དབུ་ཤོག>ཆེད་སྒྲིག
  • དཀའ་ངལ་ཡོད་པའི་མང་ཚོགས་སེམས་ལ་བཅངས་ནས་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-18

    40791_yis_1610899200000_s.jpg

    འདི་ནི་སྒྲོལ་མས་འབྲེལ་ཡོད་སྙན་སྒྲོན་ལྟ་ཀློག་ནན་ཏན་བྱས་ནས་འཐུས་མིའི་འགན་འཁྲི་སྒྲུབ་བཞིན་ཡོད་པ།

    “ང་ནི་གཞི་རིམ་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པས། ངས་ངེས་པར་དུ་རྩ་བ་མི་དམངས་ཁྲོད་ཚུགས་ནས་ཐམས་ཅད་མི་དམངས་ཀྱི་ཁེ་ཕན་འགོ་འཛུགས་སར་བྱས་ཏེ་མང་ཚོགས་ལ་ཐབས་འདོན་ཇུས་འདོན་དང་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་གནད་སེལ་རྒྱུ་དེ་ནི་ངའི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན”ཞེས་པ་དེ་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲོལ་མས་རྒྱུན་དུ་གསུངས་པའི་བཀའ་མོལ་ཞིག་ཡིན་པ་མ་ཟད། ཁོང་གི་སེམས་ནང་བརྟན་པོར་ངེས་པ་ཞིག་དེ་བས་རེད།

    སྒྲོལ་མ་ནི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་ས་སྡིངས་གྲོང་ཚོ་ནས་ཡིན་པ་དང་། 2018ལོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་པ་དང་ད་ལྟ་ས་སྡིངས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པའི་འགན་འཁུར་བཞིན་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ས་སྡིངས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པའི་འགན་འཁུར་བ་ནས་བཟུང་། སྒྲོལ་མས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་དཀའ་སྤྱད་འབད་བརྩོན་དང་ཟོལ་མེད་ཀྱི་བརྩེ་བ་བཅངས་པས་ས་སྡིངས་གྲོང་ཚོའི་གྲོང་མི་ཚོའི་ཁས་ལེན་གང་ལེགས་ཐོབ་ཡོད་པ་རེད།

    གཞི་རིམ་གྱི་མང་ཚོགས་ཁྲོད་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ཁོང་གིས་རྒྱུན་དུ་མང་ཚོགས་ཁྲོད་བསྐྱོད་ནས་མང་ཚོགས་ཀྱིས་བསམ་བློ་གཏོང་ས་དང་དགོས་མཁོ་གང་ཡོད་པ་ཤེས་རྟོགས་བྱེད་པ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་པ་དང་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་ཀྱི་ཡོད་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཚུན་ཁོང་གིས་བརྟག་ཞིབ་ཚོགས་འདུ་དང་མི་དམངས་འཐུས་ཚོགས་ཀྱི་ལྟ་བཤེར་བྱེད་སྒོ་སྣ་ཚོགས་ནང་ཧུར་ཐག་ཞུགས་ཏེ་བྱ་ཐབས་སྣ་ཚོགས་བརྒྱུད་གྲོང་མིའི་བསམ་འདུན་ཉན་གྱི་ཡོད། “མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པས་བྱ་བ་དངོས་མང་ཙམ་སྒྲུབ་དགོས། དེ་མིན་ན་མང་ཚོགས་ཀྱི་རེ་འདུན་སྐོང་མི་ཐུབ”ཅེས་སྒྲོལ་མས་བཤད།

    གཞི་རིམ་དུ་སྐྱོད་རིང་སྒྲོལ་མས་གྲོང་ཚོའི་ལོ་ན་མཐོ་བའི་རྒན་མོ་རྨོ་རྨོ་ཁྱིམ་དུ་གཅིག་པུ་ཡིན་པ་དང་འཚོ་བ་སྐྱོ་པོ་ཡོད་པ་ཤེས་སྐབས། རང་འགུལ་ངང་གོང་རིམ་ལ་གནས་ཚུལ་སྙན་སེང་ཞུས་ནས་རྨོ་རྨོ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ནང་བཅུག་པ་མ་ཟད། ཁོང་ལ་ད་དུང་མ་དངུལ་སྒོར་ཁྲི་3བརྩོན་ལེན་བྱེད་རོགས་བྱས་ནས་དྲོད་ཁང་ཆེན་པོ་ཞིག་བརྒྱབ་སྟེ་ལོ་གཅིག་དུས་བཞིར་སྔོ་ཚལ་སོས་པ་ཟ་རྒྱུ་ཡོད་པའི་འགན་ལེན་བྱས་ཡོད།

