■ རང་ལྗོངས་ཀྱི“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣའི་ད་ལྟ་ལག་ལེན་བསྟར་བཞིན་པའི་ལས་ཀ་དང་འཚོ་བའི་ཁ་གསབ་ཚད་གཞི་ས་བབ་མཐོ་ཚད“རིགས་གཉིས་པའི་ཁུལ་གྱི་མི་རེར་ཟླ་རེར་སྒོར་2800དང་། རིགས་གསུམ་པའི་ཁུལ་གྱི་མི་རེར་ཟླ་རེར་སྒོར་3000 རིགས་བཞི་པའི་ཁུལ་གྱི་མི་རེར་ཟླ་རེར་སྒོར་3300བཅས་ཡོད་པ་ནས་རིགས་གཉིས་པའི་ཁུལ་གྱི་མི་རེར་ཟླ་རེར་སྒོར་3000དང་། རིགས་གསུམ་པའི་ཁུལ་གྱི་མི་རེར་ཟླ་རེར་སྒོར་3500 རིགས་བཞི་པའི་ཁུལ་གྱི་མི་རེར་ཟླ་རེར་སྒོར་4000”བཅས་བར་སྤར་རྒྱུ།
■ ས་ཁུལ་དང་གྲོང་ཁྱེར་ནང་ཁུལ་དང་། ས་ཁུལ་དང་གྲོང་ཁྱེར་བརྒལ་བ། ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒལ་བ་བཅས་ལ་ཞབས་ཞུའི་ཚན་པས་ལོ་འཁོར་གྱི་འཁོར་ཞག་ལམ་གྲོན་ཁ་གསབ་སྒོར་1000 2000 3000བཅས་སོ་སོར་སྤྲོད་རྒྱུ།
■ “རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣའི་འཁོར་ཞག་དུས་ཚོད་དེ་སྔའི“ལོ་གསུམ་ནང་ཐེངས་རེ་འགྲོ་ཆོག་པ་དང་དུས་ཡུན་ཉིན་40ཡིན་པ”ནས“ལོ་རེར་འཁོར་ཞག་ཐེངས་རེ་འགྲོ་ཆོག་པ་དང་དུས་ཡུན་ཉིན་30”ལ་ལེགས་སྒྲིག་བྱས་པ་རེད།
གསར་འགོད་པར་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོཌ་བྱུང་བར་གཞིཌ་ན། ཉེ་ཆར་རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣའི་དོ་དམ་བྱེད་ཐབས》(གཤམ་དུ《བྱེད་ཐབས》ཞེས་བསྡུ་རྒྱུ)བཏོན་པ་རེད།
《བྱེད་ཐབས》ནི་2010ལོའི《〈བོད་རང་སྐྱོང་ལྗོངས་ཀྱི“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣའི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་སོགས་སྡེ་ཚན་གྱི་བརྡ་ཐོ》(གཤམ་དུ《གནས་སྐབས་ལག་བསྟར་བྱེད་ཐབས》ཞེས་བསྡུ་རྒྱུ)ཡི་རྨང་གཞིའི་ཐོག་དུས་སྐབས་གསར་པ་དང་དུས་བབ་གསར་པའི་འོག་གི“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་དོ་དམ་ལས་དོན་གྱི་དགོས་མཁོ་དང་བསྟུན་པ་དང་མཐོ་སློབ་སློབ་ཐོན་སློབ་མ་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱ་ཆེད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས《གནས་སྐབས་ལག་བསྟར་བྱེད་ཐབས》ལ་བཟོ་བཅོས་བརྒྱབ་པ་རེད།
