ཉེ་ཆར། གསར་འགོད་པས་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར། རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁྲོད་བྱས་རྗེས་མངོན་གསལ་དོད་པ་དང་གྲུབ་འབྲས་གཟེངས་སུ་ཐོན་པའི་བྱ་གཞག་ཚན་པའི་མཉམ་སྡེབ་དང་མི་སྒེར་ལ་བྱ་དགའ་སྤྲད་ཅིང་། མི་སྒེར་1474དང་མཉམ་སྡེབ་149ལ་བྱ་དགའ་སྤྲད་པ་དང་། བྱས་རྗེས་བྱ་དགའ་ཐོབ་མཁན་མི་སྒེར་64དང་མཉམ་སྡེབ་15ཡོད་པ་དང་། བྱས་རྗེས་བྱ་དགའ་ཆེན་པོ་ཐོབ་མཁན་མི་སྒེར་6དང་མཉམ་སྡེབ་6ཡོད་པ་རེད།
ཟླ་9པར་དཔྱད་འདེམས་ལས་དོན་སྤེལ་འགོ་ཚུགས་ཚུན། རང་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་དང་སྡེ་ཚན་ཁག་གིས་འབྲེལ་ཡོད་གཏན་འབེབས་ཀྱི་བརྒྱུད་རིམ་དང་གཞི་རིམ་དང་འཐབ་ས་དང་པོར་ཕྱོགས་པའི་རྩ་དོན་ལྟར། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལ་དམིགས་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དངོས་མངོན་པར་བྱས་ཏེ་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་མི་སྒེར་དང་མཉམ་སྡེབ་ཀྱི་སྔོན་ཐོན་བྱས་རྗེས་འཚོལ་བསྡུ་རྒྱ་ཁྱབ་བྱས་པ་དང་འབྲེལ་མི་སྤྱོད་ཚན་པའི་འོས་སྦྱོར་དང་། གོང་རིམ་གཙོ་གཉེར་སྡེ་ཚན་གྱི་ཞིབ་བཤེར་གཏན་འབེབས། རིམ་པ་གཅིག་མཚུངས་ཀྱི་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་གྱིས་སྲིད་གཙང་བསམ་འཆར་སོགས་བཏོན་པ་བརྒྱུད། གོང་གི་བྱ་དགའ་ཐོབ་མཁན་མི་སྒེར་དང་མཉམ་སྡེབ་ཐོན་པ་རེད།
ད་ཐེངས་ཀྱི་ཆེད་དོན་བྱ་དགའ་སྤྲོད་པའི་དམིགས་ཡུལ་ནི་རང་ལྗོངས་ཀྱི་བྱ་གཞག་ཚན་པའི་ལས་དོན་མི་སྣས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁྲོད་ལས་སྒྲུབ་ལས་གཏོད་དང་འགན་འཁྲི་སྒྲུབ་པའི་བྱེད་པོའི་ནུས་པ་སྔར་བས་སྐུལ་སློང་བྱས་ཏེ་རང་ལྗོངས་ཀྱི་བྱ་གཞག་ཚན་པའི་ལས་དོན་མི་སྣས་སྔོན་ཐོན་དཔེ་མཚོན་མིག་དཔེར་བྱ་རྒྱུར་སྐུལ་ལྕག་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་གཞག་ནང་ཧུར་ཐག་ཞུགས་ཆེད་ཡིན་པ་རེད།