དབུ་ཤོག>ཆེད་སྒྲིག
  • ཐབས་ཤེས་སྣ་ཚོགས་སྤྱད། མཐའ་མཚམས་སྟོབས་ཆེར་བཏང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-04

    མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་ཐང་ཆེན་ཡིན་པ།

    ལས་བྱེད་པ་དང་མང་ཚོགས་ཚོས་མཐའ་མཚམས་ཀྱི་འཐབ་ས་དང་པོར་སྐོར་གཡེང་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་ལེན་ནན་ཏན་བསྟར་ཏེ། མཐའ་མཚམས་ས་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་དམིགས་བསལ་རང་བཞིན་ལ་དམ་པོར་དམིགས་པ་དང་། “རྩ་འཛུགས་ལ་ཤུགས་སྣོན་དང་། དཔུང་ཁག་འཛུགས་སྐྱོང་། མི་སེམས་གཅིག་སྒྲིལ། མཐའ་མཚམས་སྲ་བརྟན། འཕེལ་རྒྱས་སྐུལ་འདེད”བཅས་ཀྱི་གཞི་རྩའི་བླང་བྱར་དམིགས་པ། མཐའ་བརྟན་མཐའ་དར་གྱི་རྩ་བའི་དམིགས་ཚད་ལ་གཞིས་ཚུགས་ནས“མཐའ་བརྟན་གྱི་མཁར་རྫོང་བརྟན་དུ་གཏོང་བ་དང་མཐའ་སྲུང་གི་གདོང་ལེན་པ་བརྩོན་ལེན་བྱེད་པའི”མཐའ་མཚམས་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་ཤུགས་ཆེ་རུ་བཏང་བ་དང་ཏང་འཛུགས་སྐྱོང་གི་འགོ་ཁྲིད་ནུས་པ་དང་། སྣེ་ཁྲིད་ནུས་པ། རྩ་འཛུགས་ནུས་པ། འབོད་སྐུལ་ནུས་པ་བཅས་ཆེར་གཏོང་གིས་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། མང་ཚོགས་ཀྱི་ལེགས་ཆ་བཅས་མཐའ་བརྟན་མཐའ་དར་གྱི་འགན་ལེན་ཆེ་ཤོས་སུ་འགྱུར་བར་བྱས་ནས་བོད་ནུབ་མཐའ་མཚམས་སུ་སྤུས་རྟགས་ཀྱི་སྣེ་ཁྲིད་དང་། ཏང་འཛུགས་སྐྱོང་གི་དཔེ་སྟོན། རྩ་འཛུགས་ཀྱི་སྐུལ་ཁྲིད། གདོང་ལེན་གྱི་ཤུགས་འདོན་བཅས་ཀྱི་མཐའ་མཚམས་ཏང་འཛུགས་སྐྱོང་གི་ལམ་བུ་གསར་པ་ཞིག་བཏོད་ཡོད།

    གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་སྟེ།

    མཐའ་མཚམས་ཏང་འཛུགས་སྐྱོང་གི“གསར་བརྗེའི་མཁར་རྫོང”བརྟན་པོ་བསྐྲུན་པ།

    ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་བདེ་མཆོག་གྲོང་ཚོར་རྒྱང་ལྟ་བྱེད་སྐབས་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། ཐུན་མོང་མ་ཡིན་པའི་བོད་བཟོའི་སྤྲོ་ཁང་གྲལ་སྟར་འགྲིག་པ། གཙང་ཞིང་ཡངས་པའི་གྲོང་གསེབ་ཀྱི་གཞུང་ལམ་བཅས་མཐོང་ཆོས་སུ་གྱུར། ཉེ་བའི་ལོ་ཤས་རིང་། བདེ་མཆོག་གྲོང་ཚོས“མཐའ་སྲུང་མཐའ་བརྟན་གྱི་གྲོང་ཚོ་དང་པོ”གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་མངའ་རིས་ས་ཁུལ་གྱི་མཐའ་མཚམས་ཏང་འཛུགས་སྐྱོང་གི་གསར་བརྗེའི་ཁྱམས་རིང་དང་པོ་དང་གྲོང་ཚོའི་ལོ་རྒྱུས་ཁང་དང་པོ་བསྐྲུན་ཏེ་ཏང་འཛུགས་སྐྱོང་ལས་སྟེགས་སུ་བྱས་ནས་མཐའ་མཚམས་ཀྱི་འཕེལ་རྒྱས་མངོན་པ་དང་མཐའ་མཚམས་མང་ཚོགས་ཀྱི་བདེ་སྐྱིད་མངོན་པ་ནི་མངའ་རིས་ས་ཁུལ་གྱིས་མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་མཚོན་བྱེད་ཙམ་ཞིག་རེད།

    མཐའ་མཚམས་སུ་ཏང་སེམས་སྔར་བས་གོང་བུ་གཅིག་ཏུ་འགྲིལ་ཞིང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ་ཏང་ཡོན་གྱི་བྱེད་སྒོ་སྤེལ་ས་དང་དུས་རབས་གསར་པའི་ཁྲིད་སྦྱོང་ཁང་ལ་བརྟེན་ནས་བསམ་བློར་སྣང་ཆེན་དང་། ཏང་འཛུགས་སྐྱོང་ལ་སྣང་ཆེན། དྲིན་ཚོར་ལ་སྣང་ཆེན། སྲིད་ཇུས་ལ་སྣང་ཆེན། བཅའ་ཁྲིམས་ལ་སྣང་ཆེན། ལག་རྩལ་ལ་སྣང་ཆེན། དཔེ་མཚོན་ལ་སྣང་ཆེན། ཀུན་སྤྱོད་ལ་སྣང་ཆེན་བཅས་བྱ་རྒྱུ་ནང་དོན་གཙོ་བོར་བྱས་ནས་ཏང་ཡོན་གྱི་མཚན་མོའི་སློབ་གྲྭ་དང་སྐོར་སྐྱོད་ཏང་གི་སློབ་གྲྭ་སོགས་ཐེངས་2300ལྷག་ཙམ་གཉེར་ཏེ་ཏང་གི་གསུང་སྒྲ་དུས་ཐོག་ཏུ་དུད་ཚང་ཁྲི་སྟོང་མང་པོ་དང་། ཞིང་ནང་དང་མུ་ཁ། འབྲོག་ཁུལ། རྩྭ་ཐང་བཅས་སུ་བརྒྱུད་བསྒྲགས་ཀྱིས་མཐའ་མཚམས་མང་ཚོགས་ཀྱི་བསམ་བློ་ཏང་གི་མཐའ་འཁོར་དུ་གོང་བུ་གཅིག་ཏུ་སྒྲིལ་ཡོད།