《བྱེད་ཐབས》ཀྱིས་གཙོ་བོ་གླ་ཆའི་ཐོབ་ཐང་དང་། རྒྱུགས་བསྡུའི(ལས་མི་བསྡུ་བ)སྲིད་ཇུས། སྤྱི་ཚོགས་འགན་བཅོལ་སོགས་ཀྱི་ཐད་བཟོ་བཅོས་བརྒྱབ་ནས་སྤྱིའི་རྩ་དོན་དང་། འགན་འཁྲི་ལས་བགོས། སྲིད་ཇུས་ཐོབ་ཐང་། ལས་མི་བསྡུ་བ་དང་མངགས་གཏོང་སོགས་ལེའུ་8དང་དོན་ཚན་52ལ་དབྱེ་ཞིང་། 《གནས་སྐབས་ལག་བསྟར་བྱེད་ཐབས》དང་བསྡུར་ཚེ་གསར་དུ་བཟོ་བཅོས་བརྒྱབ་པའི《བྱེད་ཐབས》ཕུན་སུམ་ཚོགས་སུ་དང་། འཐུས་སྒོ་ཚང་དུ། ལེགས་སྒྲིག་བཅས་ཤུགས་ཆེན་བྱས་པ་རེད།
《བྱེད་ཐབས》དེར་གཙོ་བོ་གཤམ་གསལ་གྱི་ཁྱད་ཆོས་དེ་དག་ཡོད་པ་སྟེ། “རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣའི་ཡོང་འབབ་ཆེས་ཆེར་སྤར་ཞིང་། རང་ལྗོངས་ཀྱི“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣའི་ད་ལྟ་ལག་ལེན་བསྟར་བཞིན་པའི་ལས་ཀ་དང་འཚོ་བའི་ཁ་གསབ་ཚད་གཞི་ས་བབ་མཐོ་ཚད“རིགས་གཉིས་པའི་ཁུལ་གྱི་མི་རེར་ཟླ་རེར་སྒོར་2800དང་། རིགས་གསུམ་པའི་ཁུལ་གྱི་མི་རེར་ཟླ་རེར་སྒོར་3000 རིགས་བཞི་པའི་ཁུལ་གྱི་མི་རེར་ཟླ་རེར་སྒོར་3300བཅས་ཡོད་པ་ནས་རིགས་གཉིས་པའི་ཁུལ་གྱི་མི་རེར་ཟླ་རེར་སྒོར་3000དང་། རིགས་གསུམ་པའི་ཁུལ་གྱི་མི་རེར་ཟླ་རེར་སྒོར་3500 རིགས་བཞི་པའི་ཁུལ་གྱི་མི་རེར་ཟླ་རེར་སྒོར་4000”བཅས་བར་སྤར་རྒྱུ་རེད།
དུས་མཚུངས་ལས་རྗེས་དཔྱད་ཞིབ་བྱ་དགའི་ལམ་སྲོལ་ལག་བསྟར་བྱས་ནས་ལས་རྗེས་དཔྱད་ཞིབ་བྱ་དགའ་ལོ་འཁོར་གྱི་ལས་ཀ་དང་འཚོ་བའི་ཁ་གསབ་ཀྱི་40%ལྟར་བཀོད་སྒྲིག་བྱ་རྒྱུ་དང་འབྲེལ། རིམ་པ་མི་འདྲ་བར་གཞིགས་ནས་དངུལ་གྲངས་མི་འདྲ་བ་སྤྲད་དེ་རིགས་གཉིས་པའི་ཁུལ་དུ་ཞབས་འདེགས་ཞུ་མཁན་གྱི“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣས་ལོ་འཁོར་གྱི་དཔྱད་ཞིབ་མཐོ་ཤོས་ལ་སྒོར་ཁྲི་1.44ལེན་ཆོག་པ་དང་། རིགས་གསུམ་པའི་ཁུལ་དུ་ཞབས་འདེགས་ཞུ་མཁན་གྱི“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣས་ལོ་འཁོར་གྱི་དཔྱད་ཞིབ་མཐོ་ཤོས་ལ་སྒོར་ཁྲི་1.68ལེན་ཆོག་པ། རིགས་བཞི་པའི་ཁུལ་དུ་ཞབས་འདེགས་ཞུ་མཁན་གྱི“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣས་ལོ་འཁོར་གྱི་དཔྱད་ཞིབ་མཐོ་ཤོས་ལ་སྒོར་ཁྲི་1.92ལེན་ཆོག་པ་བཅས་རེད།
གཞན་ཡང《བྱེད་ཐབས》དེའི་ནང་ད་དུང་སློབ་རྒྱུས་གླ་ཆ་དང་ལས་ལོའི་གླ་ཆ་དང་དེ་བཞིན་འཁོར་ཞག་གི་ཁ་གསབ་བཀོད་སྒྲིག་བྱས་པ་དང་དངོས་གཞིའི་ཚན་ཁག་དང་ཞིབ་འཇུག་སློབ་མར་ཟླ་རེར་སྒོར་100དང་སྒོར་200སོ་སོར་སྤོར་རྒྱུ་དང་ལས་ཀ་བྱས་ནས་ལོ་གཅིག་སོང་རྗེས་ཟླ་རེར་སྒོར་10ཡི་ལས་ལོའི་གླ་ཆ་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད། ས་ཁུལ་དང་གྲོང་ཁྱེར་ནང་ཁུལ་དང་། ས་ཁུལ་དང་གྲོང་ཁྱེར་བརྒལ་བ། ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒལ་བ་བཅས་ལ་ཞབས་ཞུའི་ཚན་པས་ལོ་འཁོར་གྱི་འཁོར་ཞག་ལམ་གྲོན་ཁ་གསབ་སྒོར་1000དང་། 2000 3000བཅས་སོ་སོར་སྤྲོད་རྒྱུ་རེད།
《བྱེད་ཐབས》ནང་ད་དུང“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣར་རྒྱུགས་བསྡུའི(ལས་མི་བསྡུ་བ)གཟིགས་སྐྱོང་སྲིད་ཇུས་གང་ལེགས་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་སླད་ཕྱིན“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣས་ཞབས་འདེགས་ཞུ་རིང་ལོ་ལྟར་ལྗོངས་ཡོངས་ཀྱི་བྱ་གཞག་ཚན་པའི་ལས་གནས་ཀྱི་གདན་ཞུའི་ནང་མིང་ཐོ་འགོད་ཆོག་མོད། འོན་ཀྱང་གཞུང་ལས་པའི་ལས་གནས་ལ་མིང་ཐོ་འགོད་ཆོག་གི་མེད་པ་དང་། ཞབས་ཞུའི་དུས་ཚད་ཐིམ་པའི་ཁར། དཔྱད་ཞིབ་ཚད་ལོན་པ་ཡན་གྱི་རིམ་པ་ཡིན་ཕྱིན་ལོ་གཉིས་ནང་བྱ་གཞག་ཚན་པའི་ལས་གནས་ཀྱི་གདན་ཞུའི་ནང་མིང་ཐོ་འགོད་ཆོག་ལ་གཞུང་ལས་པའི་ལས་གནས་ལའང་མིང་ཐོ་འགོད་ཆོག་གི་ཡོད། དུས་མཚུངས་ད་དུང་ཁ་ཕྱོགས་གཏན་འཁེལ་གྱི་རྒྱུགས་བསྡུའི(ལས་མི་བསྡུ་བ)ལས་གནས་ལའང་མིང་ཐོ་འགོད་ཆོག་གི་ཡོད་པ་རེད།
