོར་ག་ཚོད་ཙམ་འཇོག་ཐུབ་བམ”

    གནད་དོན་གསར་པ་དེ་རིགས་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷ་ས་གྲོང་ཁྱེར་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ཀུང་སིའི་ཨར་ལས་རུ་ཁག་གི་རུ་དཔོན་བསྟན་འཛིན་ལ་འདས་ཟིན་པའི་ལོ་གཅིག་རིང་རྒྱུན་དུ་འདྲི་བའི་སྐད་ཆ་དང་། ཁོང་གིས་ལན་འདེབས་འདོད་ཆེ་ཤོས་བྱེད་པའི་གནད་དོན་ཞིག་རེད།

    རླངས་འཁོར་འཇོག་ས་དེ་ནི་ཁོང་གི་ལས་ཀ་དང་འབྲེལ་བ་དམ་ཟབ་ཡོད། ན་ནིང་ཚུན་དུ། ལས་གྲྭའི་སྤུས་ཚད་དང་མྱུར་ཚད་འགན་ལེན་བྱ་ཆེད། སྡེ་ཁུལ་དང་། ཁྲོམ་གཞུང་། ལས་ཡུལ་བཅས་སུ་རྟག་ཏུ་བྲེལ་འཚུབ་ཆེ་བའི་ཁོང་གི་གཟུགས་བརྙན་མཐོང་རྒྱུ་ཡོད།

    ད་ཆ་ལྷ་ས་གྲོང་ཁྱེར་ཧའེ་ཁྲེང་སློབ་ཆུང་དང་། ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོ། ལྷ་ས་གྲོང་ཁྱེར་སློབ་འབྲིང་གསུམ་པ་སོགས་ཀྱི་ས་འོག་རླངས་འཁོར་འཇོག་སའི་རྣམ་གྲངས་འཛུགས་སྐྲུན་ལག་ལེན་བསྟར་ནས་མང་ཚོགས་ཚོར་དངོས་དངོས་རྗེན་རྗེན་གྱི་ཕན་པ་བསྐྲུན་ཡོད།

    ཚོང་གཉེར་ཁོར་ཡུག་ལས་ཁེ་ལས་ལ་འགྱུར་ལྡོག་བྱུང་བ།

    2000ལོར་ལོ་22ལ་སླེབས་པའི་ཧན་ཡུས་བོད་དུ་ཡོང་ཐེངས་དང་པོ་རེད། “སྐབས་དེ་དུས་ཉིང་ཁྲི་གྲོང་ཁུལ་རྒྱ་ཆེན་པོ་མེད་པ་མ་ཟད། དཔལ་འབྱོར་ཡང་རྗེས་ལུས་ཡིན་མོད། མཐར་དེ་གར་བསྡད་ནས་ལས་གཏོད་བྱེད་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་ཧན་ཡུས་ཀྱིས་གསུངས་པ་རེད།

    ཉིང་ཁྲིར་བསྡད་ནས་ལོ་20སོང་བ་དང་། ད་ཆ་ཧན་ཡུས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཏུ་གྱུར་ཡོད།

    ཐོག་མར་ཉིང་ཁྲིར་ཡོང་སྐབས། ཧན་ཡུས་ལ་སྐབས་དེ་དུས་ཉིང་ཁྲིའི་ཁྲོམ་རའི་ཐོག་གི་ཨར་སྐྲུན་རྒྱུ་ཆ་སྤྱིར་ན་སྦགས་བཙོག་ཆེ་བ་དང་ནུས་པ་ཟད་གྲོན་ཆེ་བའི་ཐོན་རྫས་ཡིན་པའི་སྣང་བ་བྱུང་ཡོད། དེས་ཁོང་ལ་ཚོང་གི་གོ་སྐབས་ རྙེད་ནས། ཧན་ཡུས་ཀྱིས་ཤིས་ཨན་ཚན་རྩལ་སློབ་ཆེན་དང་མཉམ་ལས་བྱས་ཏེ“ཨར་སྐྲུན་གྱི་སྙིགས་རོ་ཚད་གཞི་མཐོ་པོས་བསྲེགས་སྦྱོར་བྱས་པའི་སོ་ཕག”གྲུབ་འབྲས་ཐོབ་པའི་ངང་ཞིབ་སྤེལ་བྱས་ཡོད། དེ་ནི་སྙིགས་རོའི་ཨར་སྐྲུན་གད་སྙིགས་སླར་ཡང་སྤྱོད་པའི་གོ་ཆོད་རྣམ་པའི་ལག་རྩལ་སྤྱད་པ་ཞིག་རེད།

    ཕྱོགས་ཁག་གི་ཚོད་ལྟ་བརྒྱུད། ལས་གྲྭའི་ཐོག་མགྱོགས་མྱུར་སྤྱོད་ཐུབ་པའི་ཨར་སྐྲུན་རྒྱུ་ཆ་ཞིབ་བཟོ་ལེགས་གྲུབ་བྱུང་བ་མ་ཟད། ཐོན་སྐྱེད་བྱེད་རིང་བཙོག་ཆུ་དང་། བཙོག་རླངས། སྙིགས་རོ་བཅས་ཐོན་གྱི་མེད། སྙིགས་རོ་སླར་ཡང་མ་བཅོས་རྒྱུ་ཆའི་ནང་སྤྱོད་ཆོག་པས་བཟོ་རྩལ་བརྒྱུད་རིམ་ཧྲིལ་པོ་བདེ་འཇགས་དང་། གཙང་མ། ཁོར་ཡུག་སྲུང་སྐྱོང་བཅས་བྱུང་ཡོད།

    ཧན་ཡུས་ཀྱིས་རང་ཉིད་ཀྱི་ཀུང་སི་བཙུགས་མ་ཐག་ལོར་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་བཅུ་ཕྲག་ནས་2019ལོའི་སྒོར་དུང་ཕྱུར་3བར་མང་དུ་ཕྱིན་པ་དང་།

    བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་དེང་རབས་ཞབས་ཞུའི་ལས་རིགས་དང་མཐོ་གསར་འཛུགས་སྐྲུན་རྒྱུ་ཆའི་ཁྱབ་ཁོངས་ཆེན་པོ་གཉིས་ལས་སྒྲོལ་བའི་ཚོགས་པའི་ཀུང་སིར་རིམ་གྱིས་གྱུར་པ་དང་། ལས་སྒོའི་ནང་ཁོར་ཡུག་སྲུང་སྐྱོང་གི་འཛུགས་སྐྲུན་རྒྱུ་ཆ་དང་། མགྲོན་ཁང་། ཡུལ་སྐོར། སྡེ་ལས། ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་མང་པོ་ཚུད་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།