ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ལས་གྲྭ་རང་སྐྱོང་ལྗོངས་སྨན་ཁང་འཛུགས་སྐྲུན་རྣམ་གྲངས་ཀྱིས་ལས་ཞུགས་གཞན་སྒྱུར་བྱེད་མཁན་གྱི་ཞིང་འབྲོག་པ་23བསྡུས་ཏེ་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་རྒྱ་སྐྱེད་ཀྱི་ཚད་བརྒལ་གསར་པ་ཡོང་བར་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་བཏོན་ཡོད་པ་རེད།
ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ལས་གྲྭ་ཚོགས་པ་བོད་རང་སྐྱོང་ལྗོངས་སྨན་ཁང་རྣམ་གྲངས་པུའུ་རུ། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བས་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ལས་གྲྭ་ཚོགས་པ་བོད་རང་སྐྱོང་ལྗོངས་སྨན་ཁང་རྣམ་གྲངས་པུའུ་དང་སྤེལ་རེས་མཐུན་སྦྱོར་ཐེངས་མང་བྱས་རྗེས། རྣམ་གྲངས་དེའི་དོན་དངོས་གནས་ཚུལ་དང་ཞིང་འབྲོག་པའི་ཁྱད་ཆོས་ལ་བསམ་གཞིག་གང་ལེགས་བྱས་ཏེ། ལས་ཞུགས་ལས་གནས་རབ་དང་རིམ་པ་འབྲེལ་མཐུད་གསར་སྤེལ་བྱས་པ་དང་། མལ་གྲོ་གུང་དཀར་རྫོང་གི་ཞིང་འབྲོག་པ་མང་ཚོགས་23ལེགས་འདེམས་བྱས་ནས་ལས་གྲྭ་དང་གནད་སྨིན་འབྲེལ་མཐུད་བྱས་ཡོད། དུས་འགོའི“ལས་གནས་ལ་བརྟེན་ནས་སྦྱོང་བརྡར་བྱེད་པ”དང“དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པའི”བྱ་ཐབས་ཟུང་འབྲེལ་དམ་ཟབ་བྱས་པས། ཞིང་པ་ལས་མི་23དང་ཨར་སྐྲུན་ཚན་པའི་དབར་ལས་ཞུགས་ཀྱི་འདོད་མཐུན་བྱུང་བ་དང་འབྲེལ། ངལ་ནུས་གན་རྒྱ་བཞག་ནས་ཉིན་རེར་ཆ་སྙོམས་གླ་ཆ་མི་རེར་སྒོར་240ལས་མི་དམའ་བ་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
རྩ་འཛུགས་ཅན་གྱི་ལས་ཞུགས་གཞན་སྒྱུར་ལེགས་གྲུབ་བྱུང་བ་ལས། ལྷ་ས་གྲོང་ཁྱེར་གྱིས་ཁྲོམ་རར་བརྩི་བཀུར་དང་ཁྲོམ་ར་སྟངས་འཛིན་བྱེད་པ། ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལ་དམིགས་བསལ་གཟིགས་སྐྱོང་བྱེད་པར་དམ་འཛིན་བྱས་ནས། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པ་མཚོན་ཡོད་པ་རེད།