དབུ་ཤོག>ཆེད་སྒྲིག
  • འབྱོར་འབྲིང་ལམ་དུ་ཏང་དར་ལྷབ་ལྷུབ་ཏུ་གཡོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-24

    སྐྱེ་སྟོབས་ཀྱི་དཔལ་འབར་བའི་བོད་ཤར་རྒྱུད་ཀྱི་ས་གཞི་ཆེ་མོའི་ཆབ་མདོ་གྲོང་ཁྱེར་གྱི་གཞི་རིམ་ཏང་རྩ་འཛུགས་3000ལྷག་ཙམ་སེའུ་འབྲུའི་རྡོག་ལྟར་ཕན་ཚུན་དམ་པོར་སྦྲེལ་ནས་ནུས་ཤུགས་ཡོད་རྒུས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་བཞིན་ཡོད་པ་དང་། གུང་ཁྲན་ཏང་ཡོན་60000ལྷག་ཙམ་དཔྱིད་ཀྱི་ས་བོན་བཞིན་རང་ཉིད་ཀྱི་སྟོབས་ཤུགས་བཏོན་ནས་གསར་བརྗེའི་ས་གཞི་གཤིན་པོར་རེ་བའི་མྱུ་གུ་འབུས་བཞིན་ཡོད། ཁོང་ཚོས་དུས་རབས་གསར་པར་གཞི་ཚུགས་ཏེ་འགན་འཁྲི་གསར་པ་འཁུར་ཕོད་པ་དང་བྱས་རྗེས་གསར་པར་བརྟེན་ནས་ཆབ་མདོ་གྲོང་ཁྱེར་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་བཏོད་དེ། གཅིག་སེམས་གཅིག་སྒྲིལ་ངང་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གཏོད་རིང་རང་རང་གི་ཉམས་འགྱུར་གསར་པ་མངོན་པར་བྱས་ནས་ལེའུ་གསར་པ་བརྩམས་ཡོད།

    འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ།   ཏང་འཛུགས་སྐྱོང་གི“འགན་འཁྲིའི་ཞིང་ཁ”ལེགས་པར་བཏབ་པ།

    ད་ཆ་ཆབ་མདོ་གྲོང་ཁྱེར་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་དང་ཚོང་ཚོགས་ལས་རིགས་ཏང་ཨུད་ཀྱིས་འཚོགས་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་གྱི་ལས་བསྒྲུབས་གསལ་ཞུའི་ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་། ཆབ་མདོ་གྲོང་ཁྱེར་དབྱིན་ཏཱ་ཨར་སྐྲུན་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་སོགས་སྔ་རྗེས་སུ་སྡིངས་ཆའི་ཐོག་ཕེབས་ནས་རང་རང་གི་ཏང་འཛུགས་ཀྱི་གྲུབ་འབྲས་བརྗོད་པ་རེད།

    ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་གཙོ་གནད་གཞི་རིམ་ལ་ཡོད། ཆབ་མདོ་གྲོང་ཁྱེར་གྱིས་སྔ་བར་ཕྱི་གསུམ་དུ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས《ཆབ་མདོ་གྲོང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པའི་གསལ་ཐོ》བཟོས་ནས་བཀྲམ་པ་དང་། ཚོགས་འདུ་ཐེངས་མང་འཚོགས་ཏེ་ཏང་ནང་ཁུལ་གྱི་སྒྲིག་སྲོལ་ལམ་ལུགས་ཁག་དུས་བཀག་བཞིན་སློབ་སྦྱོང་དང་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་སྙན་སེང་ཉན་ནས་རིམ་ཁག་ཏང་ཨུད(ཏང་ཙུའུ)དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་འཁྱོལ་བྱས་པ་རེད།