    “ང་ཚོའི་ཧྲུའུ་ཅི་སྒྲོལ་མ་དངོས་གནས་མི་བཟང་པོ་ཞིག་རེད། ཁོང་གི་རོགས་རམ་འོག་རང་ཉིད་2017ལོར་དབུལ་སྒྲོལ་བྱུང་ནས་སྨི་ངོས་གྲུ་127ཡོད་པའི་སྡོད་ཁང་ཆེན་པོ་ཞིག་ཏུ་སྡོད་ཀྱི་ཡོད། ད་ལྟ་ཁོང་རྟག་ཏུ་ངའི་ཁྱིམ་དུ་ཕེབས་ནས་ང་ལ་གཙང་སྦྲ་དང་གོས་འཁྲུད་རོགས་བྱེད་ཀྱི་འདུག རང་ཉིད་ལ་འཚོ་བའི་མཁོ་ཆས་ཉོ་བར་སྟབས་བདེ་མེད་སྟབས། རྒྱུན་དུ་ང་ལ་རྩམ་པ་དང་མར་སྐྱེལ་བར་ཡོང་གི་ཡོད། ཁོང་གིས་གཉེན་ཉེ་བཞིན་འཚོ་བར་ལྟ་རྟོག་ཡག་པོ་གནང་གི་འདུག”ཅེས་རྨོ་རྨོ་ཡིས་སེམས་འགུལ་ཐེབས་པའི་ངང་བཤད།

    “ད་ཆ་ང་ཚོའི་ས་སྡིངས་གྲོང་ཚོའི་ཁོར་ཡུག་ཧ་ཅང་ལེགས་སུ་ཕྱིན་ཡོད། གྲོང་ཚོའི་གང་སར་སྔོ་ལྗང་ལྗོན་ཤིང་གིས་ཁེངས་པ་མ་ཟད་ཁྱིམ་ཚང་ཚང་མའི་མེ་ཏོག་དང་ཤིང་འབྲས་ནས་དྲི་ཞིམ་གང་སར་འཐུལ་བཞིན་ཡོད”ཅེས་ས་སྡིངས་གྲོང་ཚོའི་གྲོང་མི་ཚེ་འཕེལ་གྱིས་དགའ་སྤྲོའི་ངང་བཤད། ཉེ་བའི་ལོ་ཤས་རིང་སྒྲོལ་མས“མཛེས་སྡུག་ལྡན་པའི་གྲོང་གསེབ་དང་བདེ་སྐྱིད་ལྡན་པའི་གྲོང་གསེབ”ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ས་སྡིངས་གྲོང་ཚོའི་ཁོར་ཡུག་མཛེས་སྡུག་ལྡན་པ་དང་སྔོ་འགྱུར་ལ་སྣེ་ཁྲིད་བྱས་པ་མ་ཟད། ད་དུང་གྲོང་མི་སྐུལ་སློང་ཧུར་ཐག་བྱས་ནས་སྤྱི་ཕན་ནགས་ཚལ་འཛུགས་པའི་བྱེད་སྒོར་ཞུགས་ཡོད། “ཧྲུའུ་ཅི་སྒྲོལ་མས་ཁྱིམ་དུད་རེ་རེ་བཞིན་ལ་གད་སྙིགས་རིགས་དབྱེའི་ཕན་ཡོན་གསལ་འགྲེལ་བྱས་ནས་ཐུན་མོང་ཐོག་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས་ཞེས་ང་ཚོར་ལྕག་སྐུལ་ཡང་གནང་བྱུང”ཞེས་ས་སྡིངས་གྲོང་ཚོའི་གྲོང་མི་ཆོས་འཚོས་བཤད།

    སྒྲོལ་མས། “ང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པས་གཟི་བརྗིད་ཆེ་ལ། འགན་འཁྲི་ཡང་ལྕི་པོ་ཡིན་པ་ཚོར་གྱི་འདུག ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། ངས་ཐོག་མཐའ་བར་གསུམ་དུ་ལས་གནས་ཀྱི་འགན་འཁྲི་དང་མང་ཚོགས་ཀྱི་ཁྲོད་དུ་གཞི་བཙུགས་ཏེ་རྒྱ་ཆེའི་གཞི་རིམ་མང་ཚོགས་ཀྱི་བདེ་སྡུག་ལ་ཐབས་འདོན་ཇུས་འདོན་བྱེད་ཀྱི་ཡིན”ཞེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།