ཟླ་12ཚེས་4ཉིན་མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭ་སྤྱོད་འགོ་ཚུགས་པ་རེད། གཞིས་རྩེ་གྲོང་ཁྱེར་ནས་མངའ་རིས་ས་ཁུལ་བར་གྱི་སྨི་སྟོང་1689ཡོད་པའི་གློག་འདྲེན་སྐུད་ལམ་ཡར་ཀླུང་གཙང་པོ་ཐེངས་གསུམ་སྒྲོལ་ནས་སྨི་5300ཡན་ཡོད་པའི་གུང་ཐང་ལ་མོ་དང་མ་ཡུམ་ལ་སྒྲོལ་ནས་མངའ་རིས་ས་ཁུལ་ཕན་ཚུན་སྦྲེལ་མཐུད་ཀྱི་དྲ་གློག་ཁོངས་སུ་བཅུག་ཡོད། དེས་ན་བོད་དུ་གློག་དྲ་གཙོ་བོ་རྫོང(ཆུས)74ལ་ཁྱབ་པའི་གཅིག་གྱུར་གློག་དྲ་ཞིག་ཆགས་ནས་འབྲོང་པ་དང་། ས་དགའ། སྐྱིད་གྲོང་སོགས་རྫོང་7གྱི་མང་ཚོགས་ཀྱིས་དྲ་ཆེན་གྱི་གློག་སྤྱོད་རྒྱུ་བྱུང་ཡོད་ལ། ལས་གྲྭའི་ལམ་རྒྱུད་ཀྱི་ཞིང་འབྲོག་པ་ཁྲི་38ཀྱི་བདེ་འཇགས་དང་བློས་འགེལ་ཆོག་པའི་གློག་སྤྱོད་གནད་དོན་ཡང་ལེཌ་བཅོས་ཐུབ་ཡོད།
2019ལོའི་ལོ་མཇུག་ཏུ། བོད་ཀྱི་གློག་དྲ་གཙོ་བོའི་རྫོང(ཆུས)66བར་སྣུར་སྲིང་བྱས་པ་དང་གློག་དྲ་གཙོ་བོ་སྤྱོད་མཁན་མི་འབོར་ཁྲི་290ཙམ་ཟིན་ཡོད། སྐབས་དེ་དུས་མངའ་རིས་ས་ཁུལ་གྱི་མི་རེའི་ཆ་སྙོམས་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་0.48ཙམ་ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་ཕྱེད་ཀ་ཡང་ཟིན་གྱི་མེད། མངའ་རིས་ཀྱི་གློག་དྲ་དུས་ཡུན་རིང་པོར་དྲ་བ་རྐྱང་པའི་འཁོར་སྐྱོད་བྱས་ནས། བདེ་འཇགས་ཀྱི་ཆུ་ཚད་དམའ་བ་དང་གློག་གཏོང་གི་སྤུས་ཚད་ཞན་པས་གྲོང་མིས་གློག་སྤྱོད་སྐབས་གཙོ་བོ་ཆུ་ཤུགས་གློག་ཁང་ཆུང་གྲས་ལ་བརྟེན་དགོས་པ་དང་དགུན་དུས་སུ་གློག་དུས་ཚོད་ཐུང་ཐུང་ཙམ་ལས་སྤྱོད་ཐུབ་ཀྱི་མེད་པ་རེད།
མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭ་ནི་མཚོ་བོད་གློག་ཤུགས་དྲ་སྦྲེལ་དང་། ཁྲོན་བོད་གློག་ཤུགས་དྲ་སྦྲེལ། བོད་དབུས་གློག་ཤུགས་དྲ་སྦྲེལ་བཅས“གློག་ཤུགས་མཁའ་ལམ”3རྗེས་ཀྱི་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས་བསྐྲུན་པའི་འཚོ་གནས་དཀའ་བའི་ས་ཁུལ་ལས་བརྒལ་བ་དང་འཚོ་གནས་ཀྱི་མཐར་སོན་ལ་འགྲན་སློང་བྱེད་པའི་འཛམ་གླིང་གི་ས་བབ་མཐོ་ཤོས་དང་དཀའ་ཚེགས་ཧ་ཅང་ཆེ་བའི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་གཞན་ཞིག་རེད། ལས་གྲྭས་གློག་སྒྱུར་ས་ཚིགས་6གསར་སྐྲུན་བྱས་ཡོད། ལྕགས་སྒྲོམ་སུམ་སྟོང་ལྷག་ཙམ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4572ཟིན་པ་དང་། ས་བབ་མཐོ་ཤོས་སྨི་5357ཟིན་པ། གློག་སྐུད་འཐེན་ཚད་རིང་ཤོས་སྨི་སྟོང་5400ལས་བརྒལ་ཡོད་པ་རེད།
མངའ་རིས་དྲ་སྦྲེལ་ལས་གྲྭ་བརྒྱུད་དགོས་ངེས་ཀྱི་ཁུལ་དུ་ཡུན་རིང་འཁྱགས་སའི་ཁུལ་དང་མི་མེད་ཁུལ་མང་པོ་ཡོད་ཅིང་། ལམ་རྒྱུད་ཀྱི་གནམ་གཤིས་ཞན་པ་དང་། ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་0ནས་5བར་ཟིན་པ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཧྲེ་ཧྲི་ཏུའུ་25ལས་བརྒལ་ཡོད་པ་རེད། མཁའ་རླུང་ནང་དབྱང་རླུང་འདུས་ཚད་ནི་ཐང་གཤོངས་ས་ཁུལ་གྱི་50%ནས་60%བར་ལས་མེད། ཐ་ན་འཕྲུལ་ཆས་ཀྱང་ས་མཐོར་མ་འཕྲོད་པར་སྤྱོད་ནུས་ཤོར་གྱི་ཡོད། འཛུགས་སྐྲུན་པ་ཚོས་ཚེ་སྲོག་གི་མཐར་སོན་ལ་འགྲན་སློང་བྱས་པ་མ་ཟད། གློག་དྲ་འཛུགས་སྐྲུན་གྱི་ལག་རྩལ་བཟོ་རྩལ་ཡང་རྒྱུན་མཐུད་ངང་ཚད་བརྒལ་ཡོང་བར་བྱས་ཡོད།
སྐྱིད་གྲོང་གི་ཆན་ཧྥུའུ་500ཡི་གློག་སྒྱུར་ས་ཚིགས་ལས་གྲྭའི་རྣམ་གྲངས་ཀྱི་ཅིང་ལི་སུའེ་དབྱི་ཡིས“ང་ཚོས་གྲོས་བསྡུར་ཡང་ཡང་བྱས་པ་བརྒྱུད་མཐར་གློག་སྒྱུར་ས་ཚིགས་བསྐྲུན་རྒྱུར་འཚམ་པའི་རླངས་གཟུགས་འབྲེལ་གཅོད་ལྕགས་རིགས་ཀྱི་སྒོ་རྒྱག་བསད་སྤར་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་བྱས་པ་དང་། སྤོ་རུང་བའི་མཐུད་སྦྱོར་རྣམ་པའི་རྡུལ་འགོག་འཁོར་ཁང་སྒྲིག་སྦྱོར་གྱིས་ཨར་ལས་བྱ་རྒྱུའི་ཐག་བཅད་པ་ཡིན། སྐྱིད་གྲོང་གློག་སྒྱུར་ས་ཚིགས་གནས་ཡུལ་དུ་ས་བབ་མཐོ་ཚད་སྨི་4100ཟིན་པ་དང་ཕྱི་དྲོ་ལྷགས་པ་རིམ་པ་5ནས་6བར་རྒྱག་པ་མ་ཟད། སྐབས་རེ་ལྷགས་པ་རིམ་པ་7ནས་8བར་ཟིན་གྱི་ཡོད། གནམ་གཤིས་ངན་པས་ཨར་ལས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་མོད། འོན་ཀྱང་གསར་གཏོད་བྱས་པའི་རྡུལ་འགོག་འཁོར་ཁང་ཇུས་འགོད་བྱེད་སྐབས་ཨར་ལས་བྱ་ཡུལ་ཕྱི་ནང་གི་