    ལྕགས་རྡུང་བར་སྔོན་ལ་ཐོ་བ་མཁྲེགས་པོ་དགོས། ཆབ་མདོ་གྲོང་ཁྱེར་གྱིས་དཔེ་མཚོན་གྱི་བརྡ་ཁྱབ་དང་། དྲན་སྐུལ་སློབ་གསོ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་རྫོང(ཆུས)ཨུད་ཀྱི་ཧྲུའུ་ཅི་དང་། ལས་རིགས་ཁག་གི་ཏང་ཙུའི་ཧྲུའུ་ཅིས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱས་ཏེ་ཕྱོགས་བསྡུས་གདེང་འཇོག་གི་བསམ་འཆར་བཏོན་པ་དག་མི་དོན་གྱི་ཡིག་ཚགས་ནང་བཅུག་ནས་ཕུལ་བྱུང་དང་སྔོན་ཐོན་མི་སྣ་འདེམས་པ་དང་ལས་བྱེད་པ་གནས་སྤར་གྱི་གཞི་འཛིན་སར་བཟུང་སྟེ། ལས་བསྒྲུབས་གསལ་ཞུ་བྱེད་སྐབས་ཏང་འཛུགས་སྐྱོང་གི་ལས་བསྒྲུབས་གསལ་ཞུ་དང་ལས་བྱེད་པར་དཔྱད་ཞིབ་བྱེད་སྐབས་ཏང་འཛུགས་སྐྱོང་གི་ལས་དོན་དོན་འཁྱོལ་ཡག་པོ་བྱུང་མིན་ལ་ལྟ་གི་ཡོད།

    དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ནས།  འཕེལ་རྒྱས་ཀྱི“ལམ་སྣེ་འཁྲིད་མཁན”ཞིག་ལ་སྦྱོང་བརྡར་སྤྲས་པ།

    ཟླ་11ཚེས་3ཉིན་ཆབ་མདོ་གྲོང་ཁྱེར་གྱི“ཁེ་ལས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བའི་འཛིན་གྲྭ”དེ་ཁྲུང་ཆིང་གྲོང་ཁྱེར་ཆུ་གཉིས་ཁུལ་གསར་ཆུས་ཨུད་ཏང་གི་སློབ་གྲྭར་བདེ་བླག་ངང་མཇུག་འགྲིལ་བ་རེད།

    ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྐང་འཛིན་གྱི་སྟོབས་ཤུགས་ཆགས་པ་བྱ་རྒྱུ་དེ་འགག་རྩ་ཡིན་པར་བརྟེན། ཆབ་མདོ་གྲོང་ཁྱེར་གྱིས་འཇོན་ཐང་ཆེ་རུ་གཏོང་རྒྱུ་དེ་ཕྱོགས་སྟོན་དུ་འཛིན་པ་དང་སློབ་གསོ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཞག་ནས་གཞི་རིམ་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་སྟེ་འཕེལ་རྒྱས་ཀྱི“ལམ་སྣེ་འཁྲིད་མཁན”ཞིག་ལ་སྦྱོང་བརྡར་བྱས་ཡོད།

    གྲོང་ཚོ་རིམ་པའི་ལས་བྱེད་པའི་དཔུང་ཁག་དང་མངགས་གཏོང་དཔུང་ཁག་སྟོབས་ཆེར་གཏོང་ཆེད། འདི་ལོ་ནས་བཟུང་གྲོང་ཁྱེར་ཡོངས་ཀྱིས་གྲོང་ཁྱེར་རིམ་པའི་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་20གཉེར་ནས་མི་1380གསོ་སྦྱོང་བྱས་པ་དང་། གྲོང་ཚོའི(གྲོང་ལྷན)རྗེས་གྲབས་ལས་བྱེད་པ་12319གསོ་སྐྱོང་བྱས་ཤིང་། འདི་ལོ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱིས་ལས་ཁུངས་ཀྱི་ཕུལ་བྱུང་ཏང་ཡོན་ལས་བྱེད་པ་662གྲོང་ཚོ(གྲོང་ལྷན)ལ་ཧྲུའུ་ཅི་དང་པོ་བྱེད་པར་བཏང་ནས་གྲོང་ཚོའི་འདེམས་མངགས་ཧྲུའུ་ཅི་དང་པོའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་25གཉེར་ནས་མི་ཐེངས་1000གསོ་སྦྱོང་བྱས་པ་མ་ཟད། ཁག་བཞིར་བགོས་ནས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་925བསྡུས་པས་གྲོང་ཚོ་རིམ་པའི་ལས་བྱེད་པའི་དཔུང་ཁག་དང་འདེམས་མངགས་ལས་བྱེད་དཔུང་ཁག་གི་ཕྱོགས་བསྡུས་བྱང་ཚད་དང་དོན་དངོས་ཀྱི་ལས་ཀའི་འཇོན་ཐང་ཆེ་རུ་ནུས་ལྡན་ཕྱིན་ཡོད།

