དབུ་ཤོག>ཆེད་སྒྲིག
  • ​སྙན་རོང་རྫོང་གིས“དཀར་ཕྱུགས”འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-11

    ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཤག་ཆུ་ཤང་གི་དཀར་ཕྱུགས་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་ཁང་དཀར་ཆུའི་ཐོན་རྫས་ལས་སྣོན་བཟོ་གྲྭར་སྐྱོད་སྐབས་ལས་དོན་པ་རྣམས་རང་འཁྲིའི་ལས་ལ་བྲེལ་བཞིན་མཆིས། 

    མཉམ་ལས་ཁང་བཙུགས་ནས་ལོ་11སོང་རིང་། ཚན་རྩལ་ལ་བརྟེན་ནས་མཉམ་ལས་ཁང་འཕེལ་རྒྱས་བཏང་བའི་བརྒྱུད་རིམ་ཁྲོད། འབྲོག་པའི“སྒུག་རྟེན་སློང་གསུམ”གྱི་བསམ་བློ་རིམ་བཞིན་འདོར་དུ་བཅུག་ནས་འགྲན་སློབ་སྙེག་བརྒལ་གྱི་རྣམ་པ་བཏོད་དེ་མཉམ་ལས་ཅན་དང་། ཐོན་ལས་ཅན། ཁྲོམ་ར་ཅན་བཅས་ཀྱི་ལམ་དུ་བསྐྱོད་པའི་འབྲོག་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་བཏང་བ་རེད།

    མིག་སྔར། དཀར་ཕྱུགས་འབྲོག་རའི་འཛུགས་སྐྲུན་རྒྱ་ཁྱོན་ལ་བསྡོམས་སྨི་ངོས་གྲུ་9775.81དང་། འབྲི་གཡག་གསོ་ཚགས་རྟེན་གཞིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་7389.99 དཀར་ཆུའི་ཐོན་རྫས་ལས་སྣོན་བཟོ་གྲྭའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་995.92 རྩམ་པ་ལས་སྣོན་བཟོ་གྲྭའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་568.2 སྔོ་ཚལ་དྲོད་ཁང་གི་རྒྱ་ཁྱོན་ལ་སྨི་ངོས་གྲུ་821བཅས་ཡོད་པ་རེད།

    མཉམ་ལས་ཁང་བཙུགས་ཚུན། ཡོང་འབབ་སྒོར་ཁྲི་278དང་དངུལ་སྨར་ཡོང་འབབ་སྒོར་ཁྲི་201.14བྱུང་བ་དང་། སྔ་རྗེས་སུ་དུད་ཚང་དབུལ་པོ་91ལ་དབུལ་སྒྲོལ་བྱེད་རོགས་བྱས་པ་རེད།

    “མཉམ་ལས་ཁང་སྟོབས་ཆེར་ཕྱིན་པ་དེ་ཚན་རྩལ་གྱི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད”ཅེས་མཉམ་ལས་ཁང་གི་འགན་འཁུར་བ་མ་བུས་བརྗོད།

    “རྒྱུད་པ་ལེགས་བཅོས་དང་། ནད་ཡམས་འགོག་བཅོས། གཟན་ཆག་ཕོན་ཆེ་རུ་བཏང་བ་དང་དྲོ་ཇུས་སོགས་བྱེད་ཐབས་སྤྱད་རྗེས། ཕྱུགས་རིགས་ཤི་ཚད་མངོན་གསལ་དོད་པོས་ཆག་པ་དང་། འབྲི་གཅིག་ལས་ལོ་རེར་ཆ་སྙོམས་འོ་མ་ཐོན་འབབ་སྤྱི་རྒྱ་180ཟིན་པ་དེ་གཟན་ཆག་ཕོན་ཆེ་རུ་མ་བཏང་གོང་དང་བསྡུར་ན་སྤྱི་རྒྱ་72མང་བ་ཡོད་པ། འབྲི་གཡག་གི་ཆ་སྙོམས་ལྗིད་ཚད་སྤྱི་རྒྱ་334ཟིན་ནས་ཆ་སྙོམས་སྤྱི་རྒྱ་81ལྕི་རུ་ཕྱིན་པ། གཟན་ཆག་སོགས་ཀྱི་མ་གནས་ཕུད། གཡག་རེར་ཆ་སྙོམས་རིན་གོང་སྒོར་1500ནས་2000བར་འཕར་ཡོད”ཅེས་མ་བུས་དཔལ་འབྱོར་གྱི་ཡོང་འབབ་རྩིས་བརྒྱབ་ནས་གསར་འགོད་པར་བརྗོད་པ་དང་། ཁོང་གིས་འབྲི་གཡག་ཁོ་ན་མ་ཡིན་པར་གཟན་ཆག་ཚན་རིག་དང་མཐུན་པའི་ངང་སྟེར་བ་བརྒྱུད། ལུག་གི་ཆ་སྙོམས་ལྗིད་ཚད་སྤྱི་རྒྱ་66ཟིན་ནས་ཆ་སྙོམས་སྤྱི་རྒྱ་20ལྕི་རུ་ཕྱིན་པ་དང་། གཟན་ཆག་སོགས་ཀྱི་མ་གནས་རྣམས་ཕུད་རྗེས་ཟླ་གསུམ་ནང་ལུག་རེར་ཆ་སྙོམས་རིན་གོང་སྒོར་500ཡས་མས་འཕར་ཡོད་ཅེས་བཤད།

    “དཀར་ཕྱུགས”འཕེལ་རྒྱས་གཏོང་སྟངས་དེ་ལས་ས་གནས་དེ་གའི་མང་ཚོགས་ལ་ཕན་འབྲས་དངོས་ཐོན་པ་དང་། སྙན་རོང་རྫོང་གི་འབྲོག་ལས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ཡོད། སྙན་རོང་རྫོང་གིས། “ཀུང་སི+མཉམ་ལས་རྩ་འཛུགས+འབྲོག་དུད+གསོ་སྦྱོང་རྟེན་གཞི+ཚན་རྩལ་རྟེན་གཞི”བཅས་ལ་བརྟེན་ནས། “དཀར་ཕྱུགས”འཕེལ་རྒྱས་གཏོང་སྟངས་དེ་མ་དཔེར་བྱས་ནས་འབྲོག་ལས་ཐོན་ལས་ལག་ལེན་ཤུགས་ཆེན་བསྟར་བ་དང་། ཤང་ཧྲིལ་པོའི་གྲོང་ཚོ་ཕན་ཚུན་མཉམ་འབྲེལ་བྱེད་པའི་མཉམ་ལས་རྩ་འཛུགས་བཙུགས་ཏེ། མང་ཚོགས་དབུལ་པོར་འབབ་འཕར་གྱི་ཐབས་ལམ་མང་དུ་བཏང་བས་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།