དབུ་ཤོག>ཆེད་སྒྲིག
  • པད་མས“གུང་ཁྲན་ཏང་གིས་ང་ལ་བདེ་སྐྱིད་ལྡན་པའི་འཚོ་བ་གནང་བྱུང”ཞེས་བརྗོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-11

    793674_yis_1607576327576_s.jpg

    འདི་ནི་སྡོད་ཁང་གསར་པར་སྤོས་པའི་པད་མ་ཡིན་པ།

    793675_yis_1607576328116_s.jpg

    འདི་ནི་པད་མས་དྲོད་ཁང་ནང་ལས་ཀ་བྱེད་བཞིན་པ།

    ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་རྫོས་པ་གྲོང་ཚོའི་དྲོད་ཁང་ཆེ་མོའི་ནང་པད་མས་ཡུར་མ་ཡུར་བ་དང་། ས་སོབ་སོབ་བཟོ་བ། ཆུ་རྒྱག་པ་བཅས་བྱེད་བཞིན་ཡོད། ལོ་43ལ་སླེབས་པའི་པད་མས་རང་ཉིད་ཀྱི་ལས་ཀ་དེ་དྲོད་ཁང་ཆེ་མོའི་ཁོངས་སུ་གཏོགས་པའི་ལན་ཐན་ཧྲེང་ཅི་ཐོན་ལས་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སིས་ས་གནས་དེ་གའི་དུད་ཚང་དབུལ་པོའི་མང་ཚོགས་སྔོན་ལ་བསྡུ་བའི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན་པ་གསལ་པོར་ཤེས་ཀྱི་ཡོད། བཀའ་དྲིན་དེ་བློ་ལ་བཅངས་བཞིན་པད་མས་ཉིན་ལྟར་ལས་ཀ་ཧུར་ཐག་བྱེད་ཀྱི་ཡོད། ཟླ་རེར་གླ་ཆ་སྒོར་3500ལེན་རྒྱུ་ཡོད་པས་ཁོང་གིས་མུ་མཐུད་ལས་ཀ་ཧུར་ཐག་བྱ་རྒྱུའི་སེམས་ཐག་བཅད།

    དེ་སྔོན་པད་མའི་འཚོ་བ་ཧ་ཅང་སྐྱོ་པོ་ཡོད་པ་དང་ཡོང་འབབ་ཀྱང་མེད། ཁོང་གི་ཕ་མ་གཉིས་གྲོངས་རྗེས་གཅེན་གཅུང་མིང་སྲིང་ཚོ་གཉེན་སྒྲིག་བྱས་ནས་རང་ཉིད་ཀྱི་ཁྱིམ་ཚང་བཙུགས་ཡོད། ད་ཆ་ད་དུང་མི་ཧྲེང་ཡིན་པའི་པད་མ་ལོ་ལྟར་གཅེན་པོའི་ཁྱིམ་དུ་གནས་གཡར་བྱས་ནས་སྡོད་ཀྱི་ཡོད།

    ས་གནས་དེ་གའི་ལས་བྱེད་པས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་པད་མའི་གནས་ཚུལ་ཤེས་རྟོགས་བྱས་པ་བརྒྱུད། 2015ལོར་ཁོང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་པ་དང་། ཁོང་ལ་སྣོད་བཅུད་ཀྱི་ལས་གནས་བཀོད་སྒྲིག་བྱས་པ་རེད། གཞན་ཡང་ད་དུང་ཆ་སྒྲིག་རོགས་སྐྱོར་བྱེད་མཁན་གྱིས་ཁོང་ལ་རྒྱུན་དུ་འབྲས་དང་། གྲོ་ཞིབ། སྣུམ་སོགས་འཚོ་བའི་མཁོ་ཆས་སྤྲོད་པར་བརྟེན་པད་མའི་འཚོ་བ་ལེགས་སུ་ཕྱིན་པ་དང་། 2016ལོར་པད་མ་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད།

    ཚང་མའི་རོགས་རམ་འོག་པད་མས“སྒུག་བརྟེན་སློང”གསུམ་གྱི་བསམ་བློ་དོར་ནས་རང་འགུལ་ངང་ཕྱུག་པོ་ཆགས་པར་བྱས་ཤིང་། 2019ལོར་གྲོང་ཚོར་གད་པ་ཞིག་བསྡུ་བའི་སྐབས་སུ་པད་མས་ཐེ་ཚོམ་མེད་པར་མིང་ཐོ་བཀོད་པ་དང་། ལོར་ཁྱིམ་ཚང་གི་ཡོང་འབབ་སྒོར་14770ཟིན་གྱི་ཡོད།

    2018ལོར་པད་མ་རྫོས་པ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཁག་དང་པོའི་ནང་བཅུག་པ་དང་། ལོ་དེར་རླངས་འཁོར་བསྡད་ན་སྐར་མ་བཅུ་ཙམ་ནང་སླེབས་ཐུབ་པའི་ཆབ་མདོ་གྲོང་ཁྱེར་གྱི་སྨིན་དྲུག་ལྡུམ་རའི་ཁུལ་ཆུང་དུ་སྤོས་པ་རེད།

    པད་མས་གསར་འགོད་པར“ང་ཁང་པ་གསར་པ་དེ་འདྲའི་ནང་སྡོད་ཐུབ་སྙམ་པ་བསམ་པའི་ཡུལ་ལའང་མེད། ཁུལ་ཆུང་གི་སྒོ་རྩར་ཚོང་ཁང་དང་སྨན་ཁང་ཡོད་པ་མ་ཟད། སྤྱི་སྤྱོད་རླངས་འཁོར་གྱི་བབས་ཚུགས་ཀྱང་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག གུང་ཁྲན་ཏང་གིས་ང་ལ་བདེ་སྐྱིད་ལྡན་པའི་འཚོ་བ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ངས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུ་ཡིན”ཞེས་བཤད་བྱུང་།

    ཁྱིམ་ཚང་གི་གནས་ཚུལ།

    པད་མ། བུད་མེད། 1977ལོའི་ཟླ་5པར་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་རྫོས་པ་གྲོང་ཚོར་སྐྱེས། གཉེན་སྒྲིག་བྱས་མེད་པ། ཁྱིམ་དུ་ཁོང་གཅིག་པུ་ཡིན། དེ་སྔོན་པད་མར་ས་ཞིང་མུའུ་1དང་། སྒོ་ཕྱུགས་4ལས་མེད་པ་དང་འཚོ་བ་ཧ་ཅང་སྐྱོ་པོ་ཡོད། 2015ལོར། གནད་སྨིན་དབྱེ་འབྱེད་བྱས་རྗེས་པད་མ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས། གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་གཞིར་བཟུང་། གྲོང་ཚོས་ཁོང་ལ་དབུལ་སྐྱོར་ལས་གནས་བཀོད་སྒྲིག་བྱས། དེ་སྔོན་འཚོ་བ་ཧ་ཅང་སྐྱོ་པོ་ཡོད་པ་དང་ད་ཆ་ལོའི་ཡོང་འབབ་སྒོར་ཁྲི་ཡན་ཟིན་ནས་པད་མའི་འཚོ་བ་འགན་ལེན་ཐུབ་ཡོད། 2016ལོར་ཁོང་དབུལ་ཞྭ་ཕུད་ཐུབ་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།