དབུ་ཤོག>ཆེད་སྒྲིག
  • ​ རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-13

    སྔར་ནས་བཟུང་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་ལས་སུའོ་ཡིས་ཐོག་མཐའ་བར་གསུམ་དུ་གྲོང་སྡོད་ལས་དོན་དེ་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱེད་པ་དང་མང་ཚོཌ་ལ་ཕྱུག་འགྱུར་ཐབས་ལམ་འཚོལ་རོགས་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་གི་ཡོད། འདི་ལོ་ཚུན་དུ། ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་ལས་སུའོ་ཡིས་གྲོང་སྡོད་ལས་དོན་རུ་མི་དང་དེ་བཞིན་ལས་རིགས་ཀྱི་ལེགས་ཆ་སྤྱད་དེ། བཅའ་སྡོད་གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་མ་ཟད། ཕན་འབྲས་ཀྱང་བཟང་པོ་ཐོབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཚུན་དུ། ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་ལས་སུའོ་ཡིས་ལྷ་རྩེ་རྫོང་ལྷ་རྩེ་གྲོང་རྡལ་ལྷ་ལུང་གྲོང་ཚོ་དང་ཤར་ཙེལ་གྲོང་ཚོའི་སྣ་ཁ་གསར་པའི་དཔེ་སྟོན་དང་དེ་བཞིན་ཐོན་ལས་རྟེན་གཞིའི་འཛུགས་སྐྲུན་ནང་སྔ་རྗེས་སུ་སྒོར་ཁྲི་95.65བཏང་བས། བཅའ་སྡོད་གྲོང་ཚོའི་ནས་ཀྱི་སོན་དང་། ཡུ་གུ་དང་རྩྭ་སོན། ཞོག་ཁོག་འདེབས་འཛུགས། པད་ཁའི་སོན། རྫས་ལུད་སོགས་དངོས་ཟོག་སྣ་ཚོགས་ཏུན་110ལྷག་ཙམ་ཐག་གཅོད་བྱས་པ་དང་མ་དངུལ་སྒོར་ཁྲི་10ཙམ་གྲབས་གསོག་བྱས་ནས་སྣུམ་འཚག་ཁང་2བསྐྲུན་ཡོད།

    ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་ལས་སུའོ་ཡིས་དབུལ་སྐྱོར་ལས་དོན་ཧུར་ཐག་སྤེལ་ཏེ། དུད་ཚང་19ལ་ཆ་སྒྲིག་གཉེན་འཚོལ་དང་རོགས་སྐྱོར་བྱས་པ་དང་། འདི་ལོ་ཚུན་དུ་འཚམས་འདྲིའི་བྱེད་སྒོ་ཐེངས་4གཅིག་སྡུད་ཐོག་སྤེལ་བ་དང་འཚམས་འདྲིའི་དངུལ་སྒོར་ཁྲི་3.02སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།