དབུ་ཤོག>ཆེད་སྒྲིག
  • ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་སྔར་བས་ཡག་པོ་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-24

    ཉེ་ཆར། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཚོགས་འདུ་ཐེངས་8པའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱིས《ལྷོ་ཁ་གྲོང་ཁྱེར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་གྱི་ལག་བསྟར་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་སྲ་བརྟན་དང་མཐོ་རུ་བཏང་བ་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས་ཞིབ་བཤེར་གྱི་གྲ་སྒྲིག་ཐད་གཞོལ་ཏེ་དཔྱད་ཞིབ་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱ་རྒྱུ་དེ་བླང་བྱ་ནན་པོ་དང་། ལས་འགན་ནན་པོ། དམིགས་ཚད་བརྟན་པོ་བཅས་སུ་བརྩིས་ནས་དཔྱད་ཞིབ་ཀྱི་གྲ་སྒྲིག་ལས་དོན་ཁག་ཕྱོགས་ཡོངས་དང་ཞིབ་ཚགས་ངང་ཡག་པོ་བསྒྲུབས་པ་དང་། དབུལ་སྐྱོར་རྣམ་གྲངས་ཐད་གཞོལ་ནས་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་ཁྲོད་ལྷག་པའི་གནད་དོན་སྣ་ཚོགས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། ཐོན་ལས་དབུལ་སྐྱོར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི“ཀ་གདུང”འདེགས་རྒྱུའི་འགན་ལེན་བྱས་པ། གནས་སྤོས་རོགས་སྐྱོར་ཐད་གཞོལ་ནས་གནས་སྤོས་མང་ཚོགས་ཀྱི་སྔར་ཡོད་ཐོན་སྐྱེད་རྒྱུ་ཆ་ཚབ་གཉེར་དང་འཁོར་རྒྱུག་སོགས་ཀྱི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་འགན་ལེན་བྱས་པ་དང་ཆབས་ཅིག“ཕྱོགས་གཉིས་རྒྱུག་པའི”སྣང་ཚུལ་མི་ཐོན་པ་བྱས་ཡོད། དགུན་དུས་ཀྱི་ཞིང་དལ་དམ་འཛིན་ཡག་པོ་བྱས་ནས་ལས་ཞུགས་ཀྱི་གསོ་སྦྱོང་ལས་དོན་གནད་སྨིན་སྤེལ་ཏེ་གནས་སྤོས་མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ལེ་ལག་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་གནས་སྤོས་མང་ཚོགས་འབྱོར་འབྲིང་ལམ་བུར་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་རྒྱ་ཆེ་རུ་འགྲོ་བ་དང་། ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་བརྟན་དུ་འགྲོ་བ། ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་ཡག་པ་བཅས་ཡོང་བའི་འགན་ལེན་བྱས་པ་རེད། མ་དངུལ་བེད་སྤྱོད་ཐད་གཞོལ་ནས་འབྲེལ་ཡོད་དམིགས་ཚད་ཀྱི་གདེང་འཇོག་བླང་བྱར་ཞིབ་བསྡུར་ནན་ཏན་བྱས་ཐོག་ཕྱོགས་ཡོངས་ནས་རང་བཤེར་རང་དཔྱད་བྱས་ཏེ་ལྷག་པའི་མངོན་གསལ་དོད་པའི་གནད་དོན་གསེད་བཀྲོལ་དང་དག་ཐེར་བྱས་པ། རྣམ་གྲངས་འཛུགས་སྐྲུན་དང་མ་དངུལ་གཏོང་སྒོའི་མྱུར་ཚད་མགྱོགས་སུ་བཏང་བ་དང་དུས་མཚུངས་རྗེས་སྙེགས་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་པ། གནད་དོན་དག་ཐེར་ཐད་གཞོལ་ནས་མིག་སྔར་ལྷག་པའི་གནད་དོན་དང་མི་འདང་སར་ལྟ་སྟངས་ཡང་དག་འཛིན་པའི་ཁར་དམིགས་ཚད་དང་ཡང་ཡང་བསྡུར་བ་དང་ཟུར་བསྟན་ལེབ་མཐོང་བྱས་ནས་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་པ། བསམ་བློའི་སློབ་གསོར་གཞོལ་ནས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་གང་ནས་བྱུང་བ་དང་ཕན་པ་གང་དུ་ཡོད་པ་ཤེས་སུ་བཅུག་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་པ། བློ་སྐྱོར་རིག་སྐྱོར་དང“བསམ་བློའི་གནད་དོན་ཐག་གཅོད”བྱེད་པར་གཞོལ་ཏེ་མང་ཚོགས་ཀྱིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་རྒྱུར་ཁྲིད་སྟོན་ཧུར་ཐག་བཅས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།