    མཐའ་མཚམས་སུ་རྩ་འཛུཌ་དེ་བས་སྟོབས་ཆེར་གྱུར་ཞིང་། མཐའ་མཚམས་ས་ཁུལ་དུ་ཏང་རྩ་འཛུགས་སྟོབས་ཆེན་དང་། སྤུས་ཚད་དང་རིམ་པ་མཐོར་གཏོང་བཅས་ལ་དམིགས་ནས། ཐོན་ཁུངས་མཐའ་མཚམས་ས་ཁུལ་ལ་ཕྱོགས་རྒྱུ་རྒྱུན་འཁྱོངས་དང་། མཐའ་མཚམས་ཏང་འཛུགས་སྐྱོང་གི་གསར་བརྗེའི་ཁྱམས་རིང་འཛུགས་སྐྲུན་ལས་གྲྭ་ལག་བསྟར། རྩ་འཛུགས་ཚད་ལྡན་ཅན་དང་། མཁར་རྫོང་ཚད་གཞི་ཅན། ལམ་ལུགས་ཚན་རིག་ཅན། དཔུང་ཁག་ཆེད་ལས་ཅན། བྱེད་སྒོ་རྒྱུན་རྣམ་ཅན་བཅས“ཅན་ལྔའི”བྱེད་སྒོ་ཆ་ལག་ཆ་ཚང་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་29རྒྱུན་མཐུད་དག་ཐེར་བྱས་པ་དང་དམག་དམངས་མཉམ་འབྲེལ་གྱི་མཐའ་མཚམས་སྐོར་གཡེང་རུ་ཁག་དང་། མཐའ་མཚམས་ཀྱི་འཐབ་ས་དང་པོའི་ཡུལ་དམག་ལས་སྒྲུབ་ས་ཚིགས། མཐའ་མཚམས་ཏང་ཡོན་གཅིག་སྡུད་ཁུལ་བཅས་སུ་གནས་སྐབས་ཏང་ཀྲི་པུའུ་26བཙུགས་ནས་ཏང་གི་རྩ་འཛུགས་དང་ལས་ཀའི་ཁྱབ་རྒྱ་མུ་མཐུད་ཆེ་རུ་བཏང་བ་རེད།

    ཉམས་སད་ཐེག་ཐུབ་པའི་དཔུང་ཁག་འཛུཌ་སྐྱོང་གིས་མཐའ་མཚམས་སྟོབས་ཆེར་བཏང་སྟེ།

    ཤེས་ལྡན་མི་སྣ་མཐའ་མཚམས་ས་ཁུལ་དུ་བསྐྱོད་རྒྱུར་ལྕག་སྐུལ་བྱས་པ།

    “རུ་ཐོག་རྫོང་རྡོ་དམར་ཤང་ནི་མངའ་རིས་ས་ཁུལ་གྱི་མཐའ་མཚམས་ཤང་གི་གྲས་ཤིག་ཡིན་ཞིང་། དེ་གའི་ལས་བྱེད་པ་ནི་ཤང་ཡོངས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་མཁན་གྱི་གཙོ་ཤུགས་དམག་ཅིག་རེད། རྡོ་དམར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཧྥུང་ཅུས་ཀྱིས“ཉེ་བའི་ལོ་ཤས་རིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མཐའ་མཚམས་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པས་ལོ་ལྟར་ཕུལ་བྱུང་ལས་བྱེད་པ་དང་ཤེས་ལྡན་མི་སྣ་འབོར་ཆེན་གྲོང་གསེབ་ཏུ་ལས་ཀར་གཏོང་གི་ཡོད། ལས་བྱེད་པའི་དཔུང་ཁག་གི་གྲངས་འབོར་མང་དུ་དང་སྤུས་ཚད་ལེགས་སུ་སོང་བས་ང་ཚོས་མཐའ་མཚམས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ལས་བྱེད་དཔུང་ཁག་གི་འགན་ལེན་དེ་བས་ཡོད”ཅེས་བཤད།

    “འགག་རྩའི་ཉུང་ཤས”བཟང་འདེམས་ཧྲག་སྒྲིག་བྱས་ཤིང་། མཐའ་མཚམས་ས་ཁུལ་གྱི་རྫོང་དང་ཤང་གི་འགོ་ཁྲིད་ཚན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ས་ཁུལ་ཡོངས་ཀྱི་ལས་བྱེད་པའི་ལས་ཀའི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པའི་དམིགས་ཡུལ་ནི་ལས་བྱེད་པའི་དཔུང་ཁག་གི་ནུས་པ་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད། ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་ལས་གནས་བརྗེ་རེས་བྱེད་ཐབས་འཛུགས་པ་དང་། མཐའ་མཚམས་ས་ཁུལ་གྱི་ལས་བྱེད་པའི་དབར་ཕན་ཚུན་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ལ་ལྷག་བསམ་རྣམ་དག་དང་། ལོ་ན་གཞོན་ཞིང་འཇོན་ཐང་ཆེ་བ། ཉམས་མྱོང་ཕུན་སུམ་ཚོགས་པ་བཅས་ཀྱི་ཕུལ་བྱུང་ན་གཞོན་ལས་བྱེད་པ་མཐའ་མཚམས་རྫོང་དང་ཤང་དུ་ལས་གནས་བརྗེ་རེས་ལ་འདེམས་གཏོང་བྱ་རྒྱུར་སྣང་ཆེན་གྱིས་རྫོང་དང་ཤང་གི་འགོ་ཁྲིད་ཚན་པའི་སྤྱི་ཡོངས་ཀྱི་འཇོན་ཐང་ཆེ་རུ་ཤུགས་ཆེན་བཏང་ཡོད།

