དབུ་ཤོག>ཆེད་སྒྲིག
  • གཅེས་སེམས་ཁེ་ལས་ཀྱིས་སློབ་གསོར་དབུལ་སྐྱོར་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-01-15

    ཉེ་ཆར། པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ་དང་ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་འཛུགས་མཐུན་སྦྱོར་འོག གཅེས་སེམས་ཀྱིས་རབ་ཏུ་ཁེངས་པའི་ཞལ་འདེབས་རྒྱག་པའི་མཛད་སྒོ་ཀྲུང་གོ་ལྷ་ས་SOSབྱིས་པའི་གྲོང་དུ་གཉེར་ཞིང་། བོད་ལྗོངས་ཡོན་ལེ་ཧྲེང་རྒྱུ་ནོར་དོ་དམ་ཚད་ཡོད་ཀུང་སིས་བྱིས་པའི་གྲོང་ལ་སློབ་སྐྱོར་མ་དངུལ་སྒོར་ཁྲི་50ཞལ་འདེབས་བརྒྱབ་པ་རེད།

    ཞལ་འདེབས་རྒྱག་པའི་མཛད་སྒོའི་ཐོག པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ་ཏང་ཨུད་ཀྱི་ཨུ་ཡོན་དང་ལྷ་ས་གྲོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཡུས་ཁྲོན་ཧུའེ་ཡིས་ཤིས་ཚིག་སྒྲོན་སྐབས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁ་གཏད་རོགས་སྐྱོར་ལ་ཞུགས་པ་ནི་བོད་སྐྱོར་བྱ་གཞག་གི་ཁ་འབྲལ་ཐབས་མེད་པའི་གྲུབ་ཆ་ཞིག་རེད་ལ། སྲོལ་རྒྱུན་གྱི་བོད་སྐྱོར་དཔེ་དབྱིབས་ཀྱི་ཞན་ཆ་སེལ་བའི་ལྷུ་ཚིགས་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་ཞལ་འདེབས་རྒྱག་པའི་བྱེད་སྒོས་རོགས་པ་དགོས་མཁན་གཅེས་སེམས་ཕུལ་བ་ནི། “གནད་སྨིན་དབུལ་སྐྱོར”ལས་དོན་གྱི་ཕྱོགས་སྟོན་དང་མཐུན་པ་མ་ཟད། བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་བཏོན་པའི“ངེས་པར་དུ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་རྒྱུ་དེ་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འགོ་ཚུགས་དང་དོན་ལ་འབབ་སར་བྱེད་དགོས་པའི”ལས་དོན་གྱི་བླང་བྱ་དང་མཐུན་པ་ཞིག་རེད་ཅེས་བརྗོད་པ་རེད།

    “བྱིས་པའི་གྲོང་གི་འཕེལ་རྒྱས་དང་འགྱུར་ལྡོག་དང་། བྱིས་པའི་འཚར་ལོངས་དང་ཡར་རྒྱས་ལ་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་དང་། གཅེས་སེམས་མི་སྣའི་སྒེར་སེམས་མེད་པའི་རོགས་སྐྱོར་གཅིག་ཏུ་བསྡུས་ཡོད་པ་མ་ཟད། ཏང་དང་སྲིད་གཞུང་གི་བྱམས་བརྩེ་དང་ཐུགས་ཁུར་དེ་བས་གཅིག་ཏུ་བསྡུས་ཡོད”ཅེས་ཀྲུང་གོ་ལྷ་ས་SOSབྱིས་པའི་གྲོང་གི་གྲོང་དཔོན་ཆུང་སྐྱིད་ཀྱིས་བརྗོད་པ་དང་། ཁོང་གིས་གཅེས་སེམས་ཞལ་འདེབས་དེ་དག་ཚང་མ་བྱིས་པར་བཏང་སྟེ། གཅེས་སེམས་ལས་རིགས་དང་ལག་གདང་སྦྲེལ་ནས་གཅེས་སེམས་དང་ཐུགས་ཁུར་འོག་བྱིས་པ་ཚོས་འཚོ་བར་སྔར་བས་གཅེས་སྤྲས་དང་། བཀའ་དྲིན་དྲན་པ། དྲིན་ལན་འཇལ་བ། སློབ་སྦྱོང་ལ་འབད་བརྩོན། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ལ་ཕན་ཐོགས་པའི་མི་ཞིག་བྱེད་པར་བརྩོན་ལེན་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་དང་སྲིད་གཞུང་དང་གཅེས་སེམས་མི་སྣར་དྲིན་ལན་འཇལ་བར་ཡིད་ཆེས་ཡོད”བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།