དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་པ་ནས་བཟུང་། ཨ་མདོ་རྫོང་གིས་དྲིལ་བསྒྲགས་སློབ་གསོ་མི་སེམས་སུ་ཟུག་པ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོག་གྱི་ལས་དོན་ལ་ཁྱབ་པ་བྱས་ནས་སློབ་གསོ་ཁྲིད་སྟོན་སྒུལ་ཤུགས་སུ་བརྩིས་ཏེ་དམ་འཛིན་མཐའ་འཁྱོངས་བྱས་པར་ཕན་འབྲས་བཟང་པོ་ཐོབ་ཡོད་པ་རེད།
བསམ་བློའི་སྣེ་ཁྲིད་མངོན་གསལ་དོད་པོར་བཞག་ནས་མི་སེམས་ལ་ཟུག་པར་བྱས་པ། “བཀའ་དྲིན་བཅངས་ནས་དར་ཆ་མཐོན་པོར་སྒྲེང་བ་དང་། བསམ་བློར་བརྟེན་ནས་དམངས་སེམས་གཅིག་ཏུ་སྡུད་པ། སློབ་གསོར་བརྟེན་ནས་སྤྱོད་བཟང་འཇག་པར་བྱེད་པ། སྲོལ་ངན་དོར་ནས་སྲོལ་བཟང་སྐྱོང་བ”མཐའ་འཁྱོངས་དང་གྲོང་ཚོ(གྲོང་ལྷན)དང་སློབ་གྲྭའི་རིག་གནས་ཀྱི་འཐབ་ས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང“དྲིལ་བསྒྲགས་ཆེ་མོ་དང་། སློབ་སྦྱོང་ཆེ་མོ། གྲོས་བསྡུར་ཆེ་མོ”སོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་མུ་མཐུད་སྐུལ་འདེད་བཏང་བ་རེད།
སློབ་གསོ་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས་སྲོལ་བཟང་བཏོད་པ། སློབ་གསོ་དང་བཅོས་སྒྲིག་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཁར་སློབ་གསོ་ཁྲིད་སྟོན་དང་། གྲོང་སྲོལ་དམངས་ཆིངས། གོམས་སྲོལ་སྒྱུར་བ་སོགས་ནས་འགོ་འཛུགས་ཏེ“དབུལ་སྐྱོར་བྱེད་པ་ལས་སྒྱིད་ལུག་མི་སྐྱོང་བའི”ཕྱོགས་སྟོན་ཁ་གསལ་ཆགས་པར་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་སེམས་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱས་པ་རེད། ཟ་འདོད་ལས་གཡོལ་དང་སློབ་གསོ་བརྒྱབ་ཀྱང་ཡོ་བསྲང་མི་བྱེད་པ་སོགས་ཀྱི་རྗེས་ལུས་ཐེབས་པའི་མང་ཚོགས་འགར་དམིགས་ནས་སློབ་གསོ་བརྒྱབ་སྟེ་འགྱུར་ལྡོག་གཏོང་བ་དང་རྩལ་ནུས་གསོ་སྦྱོང་གི་ལས་དོན་གཅིག་སྡུད་ཐོག་སྤེལ་བར་སྤྱི་ཚོགས་ཐོག་ཕན་འབྲས་བཟང་པོ་ཐོན་པར་བརྟེན“མི་ཚང་མ་དབུལ་སྐྱོར་བ་བྱེད་པ་དང་། མི་ཚང་མས་དབུལ་སྐྱོར་གྱི་གཏམ་བརྗོད་པ། མི་ཚང་མས་དབུལ་སྐྱོར་གྱི་ལས་དོན་སྒྲུབ་པ”བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།
བྱ་ཐབས་དངོས་བཏོན་ནས་མང་ཚོགས་དང་འབྲེལ་འདྲིས་བྱས་ཏེ་སློབ་སྦྱོང་དང་ཤེས་རྟོགས་ཏན་ཏིག་ཐུབ་པར་བྱས་པ། ཞིང་འབྲོག་མང་ཚོགས་འགའི་རིག་གནས་ཀྱི་ཆུ་ཚད་མཐོ་པོ་མེད་པའི་དོན་དངོས་ལ་དམིགས་ནས“གསལ་ཤེས་པ་བཞི”(ཤང་གྲོང་གི་ལས་བྱེད་པ་དང་། གྲོང་སྡོད་ལས་དོན་རུ་ཁག་གམ་ཡང་ན“གྲོང་ཚོའི་ཨུ་ལྷན་གཉིས”“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི། དུད་ཚང་དབུལ་པོའི་ཁྱིམ་ཚང་གི་ཁོངས་མི་1བཅས་ལས་གྲུབ་པའི“གསལ་ཤེས་པ”)གསོ་སྐྱོང་ཧུར་ཐག་བྱས་པ་དང་སྲིད་ཇུས་འགྲེལ་བཤད་དང་། དབུལ་སྒྲོལ་དྲིལ་བསྒྲགས། དམངས་སྲོལ་ལྟ་སྐུལ་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རྒྱ་ཆེའི་འབྲོག་པ་མང་ཚོགས་ཚོར“དབུལ་སྒྲོལ་སྲིད་ཇུས་ཁ་གོ་དོན་གསལ”དང་། “དབུལ་སྒྲོལ་ཡོང་འབབ་ཁ་གསལ་གཏིང་གསལ”