    གསར་བརྗེའི་སྒུལ་ཤུགས་ལ་བརྟེན་ནས།   དབུལ་སྒྲོལ་གྱི“གཙོ་ཤུགས་དམག”སྟོབས་ཆེར་བཏང་བ།

    ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཞེ་གཞུང་ཤང་ཞེ་སྨད་གྲོང་ཚོ་ནི་ས་མ་འབྲོག་གི་གྲོང་ཚོ་ཞིག་རེད། ཞིང་འབྲོག་མང་ཚོགས་ཕྱུག་པོ་ཆགས་པའི་ཐབས་ལམ་རྒྱ་ཆེར་གཏོང་ཆེད། ཞེ་སྨད་གྲོང་ཚོས་ཏང་ཀྲི་པུའུ་སྣེ་ཁྲིད་དུ་བྱས་ནས་ས་མཐོའི་སྤྱི་གནོད་མེད་པའི་སྐྱེ་ལྡན་ལྗང་མདོག་སྔོ་ཚལ་དྲོད་ཁང་ཆེ་མོ་བརྒྱབ་པ་དང“སྲིད་གཞུང་གིས་སྐྱོང་གསོའི་ལས་སྟེགས་མཁོ་འདོན་དང་། བོད་སྐྱོར་གྱི་སྔོན་ཐོན་འཕེལ་རྒྱས་བསམ་ཕྱོགས་འདོན་པ། ཏང་ཀྲི་པུས་སྣེ་ཁྲིད་བྱེད་པ་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་རིམ་བཞིན་འཚོལ་ཞིབ་བྱས་ནས“ས་ཞིང་ལ་བོགས་དངུལ་དང་། ལས་མིར་གླ་ཆ། ལོ་མཇུག་ཏུ་བགོ་འགྲེམས། གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་བཅས་ཡོད་པའི”འབབ་འཕར་གྱི་ཐབས་ལམ་བཏོད་དེ། ཐོན་ལས་ཀྱིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི་ཕྱུག་འགྱུར་ལམ་བུར་བསྐྱོད་ཡོད།

    ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་རྒྱབ་རི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ད་ཡོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ལེགས་ཆར་གཞི་ཚུགས་ནས་གྲོང་ཚོའི་བོད་གྲི་དང་། མི་རིགས་ཀྱི་རྒྱན་ཆ། མཆོད་ཀོང་སོགས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་གྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཁར་དབུལ་སྐྱོར་མ་དངུལ་སྒོར་ཁྲི་70བརྩོན་ལེན་ཧུར་ཐག་བྱས་ཏེ། ལྷོ་རོང་མི་རིགས་ལག་ཤེས་བཟོ་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་དང་། རྒྱབ་རི་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མང་ཚོགས་8ལས་ཞུགས་བྱས་པར་ལོར་ཁེ་སྤོགས་སྒོར་ཁྲི་300ལྷག་ཙམ་བྱུང་ནས་ཞིང་འབྲོག་མང་ཚོགས་ལ་སྒོར་ཁྲི་20བགོ་འགྲེམས་བརྒྱབ་པ་དང་གྲོང་ཚོ་ཡོངས་ཀྱི་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་750ལྷག་ཙམ་བྱུང་ཡོད།

    ཏང་འཛུཌ་སྐྱོང་གིས་དབུལ་སྒྲོལ་ལམ་བུར་སྣེ་ཁྲིད་བྱས་ན། འབྱོར་འབྲིང་ལམ་བུར་ཏང་དར་ལྷབ་ལྷུབ་ཏུ་གཡོ། གཞི་རིམ་ཏང་འཛུགས་སྐྱོང་གིས་དབུལ་སྐྱོར་ལས་དོན་གྱི་གསོན་ཤུགས་རྒྱས་པར་བྱས་པས། ཆབ་མདོའི་མི་དམངས་ཀྱིས་འབྱུང་འགྱུར་གྱི་འཚོ་བ་སྔར་བས་མཛེས་སྡུག་ལྡན་པ་ཡོང་བར་ཡིད་ཆེས་ཀྱིས་ཁེངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།