དབུ་ཤོག>ཆེད་སྒྲིག
  • ཟླ་དང་པོ་ནས་བཅུ་པའི་བར་ཐེན་ཅིན་གྱིས་ཆབ་མདོར་རོགས་སྐྱོར་བྱས་ཏེ་འཛད་སྤྱོད་དབུལ་སྐྱོར་ཐད་ཉོ་སྒྲུབ་བྱེད་ཚད་སྒོར་ཁྲི་1600ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-04

     འདི་ལོ་ནས་བཟུང་། ཐེན་ཅིན་གྱི་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ་ཁག་དགུ་པས་ཆབ་མདོའི་འཛད་སྤྱོད་དབུལ་སྐྱོར་དེ་བོད་སྐྱོར་གྱི་གཙོ་གནད་ལས་དོན་གྱི་གྲས་ཤིག་ཏུ་བརྩིས་ནས་ཕྱོགས་ཁག་གི་ཐུན་མོང་རྒྱབ་སྐྱོར་འོག་ཟླ་བ་དང་པོ་ནས་བཅུ་པའི་བར་ཐེན་ཅིན་གྱིས་ཆབ་མདོར་རོགས་སྐྱོར་བྱས་ཏེ་འཛད་སྤྱོད་དབུལ་སྐྱོར་ཐདཉོ་སྒྲུབ་བྱེད་ཚད་སྒོར་ཁྲི་1600ལས་བརྒལ་ནས་ཆབ་མདོའི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་སྐྱོར་གྱི་འཛད་སྤྱོད་དབུལ་སྐྱོར་ནི་གནད་སྨིན་དབུལ་སྐྱོར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ཐེན་ཅིན་གྱི་ཁག་དགུ་པའི་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུས“ཅིན་ཆབ་ས་ཁུལ་གཉིས་ཀྱི་འཛད་སྤྱོད་དབུལ་སྐྱོར་གྱི་སྤྲིན་རྩིས་གན་འཇོག”དང་། “འཛད་སྤྱོད་དབུལ་སྐྱོར་ཟླ་བ” “ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ”སོགས་འཛད་སྤྱོད་དབུལ་སྐྱོར་ལ་རམ་འདེགས་བྱེད་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྔ་རྗེས་སུ་སྤེལ་བ་དང་། ཐེན་ཅིན་དུ་ཆབ་མདོའི་ཐོན་རