དབུ་ཤོག>ཆེད་སྒྲིག
  • ​ “ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་སྦྲང་རྩི་ལས་ཀྱང་མངར”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-24

    797314_yis_1608697217110_s.jpg

     འདི་ནི་བོང་ཨ་ནིའི(མདུན་གྱི་དཀྱིལ)ནང་མི་ལྷན་འཛོམས་ཀྱི་པར་ཡིན་པ། 

    797313_yis_1608697216469_s.jpg

    འདི་ནི་བོང་ཨ་ནིས་གྲོང་ཚོའི་གཞུང་ལམ་ལ་གད་རྒྱག་བཞིན་པ།

    797377_yis_1608700743350_s.jpg

    (དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་འདི་བཤེར་རོགས)

    ཁྱིམ་ཚང་གི་ཡིག་ཚགས།

    བོང་ཨ་ནི་འདི་ལོ་ལོ་66ཡིན་པ་དང་། གྲ་ནང་རྫོང་གྲ་ཐང་གྲོང་རྡལ་དཔལ་གྲོང་གྲོང་ཚོའི་གྲོང་མི་ཡིན།

    དཔལ་གྲོང་གྲོང་ཚོ་ནི་ཞིང་ལས་རྐྱང་པའི་གྲོང་ཚོ་ཞིག་ཡིན་པས་གྲོང་མི་ཚོ་གཙོ་བོ་ཞིང་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། བོང་ཨ་ནིའི་ཁྱིམ་དུ་ནང་མི་6ཡོད་པ་དང་ཕྲུ་གུ་གསུམ་སློབ་གྲྭར་འགྲོ་གི་ཡོད། ཁོང་དང་། མག་པ། བུ་མོ་བཅས་གསུམ་ནི་ཁྱིམ་ཚང་གི་ཡོང་འབབ་བསགས་མཁན་གཙོ་བོ་དེ་ཡིན། མག་པ་བློ་བཟང་དོན་གྲུབ་ཀྱི་མིག་ཤེད་ཡག་པོ་མེད་པས་ཞིང་ལས་བྱེད་སྐབས་དཀའ་ངལ་ཆེ་ཙམ་ཡོད།

    ད་ཆ་བོང་ཨ་ནིའི་ཚ་བོ་བུ་ཆུང་སློབ་ཆེན་ཐོན་ཉེར་ཡོད་པ་དང་། ཚ་མོ་ཆེ་བ་བསྟན་འཛིན་དབྱངས་སྒྲོན་བོད་ལྗོངས་ཞིང་འབྲོག་སློབ་གླིང་དུ་ཚུད་ཡོད་པ། ཚ་མོ་ཆུང་བ་སྒྲོལ་མ་གཡང་འཛོམས་དམའ་འབྲིང་འགྲིམས་བཞིན་ཡོད། ཞིང་དལ་སྐབས། བུ་མོ་པད་མ་ལྷག་སྒྲོན་གྱིས་མུ་མཐུད་ཕྱིར་ལས་ཀར་འགྲོ་གི་ཡོད། 2019ལོའི་ལོ་སྟོད་དུ། བོང་ཨ་ནིས་རང་འགུལ་ངང་ཡིག་ཚཌ་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་ནས་དོན་རྒྱུའི་རེ་བ་བཏོན་ཡོད།

    “གུང་ཁྲན་ཏང་ཕེབས་ནས་ང་ཚོའི་འཚོ་བ་ཉིན་བཞིན་ལེགས་སུ་ཕྱིན”དབུལ་པོའི་གནས་ལས་སྒྲོལ་རྗེས། བོང་ཨ་ནིས་རྒྱུན་དུ་ཚ་བོ་ཚོར་དེ་སྔ་གྲོང་མིས་རང་རྩོམ་རང་ལེན་བྱས་པའི་གཞས་བཏང་ནས་ཕ་ཚ་བུ་རྒྱུད་ཀྱིས་ཏང་གི་བཀའ་དྲིན་སེམས་ལ་བརྟན་པོ་འཆང་རྒྱུའི་རེ་བ་བྱེད་ཀྱི་ཡོད།

