འདི་ནི་ནད་པར་བརྟག་དཔྱད་བྱེད་བཞིན་པ།
2020ལོའི་དགུན་འགོར། སྐྱེ་ཁུངས་འབྲི་རུ་ནས་ཡིན་པའི་སློབ་ཆེན་སློབ་མ་4ཡི་ངོས་ནས་བརྗོད་ན་བཀྲ་ཤིས་པའི་དུས་ཚིགས་ཤིག་རེད་ལ། ཕུགས་འདུན་དོན་གཉེར་བྱེད་པའི་དུས་ཚིགས་ཤིག་ཀྱང་རེད། ཞོགས་པ་སྔ་པོ་ནས་ཕུན་ཚོཌ་རྣམ་རྒྱལ་སོགས་སློབ་ཆེན་སློབ་མ་4དགའ་དགའ་སྤྲོ་སྤྲོའི་ངང་འབྲི་རུ་རྫོང་ནགས་ཤོད་གླིང་ཤིའུ་Bཁུལ་དུ་ཡོད་པའི་གནམ་རྒྱལ་བོད་སྨན་ཁང་དུ་བསྐྱོད་ནས་ཉིན་གཅིག་གི་ལས་ལ་བྲེལ་འགོ་ཚུགས། དེ་རིང་ཕུན་ཚོགས་རྣམ་རྒྱལ་དང་སྐྱེ་ཁུངས་འབྲི་རུ་ནས་ཡིན་པའི་སློབ་ཆེན་སློབ་མ་3གྱི་ངོས་ནས་བརྗོད་ན། རེ་སྒུག་ཡུན་རིང་བྱས་པ་མ་ཟད་དྲན་གསོ་བྱེད་རིན་ཡོད་པའི་ཉིན་མོ་ཞིག་རེད། ཁོ་ཚོས་མ་རྩ་བསྡུས་བྱས་ནས་སྒོར་ཁྲི་50ལྷག་ཙམ་བཏང་བའི་གནམ་རྒྱལ་བོད་སྨན་ཁང་ཟླ་བ་ཁ་ཤས་རིང་གི་ཁྲོམ་རའི་བརྟག་ཞིབ་དང་ཇུས་འགོད་ཞིབ་ཚགས་བརྒྱུད་དེ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་རེད།
གནམ་རྒྱལ་བོད་སྨན་ཁང་དུ་འཛུལ་སྐབས་སྒྲིག་བཟོ་གསར་བའི་གཞུང་ལས་ཁང་དང་སྒྲིག་བཀོད་ཆ་ཚང་བའི་སྨན་བཅོས་ཁང་། དེ་བཞིན་གྱང་ངོས་སུ་བཀལ་བའི་སློབ་དཔོན་གྱི་གདམས་ངག་ལས་སློབ་ཆེན་སློབ་མ་4ཡི་ཕུགས་འདུན་དོན་གཉེར་བྱེད་པའི་ལམ་གྱི་བློ་བརྟན་འགྱུར་མེད་དང་རྒྱུན་འཁྱོངས་མངོན་ཡོད་ལ་སློབ་དཔོན་གྱིས་ཁོ་ཚོར་བཅངས་པའི་རེ་བ་ཡང་མཚོན་ཡོད།
འབྲི་རུ་རྫོང་གི་སློབ་ཆེན་སློབ་མ་བཞི་པོས་རྒྱལ་ཁབ་ཀྱི“གཉིས་གཏོད”འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་དམ་འཛིན་བྱས་ནས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱས་ནས་འོད་སྟོང་འཕྲོ་བའི་མི་ཚེར་འཆར་འགོད་བྱས་ཏེ་རྒྱང་རིང་གི་མདུན་ལམ་བཏོད་ཡོད། འཚོ་བའི་ཆུ་ཚད་ཇེ་མཐོར་འགྲོ་བ་དང་བསྟུན་ནས་འཚོ་བའི་གོམས་སྟབས་ཀྱང་ཇེ་མགྱོགས་སུ་འགྲོ་བས། གཟུགས་པོ་ཐང་པོ་མེད་པའི་མི་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པར་བརྟེན། ལོ་རབས་90པའི་ནང་སྐྱེས་ཀྱི་གཞོན་ནུ་དཀྱུས་མ་བཞི་པོས་རང་ཉིད་ཀྱི་ཆེད་ལས་དང་ལོ་མང་རིང་བསགས་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་གྱི་ཉམས་མྱོང་ལ་བརྟེན་ནས་ནད་བཅོས་སྲོག་སྐྱོབ་ཀྱི་ལམ་བུར་བསྐྱོད་དེ། རང་ཉིད་ཀྱི་ཡུན་རིང་འབྱུང་འགྱུར་ལ་མདུན་ལམ་གྱི་སྒྲོན་མེ་ཞིག་མཁོ་འདོན་བྱས་པ་མ་ཟད། ནད་པར་ནད་གཡོག་ཞབས་འདེགས་སྤུས་ལེགས་དང་སྨན་བཅོས་ཀྱི་གདམ་ཀ་དེ་བས་མང་བ་མཁོ་འདོན་བྱས་ཡོད།
ཏན་ཏན་ཏིག་ཏིག་ངང་ཕུགས་བསམ་དང་དོན་དངོས་ཀྱི་བར་ཐག་ཆུང་དུ་གཏོང་བ་ནི་ད་ལྟ་ཁོ་ཚོས་སྒྲུབ་བཞིན་པའི་ལས་ཀ་རེད། མ་འོངས་པའི་འཕེལ་རྒྱས་སྐོར་གླེང་སྐབས་ཁོ་ཚོར་བློ་ཡིད་ཚིམས་ཤིང་ཡིད་ཆེས་ཀྱིས་ཁེངས་ཡོད།
ཕུགས་བསམ་ཡོད་པ་ནི་སྔོན་འགྲོ་ཞིག་ཡིན་ལ། ཕུགས་འདུན་མངོན་འགྱུར་བྱེད་པ་ནི་ནུས་པ་ཞིག་རེད། ད་ཆ་འབྲི་རུ་རྫོང་དུ་སློབ་ཆེན་སློབ་མ་མི་ཉུང་བས་བྱ་གཞག་གསར་གཏོད་ལ་བརྟེན་ནས་རང་བརྟེན་གྱི་ནུས་པ་ཆེ་རུ་བཏང་སྟེ། མི་དེ་བས་མང་བའི་ལས་ཞུགས་ལ་སྐུལ་ཁྲིད་བྱས་ནས་མཉམ་དུ་འབབ་འཕར་ཕྱུག་འགྱུར་གྱི་ལམ་དུ་་སྐྱོད་བཞིན་ཡོད།