《བྱེད་ཐབས》ནང་སྤྱི་ཚོགས་འགན་སྲུང་དེ་བས་ཡག་པོ་བྱས་པ་དང་དོན་ཚན་བཅུ་གཉིས་པའི་ནང་གཏན་འབེབས་གསལ་པོ་བྱས་དོན། སྤྱི་ཚོགས་འགན་བཅོལ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣས་ཞབས་འདེགས་ཞུ་རིང་རང་ལྗོངས་ཀྱི་ལོ་གོང་མའི་ལས་བཟོའི་ཟླ་རེའི་ཆ་སྙོམས་གླ་ཆའི་60%ཡི་གྲོན་འཇལ་གཞི་གྲངས་སུ་བྱས་ཤིང་། 《གནས་སྐབས་ལག་བསྟར་བྱེད་ཐབས》དང་བསྡུར་ཚེ་དེ་གོང་གི་ཚོགས་པའི་མི་ལུས་ཀྱི་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཕོག་པའི་འགན་བཅོལ་དང་། ཟུར་བསྣན་གྱི་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཕོག་པའི་སྨན་བཅོས་འགན་བཅོལ། ནད་གཞིས་རྐྱེན་པས་སྨན་ཁང་དུ་སྡོད་པའི་སྨན་བཅོས་འགན་བཅོལ་བཅས་ཁེ་ལས་ཀྱི་ལས་བཟོའི་རྒན་གསོ་འགན་བཅོལ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ། ལས་རྨས་འགན་བཅོལ། ལས་ཤོར་འགན་བཅོལ། བུ་བཙའི་འགན་བཅོལ་སོགས་འགན་བཅོལ་རིགས་6ནང་ཞུགས་རྒྱུར་ལེགས་སྒྲིག་བྱས་ཏེ་དེ་གོང་གི་སྤྱི་ཚོགས་འགན་བཅོལ་ལས་དེ་བས་ཆ་ཚང་བ་མ་ཟད་གྲོན་དངུལ་འཇལ་སྟངས་ཀྱང་གསལ་པོ་བཟོས་པ་རེད། གཞན་ཡང《བྱེད་ཐབས》ཀྱི་དོན་ཚན་བཅུ་བདུན་ནང“ཞབས་ཞུའི་དུས་ཚོད་ཐིམ་ནས་ལོ་གཅིག་ཡན་ཕྱིན་པའི་ཁར། ལོ་འཁོར་གྱི་དཔྱད་ཞིབ་ཚད་ལོན་པའི“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣའི་ཞབས་ཞུའི་ལོ་ཚད་དེ་ལས་ལོར་བརྩི་བ་དང་འབྲེལ་སྤྱི་ཚོགས་འགན་བཅོལ་སོགས་སྦྲེལ་མཐུད་དོན་ཚན་དོན་འཁྱོལ་བྱ་རྒྱུ་རེད”ཅེས་གཏན་འབེབས་བྱས་ཡོད།
《བྱེད་ཐབས》ནང་ད་དུང་གུང་གསེང་གི་དུས་ཚོད་སྣ་ཚོགས་ཚད་ལྡན་བཟོས་ཏེ“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣའི་འཁོར་ཞག་དུས་ཚོད་དེ་སྔའི“ལོ་གསུམ་ནང་ཐེངས་རེ་འགྲོ་ཆོག་པ་དང་དུས་ཡུན་ཉིན་40ཡིན་པ”ནས“ལོ་རེར་འཁོར་ཞག་ཐེངས་རེ་འགྲོ་ཆོག་པ་དང་དུས་ཡུན་ཉིན་30”ལ་ལེགས་སྒྲིག་བྱས་པ་རེད། དུས་མཚུངས་ད་དུང“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣས་ཞབས་འདེགས་ཞུ་རིང་འབྲེལ་ཡོད་གཏན་འབེབས་ལྟར་འཁོར་ཞག་དང་བུ་བཙའི་ངལ་གསོ་དང་། གཉེན་སྒྲིག་ངལ་གསོ་སོགས་རེ་ཞུ་བྱས་ཆོག་པ་མ་ཟད། བུ་བཙའི་ངལ་གསོའི་དུས་ཡུན་ལོ་གཅིག་དང་གཉེན་སྒྲིག་ངལ་གསོའི་དུས་ཡུན་ཉིན་15ཡིན་པ་རེད།