    2016ལོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་གཏན་འཁེལ་མ་བྱས་གོང་བོང་ཨ་ནིའི་ཁྱིམ་ནི་དཔལ་གྲོང་གྲོང་ཚོའི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་ཞིག་རེད། ཁོང་ཁྱིམ་ལ་ངལ་ནུས་དང་ལག་རྩལ་མེད་པའི་གནས་ཚུལ་ལ་གཞིགས་ཏེ་བོང་ཨ་ནིར་གྲོང་ཚོའི་ནང་གད་པའི་ལས་ཀ་སྤྲད་པ་དང་། བུ་མོ་དང་མག་པར་སྣོད་བཅུད་ཀྱི་ལས་གནས་བཀོད་སྒྲིག་བྱས་པས་ཁོང་གསུམ་ལ་མི་རེར་ལོ་རེར་ཁ་གསབ་སྒོར་3500ཙམ་ལེན་རྒྱུ་ཡོད།

    བོང་ཨ་ནིའི་ཁྱིམ་གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བའི་ལོ་ནི་2018ལོར་རེད། ལོ་དེའི་ལོ་སྟོད་དུ་འབྲེལ་ཡོད་སྡེ་ཚན་གྱི་རོགས་རམ་འོག བོང་ཨ་ནིའི་མག་པ་སྐལ་བཟང་དོན་གྲུབ་ཀྱིས་རྫོང་གྲོང་དུ་བོད་ལུགས་ཁྱིམ་ཆས་ཚོང་ཁང་ཞིག་བཙུགས་པ་རེད། “རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་ལས་གཏོད་ཐེབས་རྩ་ནས་སྒོར་ཁྲི་2ཁ་གསབ་སྤྲད་པ་དང་ང་ཚོ་རང་ཉིད་ཀྱིས་སྒོར་ཁྲི་2བཏང་བས། ཚོང་ཁང་བདེ་བླག་ངང་འཛུགས་ཐུབ་བྱུང”ཞེས་བོང་ཨ་ནིས་བཤད། ཁོང་གིས“ཁྱིམ་ཆས་བཟོས་ན་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་གཉིས་གསུམ་ཙམ་ཡོང་གི་འདུག་པས། ང་ཚོའི་ཁྱིམ་ཚང་དབུལ་སྒྲོལ་མི་ཐུབ་པའི་སེམས་ཁྲལ་མི་འདུག”ཅེས་བཤད།

    2018ལོར་བོང་ཨ་ནིའི་ཁྱིམ་གྱི་མི་རེར་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་9545.21ཟིན་པ་དང་དེ་2016ལོ་ལས་ལྡབ་3ཙམ་འཕར་ཡོད།

    2019ལོའི་ལོ་སྟོད་དུ་བོང་ཨ་ནིས་རང་འགུལ་ངང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་ནས་དོན་རྒྱུའི་རེ་བ་བཏོན་ཡོད།

    བོང་ཨ་ནིས“ད་ཆ་ང་ཚོའི་ཁྱིམ་ཚང་དབུལ་སྒྲོལ་ཐུབ་པས་འཚོ་བར་སེམས་ཁྲལ་མེད། དེ་དག་ཚང་མ་ནི་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་རེད། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་སྦྲང་རྩི་ལས་ཀྱང་མངར་བ་འདུག སླད་ཕྱིན། ངས་གཙང་སྦྲའི་ལས་ཀ་དེ་བས་ཡག་པོ་བྱེད་པ་དང་འཚོ་བ་དེ་བས་སྐྱིད་པ་བསྐྱལ་ཏེ། རྒྱལ་ཁབ་ལ་རྙོག་དྲ་ཉུང་ཙམ་བཟོ་བ་དང་ལེགས་སྐྱེས་མང་ཙམ་འབུལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།