གནས་ཚུལ་ལ་ལྟ་རྟོག་བྱས་ཡོད་པས་ཁོར་ཡུག་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་10ནས་40བར་དང་། བྱེ་རླུང་དང་གངས་ཆར་མེད་པ། མཁའ་རླུང་གི་བལྟོས་བཅས་བཞའ་ཚན་80%ལས་ཆུང་བ། གཙང་ཚད་རིམ་པ་ཁྲི་བརྒྱ་ཡན་ཟིན་པ་བཅས་ཀྱི་བླང་བྱ་ནན་པོ་བསྐངས་ཐུབ་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།
ཟླ་11ཚེས་16ཉིན། ས་བབ་མཐོ་ཚད་སྨི་4688ཡོད་པའི་ས་དགའི་གློག་སྒྱུར་ས་ཚིགས་སུ་གློག་འཁྲིད་ཐུབ་པ་བྱུང་ནས་ཆན་ཧྥུའུ་220ཟིན་པའི་གློག་སྒྱུར་ས་ཚིགས་ཀྱི་ས་བབ་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
ལོ་ཕྱེད་གོང་གི་ཟླ་5ཚེས་2ཉིན། ས་བབ་མཐོ་ཚད་སྨི་5357ཟིན་པའི་གཞིས་རྩེ་ལྷ་རྩེ་རྫོང་དང་དིང་རི་རྫོང་འབྲེལ་མཚམས་ཀྱི་རྒྱ་མཚོ་ལ་རུ་མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭ་ཨང་4R053པའི་ཆན་ཧྥུའུ་500ཡི་གློག་སྐྱེལ་ལྕགས་སྒྲོམ་བཙུགས་པ་དེས་འཛམ་གླིང་གི་ཆེས་མཐོའི་མཐོ་གནོན་གློག་དྲའི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ས་བབ་ཀྱི་ཟིན་ཐོ་ཡང་གསར་དུ་བཏོད་ཡོད།
གློག་དྲ་སྤྱོད་ཐུབ་པ་དེ་ནི་ལོ་རྒྱུས་རང་བཞིན་གྱི་དུས་མཚམས་ཤིག་རེད། དེ་ནི་མངའ་རིས་ཀྱི་གློག་དྲ་ཙམ་མ་ཟད། ད་དུང་བོད་ཀྱི་གློག་དྲའི་འཕེལ་རིམ་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དུས་མཚམས་ཤིག་ཀྱང་རེད།
དེ་སྔ་མངའ་རིས་གློག་དྲ་འཛུགས་སྐྲུན་ནང་ཐེངས་3ཞུགས་མྱོང་བའི་མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭའི་བཀོད་འདོམས་པ་གཞོན་པ་བློ་བཟང་ཟླ་བས་མྱོང་ཚོར་ཟབ་མོའི་སྒོ་ནས“གཞི་ནས་རེ་སྒུག་ཐུབ་སོང”ཞེས་བཤད། ལོ་12ཀྱི་སྐབས་ནང་སར་སློབ་སྦྱོང་བྱེད་པར་བསྐྱོད་དེ་བོད་དུ་ལོག་ནས་གློག་ཤུགས་བྱ་གཞག་ནང་ལོ་28ཞུགས་པ་ལས་ཁོང་གིས་ཕ་ཡུལ་དུ“གློག་སྤྱོད་ཐུབ་པ”ནས“གློག་ཡག་པོ་སྤྱོད་ཐུབ་པའི”བར་གྱི་འཕེལ་རྒྱས་ཀྱི་འཕོ་འགྱུར་ཆེན་པོའི་བདེན་དཔང་བྱས་པ་དང“འདི་ནི་ལམ་ཚད་རྡོ་རིང་ཞིག་རེད། མི་མང་པོ་ཞིག་གིས་རེ་སྒུག་བྱེད་བཞིན་ཡོད”