དབུ་ཤོག>ཆེད་སྒྲིག
  • ཉིང་ཁྲིའི་ལྗང་མདོག་འཐུང་ཇའི་ལས་གཏོད་རྣམ་གྲངས་ལ་ནུབ་རྒྱུད་ཞིང་པ་ལས་མི་ཕ་ཡུལ་དུ་ལོག་ནས་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོའི་སྐབས་བྱ་དགའ་རག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-20

    ཉེ་དུས། ནུབ་རྒྱུད་ཀྱི་ཞིང་པ་ལས་མི་ཕ་ཡུལ་དུ་ལོག་ནས་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོ་སྐབས་དང་པོའི་མཐའ་བསྡུར་ཁྲུང་ཆིང་དུ་བྱས་ཤིང་། ཉིང་ཁྲི་གྲོང་ཁྱེར་གྱི“མགོ་ཡུལ་གྱི་རྩ་ཆེའི་རི་ནོར་ཚོང་རྟགས་སུ་བྱས་པའི། ས་མཐོའི་པདྨ་སེར་པོ”ཞེས་པའི་རྣམ་གྲངས་བོད་རང་སྐྱོང་ལྗོངས་ཀྱི་ཚབ་བྱས་ནས་འགྲན་བསྡུར་ལ་ཞུགས་པས་ཕུལ་བྱུང་གི་བྱ་དགའ་ཐོབ་ཡོད།

    འགྲན་བསྡུར་ཆེན་པོ་དེ་མིང་ཐོ་བཀོད་དེ་སྐོང་བསྡུ་བྱས་པ་དང་རིམ་པ་བཞིན་གདམ་གསེས་བྱས་པ་བརྒྱུད་ཁྲུང་ཆིང་དང་། སི་ཁྲོན། མཚོ་སྔོན། བོད་ལྗོངས། ནང་སོག ཀོང་ཤིས། ཀན་སུའུ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་རྣམ་གྲངས་ཚོགས་པ་ཕུལ་བྱུང་16འབུར་དུ་ཐོན་ཏེ་མཐའ་བསྡུར་ནང་ཚུད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་རྫ་ཡུལ་རྫོང་བསངས་ཁ་ལ་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སིའི“མགོ་ཡུལ་གྱི་རྩ་ཆེའི་རི་ནོར་ཚོང་རྟགས་སུ་བྱས་པའི། ས་མཐོའི་པདྨ་སེར་པོ”ཞེས་པའི་རྣམ་གྲངས་ནི་བོད་རང་སྐྱོང་ལྗོངས་ཀྱི་ཚབ་བྱས་ནས་འགྲན་བསྡུར་ནང་ཞུགས་པའི་རྣམ་གྲངས་གཅིག་པུ་དེ་རེད། རྣམ་གྲངས་དེ་ཐོ་འགོད་བྱས་པའི་མ་དངུལ་སྒོར་ཁྲི་150ཡིན་ཞིང་། གཉེར་སྐྱོང་ཁྱབ་ཁོངས་གཙོ་བོ་ནི་བོད་ལྗོངས་རྫ་ཡུལ་རྫོང་མགོ་ཡུལ་ཤང་དུ་སྐྱེས་པའི་རི་སྐྱེས་པདྨ་སེར་པོ་ལས་སྣོན་བྱས་ཏེ་རླུང་སྐམ་བཏང་ནས་བཟོས་པ་ཞིག་ཡིན་ལ་སྦྱོར་རྟ་གང་ཡང་བྱས་མེད་པའི་རང་བྱུང་གི་ལྗང་མདོག་འཐུང་ཇ་ཞིག་རེད། ཀུང་སི་བཙུགས་ནས་ལོ་3གྱི་ནང་ས་གནས་དེ་གའི་ཞིང་འབྲོག་པའི་དུད་ཚང་300ལ་འབབ་འཕར་སྒོར་ཁྲི་80ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།