དབུ་ཤོག>ཆེད་སྒྲིག
  • ​“ལོ་ལྔ་ཚན་བཅུ་གསུམ་པ”ཚུན་གྱི་མངའ་རིས་ས་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-22

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་ཁྱད་ལྡན་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་དང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་ལ་བརྟེན་པ་དང་། ཡུལ་སྐོར་ལས་རིགས་དེ་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་ཁྲིད་ཐོན་ལས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་ནུས་པ་ཆེ་རུ་བཏང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མངའ་རིས་ས་ཁུལ་གྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་429.79ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་52.52བྱུང་ཡོད།

    རྨང་གཞི་བརྟན་དུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ།

    ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་གཏོང་ཆེད། མངའ་རིས་ས་ཁུལ་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་གྱི་རྣམ་གྲངས་22ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་ཁྲི་3659བཏང་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཐེབས་རྩའི་རྣམ་གྲངས་6ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་ཁྲི་1427བཏང་བ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་གྱི་རྣམ་གྲངས་13ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་ཁྲི་14890བཏང་བ། ས་གནས་ཡུལ་སྐོར་མ་དངུལ་གྱི་རྣམ་གྲངས་4ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་ཁྲི་1040བཏང་བ། རིམ་རྩིས་བྱས་ན་སྒོར་ཁྲི་4868.21བཏང་སྟེ་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་གྱི་རྨང་གཞིའི་སྒྲིག་བཀོད་དང་དེ་བཞིན་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བར་སྤྱད་པ་དང་། མིག་སྔར་རུ་ཐོག་གྲོང་ཚོ་སོགས་གྲོང་གསེབ་ཡུལ་སྐོར་གྱི་དཔེ་སྟོན་ས་ཚིགས་5བསྐྲུན་ཡོད།

    མངའ་རིས་ས་ཁུལ་གྱིས་རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་དང་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ལ་གཞོགས་འདེགས་བྱས་ཏེ། 《གངས་ཏི་སི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་གྱི་འཆར་གཞི》སྒྲིག་བཟོ་དང་རེ་ཞུའི་ལས་དོན་ལེགས་སྒྲུབ་བྱས་པ་མ་ཟད། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་དང་འབྲེལ་མཐུད་བྱས་ཏེ་ལྗོངས་ཡོངས་ཀྱི་གངས་ཏི་སི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་བསྐྲུན་རྒྱུའི་འཆར་འགོད་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་9.5ཡོད་པའི་ཁྲོད་ནས་མངའ་རིས་ས་ཁུལ་ལ་སྒོར་དུང་ཕྱུར་5ཟིན་པའི་རྣམ་གྲངས་བཀོད་སྒྲིག་བྱ་རྒྱུ་གཏན་འཁེལ་རགས་ཙམ་བྱས་པ་དང། 2021ལོར་མ་དངུལ་སྒོར་ཁྲི་6700བཏང་ནས་རྣམ་གྲངས་5དོན་འཁྱོལ་བྱ་རྒྱུ་གཏན་འཁེལ་བྱས་ཡོད།

