དབུ་ཤོག>ཆེད་སྒྲིག
  • 2020ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ལ་ཞིང་ཆེན་དབར་ཕན་ཚུན་དཔྱད་ཞིབ་བྱེད་པའི་ལས་དོན་གྱི་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-07

     ཚེས་5ཉིན་གྱི་སྔ་དྲོ། 2020ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ལ་ཞིང་ཆེན་དབར་ཕན་ཚུན་དཔྱད་ཞིབ་བྱེད་པའི་ལས་དོན་གྱི་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཀྱི་2016ལོ་ཚུན་དང་2020ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གནས་ཚུལ་སྙན་སེང་ཞུས་པ་རེད། ཞིང་ཆེན་དབར་ཕན་ཚུན་དཔྱད་ཞིབ་བྱེད་པའི་ཚོགས་ཆུང་གི་ཙུའུ་ཀྲང་དང་། ཧོ་པེ་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གི་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཧྥུའུ་ཏ་ཕུང་གིས་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་དང་། ཏིང་ཡེ་ཤན། ཡན་ཅིན་ཧའེ། ནོར་བུ་དོན་གྲུབ་བཅས་དང་། རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཅང་ཅེ་དང་། ལིའུ་ཅང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    དང་ཐོག་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་ཞུས་ནས། 2020ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ལ་ཞིང་ཆེན་དབར་ཕན་ཚུན་དཔྱད་ཞིབ་བྱེད་པའི་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་ཚོགས་ཆུང་བོད་དུ་ལས་དོན་སྤེལ་བར་ཕེབས་པར་དགའ་བསུ་ཞུས་པ་རེད།