    ཤེས་ལྡན་མི་སྣ་མཐའ་མཚམས་སུ་བསྐྱོད་རྒྱུར་ལྕག་སྐུལ་བྱས་ཤིང་། མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་བསྐང་རྒྱུར་དམིགས་ཏེ་ཤེས་ལྡན་མི་སྣ་ནང་འདྲེན་དང་ཤེས་ལྡན་མི་སྣ་བསྡུ་རུབ་ཀྱི་སྲིད་ཇུས་གཏན་འབེབས་ལེགས་སུ་གཏོང་བ་དང་། ཤེས་ལྡན་མི་སྣ་ནང་འདྲེན་རྣམ་གྲངས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། དགོས་མཁོ་ཆེ་ཞིང་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་ནང་འདྲེན་གནད་སྨིན་བྱེད་པ། སློབ་ཁུངས་བོད་ནས་མིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཆེད་མངཌ་བསྡུ་བའི་ལས་དོན་གཏིང་ཟབ་སྤེལ་ནས་གྲོང་གསེབ་དར་རྒྱས་ཀྱི་ཆེད་སྒྲུབ་ལས་བྱེད་པ་དང་། གྲོང་ཚོའི(གྲོང་ལྷན)ཚན་རྩལ་ཆེད་སྒྲུབ་ལས་བྱེད་པ། སྨན་དོན་མི་སྣ། ཞིང་ལས་དང་གྲོང་གསེབ་ལས་དོན་གྱི་ཆེད་མངགས་པ། གྲོང་གསེབ་ཀྱི་བྱིས་པའི་སློབ་གསོའི་མི་སྣ་བཅས“དཔུང་ཁག་ལྔ”གདན་ཞུ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་དང་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་གནས་ཐུབ་པ་དང་། ཕུལ་བྱུང་ཤེས་ལྡན་མི་སྣ་སྣ་ཚོགས་མཐའ་མཚམས་ཤང་གྲོང་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས་མཐའ་མཚམས་འཛུཌ་སྐྲུན་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།

    འཐབ་ཇུས་ལ་བརྟེན་ནས་སྔོན་ལ་མཐའ་དར་ཡོང་བ་བྱས་ཏེ།

    མཐའ་མཚམས་ཀྱི་འཐབ་ས་དང་པོ་འཛུགས་སྐྲུན་དེ་བས་ཡག་པོ་བྱས་པ།

    མངའ་རིས་ས་ཁུལ་གྱིས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་སྐོང་རྒྱུ་དེ་མཐའ་མཚམས་ཏང་འཛུགས་སྐྱོང་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ“རྨང་གཞི་བརྟན་པ་དང་། ཐོན་ལས་དར་བ། ཁོར་ཡུག་མཛེས་པ། འཚོ་བ་ལེགས་པ། མཐའ་མཚམས་བརྟན་པ”བཅས་དམིགས་ཚད་དུ་བཟུང་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་གོ་སྐབས་གལ་ཆེན་དུ་བརྩིས་ནས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བ་དང་། ཕན་ཡོད་ཐོན་ཁུངས་བསྡུ་སྒྲིལ། ཏང་སེམས་དང་དམངས་སེམས་གཅིག་སྒྲིལ་བཅས་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་གཅིག་ལས་གཅིག་མཛེས་པའི་རྣམ་པ་ཞིག་གྲུབ་ཡོད།

    ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ཞིང་། “གནས་གཉིས་གཏོད་པ་དང་། ཤར་གཏོང་གཅིག་ཐུབ་པ། ཤར་ནུབ་གཅིག་གྱུར་འཆར་འགོད། ས་ཁོངས་ཧྲིལ་པོ་འཕེལ་རྒྱས”བཅས་ཀྱི་བར་མཐོངས་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་དམིགས་པ་དང་མཐའ་མཚམས་ས་ཁུལ་གྱི་ལེགས་ཆའི་ཐོན་ཁུངས་དང་ཐོན་ལས་ཀྱི་རྨང་གཞིར་དམ་པོར་དམིགས་ཏེ་ཁྱད་ལྡན་ཐོན་ལས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཆེད་དོན་རོགས་དངུལ་བཙུགས་ཏེ་སྣོད་བཅུད་ཞིང་ལས་དང་། ཞིང་ཕྱུགས་ཐོན་རྫས། ཡུལ་སྐོར་རིག་གནས། མཐའ་མཚམས་ཉོ་ཚོང་སོགས་ཁྱད་ལྡན་ཐོན་ལས་ཀྱི་རྣམ་གྲངས་130ལྷག་ཙམ་སྐྱེད་སྲིང་ལག་བསྟར་བྱས་ནས་མངའ་རིས་ཀྱི་གྲོང་ཚོས་གཉེར་བའི་ཁེ་ལས་ཐོག་མ་སྟེ“བོད་ལྗོངས་གངས་རིན་པོ་ཆེའི་རི་སྐོར་ཡུལ་སྐོར་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སི”སོགས་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་332བཙུགས་པས་རྫོང་ཚང་མར་བྱ་ཐབས་དངོས་ཡོད་པ་དང་། ཤང་ཚང་མར་ཁྱད་ཆོས་ལྡན་པ། གྲོང་ཚོ་ཚང་མར་ཐོན་ལས་ཡོད་པ་བཅས་བྱུང་ཡོད།

    སྤུས་ཚད་དེ་བས་མཐོ་བའི་སྒོ་ནས་དབུལ་སྒྲོལ་བྱུང་ཞིང་། ཏང་དར་གྱིས་སྣེ་ཁྲིད་དང་ཏང་ཨུད་ཀྱིས་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམིགས་པ་དང་། ཐོན་ལས་དབུལ་སྐྱོར་དང་། ཡུལ་གཞན་དུ་གནས་སྤོས། ལས་ཞུགས་གཞན་སྒྱུར། སྣོད་བཅུད་ཁ་གསབ། སློབ་གསོ་དབུལ་སྐྱོར། སྤྱི་ཚོགས་ཐ་སྐྱོང་། དངུལ་རྩའི་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར། ཆ་སྒྲིག་རོགས་སྐྱོར་སོགས་གཙོ་གནད་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བས་སྒར་རྫོང་དང་། སྤུ་ཧྲེང་རྫོང་། རྩྭ་མདའ་རྫོང་། རུ་ཐོག་རྫོང་བཅས་མཐའ་མཚམས་རྫོང་4སྔོན་ལ་དབུལ་ཞྭ་ཕུད་པས་དབུལ་པོ་ཐོན་ཚད་2015ལོའི་28.7%ནས་ཆ་ཚང་དབུལ་སྒྲོལ་ཐུབ་པའི་བར་འགྱུར་ལྡོག་བྱུང་ཡོད། དབུལ་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་སྟེ་མཐའ་མཚམས་མང་ཚོགས་བློ་བདེ་བ་དང་། གནས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱུང་ནས

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།