དབུ་ཤོག>ཆེད་སྒྲིག
  • ཟངས་རི་རྫོང་གིས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-09

    ཉེ་ཆར། གསར་འགོད་པར་ཟངས་རི་རྫོང་གི་ཞིང་འབྲོག་པའི་འབབ་འཕར་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཟངས་རི་རྫོང་གིས་དམིགས་ཚད་ལས་འགན་ལ་དམིགས་ཏེ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་བརྟན་དུ་དང་མཐོ་རུ་བཏང་ཡོད།

    འདི་ལོ་ཚུན་དུ། ཟངས་རི་རྫོང་གིས་དམིགས་ཚད་ལས་འགན་ལ་དམིགས་ཏེ། ཞིང་ལས་ཀྱི་ཐོན་ལས་བརྟན་པོ་དང་མཁོ་སྤྲོད་འགན་ལེན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་ཚད་གཞི་མཐོ་བའི་ཞིང་ལས་འཛུགས་སྐྲུན་ལས་གྲྭ་དང་ཞིང་ལས་ཐོན་རྫས་བཀར་འཇུག་འགན་བཅོལ་གྱི་གྲང་ཕྲེང་ཟོག་འགྲེམས་སྒྲིག་བཀོད་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཞིང་པའི་མཉམ་ལས་ཁང་དང་། ཞིང་ལས་ཀྱི་སྣེ་འདྲེན་ཁེ་ལས། ཁྱིམ་ཚང་ཞིང་ར། འདེབས་གསོའི་དུད་ཆེན་སོགས་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་བཏང་བ་དང་། ས་ཞིང་འགན་གཙང་གི་གཉེར་སྐྱོང་དབང་ཆ་གཏན་འཁེལ་གྱི་ཐོ་འགོད་ལག་ཁྱེར་སྤྲོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ། ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་དང་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད། ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གོ་བ་ལོན་པ་དང་གསལ་པོ་ཤེས་རྒྱུར་ཤུགས་སྣོན་དང་ཇུས་འགོད་ཞིབ་འཇུག་བྱེད་རྒྱུར་འབད་བརྩོན་བྱས་ཏེ། དུས་རབས་གསར་པའི“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱེད་པའི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་དང་དབུལ་སྒྲོལ་གྱི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་བརྟན་དུ་དང་མཐོ་རུ་བཏང་ནས། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།