དབུ་ཤོག>ཆེད་སྒྲིག
  • ཧྭ་གློག་བོད་ལྗོངས་ཀུང་སིསསློབ་གསོའི་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར་གྱི་ལས་དོན་ཡག་པོ་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-11

    ཉེ་བའི་ལོ་ཤས་རིང་། ཧྭ་གློག་བོད་ལྗོངས་ཀུང་སིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་བྱས་ཏེ། སློབ་གསོའི་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར་ལ་བརྟེན་ནས་རང་ལྗོངས་ཀྱི་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རམ་འདེགས་བྱས་ཡོད།

    ཚོགས་པ་ཀུང་སིའི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས། 2018ལོར་ཧྭ་གློག་བོད་ལྗོངས་ཀུང་སིས་ལྷོ་ཁ་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ནས་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་ཐོན་པའི་མི་14ལས་ཀར་བསྡུས་ཏེ། ཁོང་ཚོར་གནས་གཏན་འཁེལ་གྱི་ལས་མི་བསྡུ་བ་དང་། གནས་གཏན་འཁེལ་གྱི་གསོ་སྦྱོང་། གནས་གཏན་འཁེལ་གྱི་ལས་བསྐོས་རྒྱག་པ་དང་། ལྗོངས་ཕྱི་ནང་མཉམ་འདྲེས་ཀྱི་སློབ་གཉེར་བྱེད་སྟངས་སྤྱད་དེ་གཅིག་གྱུར་ཐོག་སི་ཁྲོན་ཆུ་བེད་ལས་རིགས་ལག་རྩལ་སློབ་གླིང་ལ་ལོ་གཉིས་རིང་གསོ་སྦྱོང་བྱེད་པར་མངགས་ཡོད། འདི་ལོའི་ཟླ་བརྒྱད་པར“གནས་གཏན་འཁེལ་གསུམ་གྱི་གསོ་སྐྱོང”བྱས་པའི་སློབ་མ་14སློབ་གྲྭ་ཐོན་རྗེས་ཀུང་སི་དེའི་ཁོངས་གཏོགས་ཀྱི་ཡན་ལག་ཀུང་སིར་ལས་ཀར་བཅུག་ཡོད།

    དེ་དང་དུས་མཚུངས། ཧྭ་གློག་བོད་ལྗོངས་ཀུང་སིས་ལོ་ལྟར་གྱི་ལས་མི་བསྡུ་བའི་མི་གྲངས་ནས་50%ཆེད་མངགས་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཐོན་སློབ་མ་བསྡུ་རྒྱུར་བཞག་པ་དང་འབྲེལ། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་ཐོན་སློབ་མར་གཟིགས་སྐྱོང་བྱེད་ཀྱི་ཡོད། གཞན་ཡང་། ལག་རྩལ་གྱི་རོགས་སྐྱོར་ཤུགས་ཆེན་བྱས་ཏེ་རོགས་སྐྲུན་རྣམ་གྲངས་ལ་བརྟེན་ནས་ས་གནས་ཀྱི་གློག་ཤུགས་ལས་དོན་པ་88ལ་གསོ་སྦྱོང་བྱེད་རོགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།