    སྤུས་རྟགས་བཏོད་ནས་ཡུལ་སྐོར་གྱི་གཟུགས་བརྙན་ལེགས་སུ་བཏང་བ།

    འདི་ལོའི“བོད་ལྗོངས་མངའ་རིས་ས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་གྱི་དྲ་ཐོག་འོས་སྦྱོར་ཚོགས་འདུ་དང་2021ལོའི་ཧོ་པེའི་བྱེས་བགྲོད་དང་འཕྲུལ་སྒུལ་འཁོར་རིགས་བཏང་ནས་མངའ་རིས་སྐོར་བའི་བྱེད་སྒོའི”འགོ་ཚུགས་མཛད་སྒོ་ཧྲེ་ཅ་ཀྲོང་དུ་འཚོགས་ཤིང་། བྱེས་བགྲོད་རླངས་འཁོར་དང་སྦག་སྦག་བརྒྱ་ལྷག་ཙམ་དེ་གར་འཛོམས་ཏེ་2021ལོའི་ཧོ་པེའི་བྱེས་བགྲོད་དང་འཕྲུལ་སྒུལ་འཁོར་རིགས་བཏང་ནས་མངའ་རིས་སྐོར་བའི་འཁོར་ཁྲིད་ཡུལ་སྐོར་འགོ་ཚུགས་པ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པ”ཚུན་དུ་མངའ་རིས་ས་ཁུལ་གྱིས་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་ཆེད། ཡུལ་སྐོར་ཚོང་འདུས་དང་། ཆེད་དོན་ཡུལ་སྐོར་འོས་སྦྱོར་ཚོགས་འདུ། དེ་བཞིན་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་བྱེད་སྒོ་བཅས་ཧུར་ཐག་སྤེལ་བ་དང་། CCTV-9ཡི་གནས་ཚུལ་དངོས་མཚོན་བརྙན་ལམ་དང་། ཧྲའན་ཤིས་དང་ཧོ་པེ་ཞིང་ཆེན་གཉིས་ཀྱི་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་སོགས་ཀྱི་ལས་སྟེགས་བརྒྱུད་མངའ་རིས་ཀྱི་ཡུལ་སྐོར་རྒྱུན་ཆད་མེད་པར་དྲིལ་བསྒྲགས་བྱས་པ་རེད། དེ་དང་ཆབས་ཅིག“ཡུལ་སྐོར+”ཀྱི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། མངའ་རིས་ས་ཁུལ་གྱིས་ལོ་གཉིས་བསྟུད་མར་ཧྲའན་ཤིས་དབྱང་ལིང་གི་ཞིང་ལས་མཐོ་གསར་ལག་རྩལ་དངོས་མང་སྟོན་ཚོགས་དང་ཧོ་པེའི་ལང་ཧྥང་གི་རྒྱལ་སྤྱིའི་ཚོང་དོན་བགྲོ་གླེང་ཚོགས་འདུ་དང་ཞིང་ལས་ཐོན་རྫས་ཚོང་འདུས་ལ་ཞུགས་ཏེ། མངའ་རིས་ས་ཁུལ་གྱི་ཡུལ་སྐོར་ས་ཁོངས་ཀྱི་མཉམ་ལས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ཡོད།

    ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བདུན་པའི་རིང་། “འཛམ་གླིང་གི་སྣེ་གསུམ་པའི་གྲོག་རོང་བསྐོར་ཏེ། གནའ་བོའི་ཞང་ཞུང་རིག་གནས་ཉམས་ལེན་བྱེད”ཅེས་པའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་དང་མངའ་རིས་ཨན་ཡེ་སྤྱི་གླིང་གི་གནམ་དཔྱད་བརྗོད་དོན་གཙོ་བོའི་བྱེད་སྒོ་སོགས་སྤེལ་བ་དང་། 2018ལོའི་བོད་ལྗོངས་འགྲེམས་ཚོགས་རིང་མངའ་རིས་ཀྱི་འགྲེམས་ཁུལ་དུ་ལྟ་སྐོར་ལ་ཡོང་མཁན་མི་ཐེངས་ཁྲི་52ཟིན་པ་དང་མངའ་རིས་ཀྱི་ཡུལ་ཟོག་དང་ཡུལ་སྐོར་ཚོང་ཟོག་བཙོངས་པར་ཡོང་འབབ་སྒོར་ཁྲི་116བྱུང་བ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་སྐོར་ཅུས་དང་། ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས། ཁ་ཧྲེ་གྲོང་ཁྱེར་ཡུལ་སྐོར་ཅུས་བཅས་དང་མཉམ་ལས་བྱས་ཏེ་སྣེ་གསུམ་པའི་མཐའ་སྣེའི་བྱེས་བགྲོད་རྒྱུག་རིང་འགྲན་བསྡུར་བྱས་པ། ཤིན་ཅང་ཡེ་ཁྲེང་རྫོང་ཡུལ་སྐོར་ཅུས་དང་གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་དང་མཉམ་དུ“མཁའ་ལམ་འགྲན་དུ་སློང་། བོད་སྐྱོད་ལམ་ཐིག་གསར་པ་219”ཞེས་པའི་བྱེད་སྒོ་སྤེལ་ཡོད།