    ཝུའུ་དབྱིང་ཅེས། གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གནང་བ་ཞིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ངེས་པར་དུ་རྒྱལ་ཁ་ལེན་པ་དང་ཡག་པོ་རྒྱག་དགོས་པའི་དམག་འཐབ་དྲག་པོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དམིགས་བསལ་མཐོང་ཆེན་དང་། དམིགས་བསལ་ཐུགས་ཁུར། དམིགས་བསལ་རྒྱབ་སྐྱོར་བཅས་གནང་ནས། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བཀོད་པ་ཆེན་པོའི་ནང་། བོད་ལྗོངས“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གཅིག་པུ་འདིར་གཏན་འཁེལ་བྱས་པ་དང་།  ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་བོད་སྐྱོར་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་སྒྲོལ་བའི་བཞུགས་མོལ་ཚོགས་འདུའི་ཐོག་བོད་ཀྱི་དབུལ་སྐྱོར་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ་དང་། ཞིབ་འཇུག་དང་གཏན་འབེབས་བྱས་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་རྩེ་རིམ་ཇུས་འགོད་ནང་སྲིད་ཇུས་དང་། མ་དངུལ། རྣམ་གྲངས་སོགས་ཀྱི་ཐད་བོད་ལ་གཙོ་གནད་གཟིགས་སྐྱོང་དང་དམིགས་བསལ་གཟིགས་སྐྱོང་བྱས་ཏེ། ང་ཚོར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་། འདེགས་སྐྱོར་ཤུགས་ཆེན། སྒུལ་ཤུགས་ཆེན་པོ་སྣོན་པ་བཅས་བྱས་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་དམིགས་བསལ་ཐུགས་ཁུར་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག 2019ལོའི་ལོ་མཇུག་ཏུ་བོད་ཀྱི་རྫོང་དང་ཆུས་དབུལ་པོ་74དབུལ་ཞྭ་ཕུད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་ཐུབ་ནས། ལོ་བཞི་བསྟུད་མར་ཀྲུང་དབྱང་གི“ཕྱོགས་བསྡུས་གདེང་འཇོག་ཡག་པོ”ཐོབ་ཡོད། རང་ལྗོངས་སུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་བ་བརྒྱུད། ཞིང་འབྲོག་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་དང་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་བྱུང་བ་མ་ཟད། ད་དུང་གཞི་རིམ་ལ་རྒྱུས་མངའ་ཡོད་པ་དང་། མང་ཚོགས་ལ་བརྩེ་དུང་ཡོད་པ། ལས་ཀའི་འཇོན་ཐང་ཡོད་པ། དཀའ་ངལ་ཐག་གཅོད་བྱེད་ཐབས་ཡོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་དང་སྦྱོང་བརྡར་ཡང་ཐུབ་ཡོད། ས་ཁུལ་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད། ད་དུང་བོད་ཀྱི་ས་ཁོངས་ཧྲིལ་པོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་ནས་ཞིང་འབྲོག་ཁུལ་ཡོངས་ཀྱི་རྣམ་པར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། མང་ཚོགས་དབུལ་པོའི་དབུལ་སྒྲོལ་འབབ་འཕར་ལ་སྐུལ་ཁྲིད་ཐུབ་པའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཁག་གཅིག་སྐྱེད་སྲིང་ཐུབ་ནས་མང་ཚོགས་དབུལ་པོ་ཁྲི་62.8བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་བ་མ་ཟད། ད་དུང་ལྗོངས་ཡོངས་ཀྱི་ཐོན་ལས་ཀྱི་སྤྱི་ཡོངས་འཕེལ་རྒྱས་ཆུ་ཚད་མཐོ་རུ་ཕྱིན་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་ཚོ་350ལ་བདེ་སྐྱིད་བསྐྲུན་ཡོད། གྲུབ་འབྲས་འདི་དག་ནི། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་ཕྱོགས་སྟོན་གནང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ལ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་པུའུ་ཨུད། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་དང་། ལྗོངས་ཡོངས་ཀྱི་ལས་བྱེད་པས་སེམས་ནུས་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱས་པའི་འབྲས་བུ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་བོད་དུ་ནུས་ལྡན་མངོན་པའི་འབྲས་བུ་བཅས་ཡིན་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས། དཔྱད་ཞིབ་ལས་དོན་ནི་དབུལ་སྒྲོལ་ལས་དོན་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱེད་པ་ཞིག་ཡིན་ལ། ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱས་ཚུལ་ལ་དཔྱད་ཞིབ་བྱེད་པའི་ཆབ་སྲིད་ཀྱི་ཉམས་ལེན་ཞིག་ཀྱང་ཡིན། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་དོན་འཁྱོལ་བྱེད་པར་དཔྱད་ཞིབ་དང་ཞིབ་དཔྱད་བྱེད་དགོས་ངེས་ཤིག་རེད། དེར་བརྟེན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། ད་ཐེངས་དཔྱད་ཞིབ་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ། རང་འགུལ་ངང་དཔྱད་ཞིབ་དང་ལེན་ཧུར་ཐག་བྱེད་པ་བཅས་ལ་བརྟེན་ནས། དཔྱད་ཞིབ་ཚོགས་ཆུང་གིས་ལས་དོན་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་དང་ཞབས་འདེགས་ཧུར་ཐག་ཞུ་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དཔྱད་ཞིབ་ཚོགས་ཆུང་གིས་ཤེས་རྟོགས་ཐུབ་པའི་གནད་དོན་ཚང་མ་དང་ལེན་དང་། རང་འགུལ་ངང་ངོས་འཛིན་རྩིས་ལེན། ཞིབ་བསྡུར་ནན་ཏན། ཇུས་གཞི་བཟོ་བ། དོན་ཚན་རེ་རེ་བཞིན་གསེད་བཀྲོལ། ཟུར་བཙུགས་རྩིས་ཁྲ་བཟོ་བ། ལས་འགན་དབྱེ་ཕྲལ། འཕྲལ་སྒྲུབ་འཕྲལ་བཅོས་བཅས་བྱས་ནས་གནད་དོན་དག་ཐེར་མཐར་ཕྱིན་ཐུབ་པའི་འགན་ལེན་བྱེད་དགོས། གོམ་སྟབས་རྗེས་མའི་དབུལ་སྐྱོར་ལས་དོན་གྱི་བསམ་ཕྱོགས་སྔར་བས་ཁ་གསལ་བཟོས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་རྨང་གཞིའི་ཐོག སྔ་སྣུར་དུ་ཇུས་འགོད་བྱེད་པ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་འབྲེལ་མཐུད་ནུས་ལྡན་ཐུབ་པ་བྱས་ནས། དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཆེ་དགྲ་ལྷས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གནས་ཚུལ་སྙན་སེང་ཞུ་སྐབས། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ། དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམིགས་པ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། རིམ་པ་ཁག་གི་འགན་འཁྲི་ནན་དུ་གཏོང་བ། ལྗོངས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཇུས་གཞི་འགོད་པ། སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། དབུལ་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རང་རྒྱལ་གྱི་དབུལ་པོ་ཉུང་གཏོང་ལོ་རྒྱུས་ཐོག“བོད་ཀྱི་ངོ་མཚར”བཏོད་ཡོད་ཅེས་གསུངས་པ་རེད།

    ཧྥུའུ་ཏ་ཕུང་གིས། ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ལ་ཞིང་ཆེན་དབར་ཕན་ཚུན་དཔྱད་ཞིབ་བྱེད་པའི་ལས་དོན་སྤེལ་བའི་དགོངས་དོན་གསར་ཤོས་བརྒྱུད་བསྒྲགས་གནང་བ་དང། འདི་ལོའི་ཕན་ཚུན་དཔྱད་ཞིབ་ཀྱི་ནང་དོན་གཙོ་བོ་དང་། བྱེད་སྟངས་དང་ཐབས་ཤེས། ལས་ཀའི་གོ་རིམ། དུས་ཚོད་བཀོད་སྒྲིག་བཅས་ཁ་གསལ་བཟོས་པ་དང་འབྲེལ། ས་གནས་ས་ཐོག་ཏུ་དཔྱད་ཞིབ་བྱེད་པར་ཞིབ་ཕྲའི་བླང་བྱ་ཡང་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།