དབུ་ཤོག>ཆེད་སྒྲིག
  • དབུལ་སྒྲོལ་གྱི་སྤུས་ཚད་སྲ་བརྟན་དང་མཐོ་རུ་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-30

    ཉེ་ཆར། གསར་འགོད་པར་མཚོ་སྨད་རྫོང་གི་2020ལོའི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པའི་ཐོག་ནས་ཤེས་རྟོགས་བྱུང་བར། རྫོང་དེས་དབུལ་སྒྲོལ་གྱི་སྤུས་ཚད་སྲ་བརྟན་དང་མཐོ་རུ་གཏོང་བར་དམིགས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ལས་དོན་ལ་དམ་འཛིན་ནན་པོ་བྱས་པ་རེད།

    མཚོ་སྨད་རྫོང་གིས་ཚང་བཤེར་ཆད་གསབ་དང་ཞན་བཤེར་ཞན་གསབ་བྱས་ཏེ་ཏང་དང་མི་དམངས་ལ་འགན་འཁུར་བ་དང་ལོ་རྒྱུས་ལ་འགན་འཁུར་བའི་རྣམ་འགྱུར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཁག་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་འཐོབ་པའི་འགན་ལེན་བྱས་པ་རེད། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ལ་སྐུལ་འདེད་བཏང་བ་དང་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལེགས་འདེམས་ཧྲག་སྒྲིག་བྱས་ཏེ་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་བཏང་ཡོད། ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱས་ཏེ་གྲོང་གསེབ་ཀྱི་ས་ཞིང་བསྡུ་སྒྲིལ་དང་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ལ་སྐུལ་འདེད་དང་། ཤང་སྲོལ་ཤེས་དཔལ་སྲོལ་གཏོད་ལ་དམ་འཛིན། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཡོད། ཐོན་ལས་ཀྱི་གནས་འཕར་ཕན་འཕར་དང་ཁེ་ཕན་འབྲེལ་མཐུད་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པར་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པར་རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་གནས་སྤོ་ཐུབ་པ་དང་སེམས་གནས་ཐུབ་པར་བྱས་པ། ཕྱོགས་ཁག་གི་སྟོབས་ཤུགས་རྒྱ་ཁྱབ་ངང་ཞུགས་རྒྱུར་མུ་མཐུད་ཁྲིད་སྟོན་བྱས་ཏེ་དབུལ་སྐྱོར་གསར་སྤེལ་གྱི་རྣམ་པ་ཆཌ་པར་བྱས་པ། བློ་སྐྱོར་དང་རིག་སྐྱོར་ལས་དོན་ལ་མུ་མཐུད་དམ་འཛིན་བྱས་ཏེ་དབུལ་པོ་བསྐྱར་ལོག་བཀག་འགོག་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།