    2017ལོའི་ཟླ་9པར་རྒྱལ་ཡོངས་ཀྱི་ཡུལ་སྐོར་བོད་སྐྱོར་ལས་དོན་ཚོགས་འདུ་འཚོགས་ཚུན། ཧོ་པེ་ཞིང་ཆེན་གྱི་འགྲུལ་ཁུངས་བོད་སྐྱོར་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་114.97ཟིན་ནས་ཡོང་འབབ་སྒོར་དུང་ཕྱུར་17.25བྱུང་བ་དང་། ཧྲའན་ཤིས་ཞིང་ཆེན་གྱི་འགྲུལ་ཁུངས་བོད་སྐྱོར་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་172.86ཟིན་ནས་ཡོང་འབབ་སྒོར་དུང་ཕྱུར་25.93བྱུང་ཡོད།

    འབབ་འཕར་ལ་སྐུལ་འདེད་བཏང་ནས་གནད་སྨིན་དབུལ་སྐྱོར་ལ་རམ་འདེཌ་བྱས་པ།

    “ལོ་ལྔ་ཚན་བཅུ་གསུམ་པ”ཚུན་དུ། མངའ་རིས་ས་ཁུལ་གྱིས་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་སྟེ། སྤུ་ཧྲེང་རྫོང་གི་དམངས་སྲོལ་ཐོན་ལས་གླིང་འཛུགས་པ་དང་སྒར་རྫོང་སོག་སྟོད་གྲོང་ཚོའི་ཡུལ་སྐོར་དབུལ་སྐྱོར་འདུ་འགོད་སོགས་ཤང་དང་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་རིགས་ཀྱི་རྣམ་གྲངས་7ལག་ལེན་བསྟར་བར། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་13406.1བཏང་བ། ཡུལ་སྐོར་དབུལ་སྐྱོར་རིགས་ཀྱི་རྣམ་གྲངས་19ལག་ལེན་བསྟར་བར་ལོ་ལྟར་ཞིང་འབྲོག་པ་མི་ཐེངས་7654ལས་ཞུགས་གཞན་སྒྱུར་ཡོང་བར་སྐུལ་ཁྲིད་བྱས་པ་དང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་8256བྱུང་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་2258དབུལ་སྒྲོལ་བྱུང་ཡོད།

    ཡུལ་སྐོར་ཞབས་ཞུའི་ལས་རིགས་ནང་ཞུཌ་པའི་ས་གནས་དེ་གའི་ཞིང་འབྲོག་མང་ཚོཌ་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། མངའ་རིས་ས་ཁུལ་གྱིས་ཧོ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གི་མཐུན་སྦྱོར་འོག་རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་ཡུལ་སྐོར་ཞབས་ཞུའི་རྩལ་ནུས་སོཌ་ཆེད་དོན་གསོ་སྦྱོང་ཐེངས་15གཉེར་བར་མི་538ཞུགས་ཡོད།

    མིག་སྔར། ཡུལ་སྐོར་ལ་བརྟེན་ནས་ལས་ཞུཌཐུབ་པའི་མངའ་རིས་ས་ཁུལ་གྱི་ཞིང་འབྲོག་པ་10274ལ་ཡོང་འབབ་སྒོར་དུང་ཕྱུར་1.21བྱུང་བ་དང་། ཞིང་འབྲོག་པའི་ཁྱིམ་ཚང་མགྲོན་ཁང་83ཡོད་པའི་ཁྲོད་དུད་ཚང་དབུལ་པོའི་ཞིང་འབྲོག་པའི་ཁྱིམ་ཚང་མགྲོན་ཁང་12ཡོད་པ་རེད།

    “མིག་སྔར་མངའ་རིས་ས་ཁུལ་ལ་ཡུལ་སྐོར་ཐོན་ཁུངས་216ཡོད་པའི་ནང་ནས་མཛེས་ལྗོངས་ཁུལ་24ཡི་སྒོ་མོ་ཕྱེ་ཡོད། ཡུལ་སྐོར་གྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་ཆབས་ཅིག་ཡུལ་སྐོར་གྱི་དཔལ་འབྱོར་ཡང་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཕྱིན་ཡོད”ཅེས་མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་རིམ་པ་བཞི་པའི་བརྟག་ཞིབ་པ་ཚེ་དབང་དོན་གྲུབ་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།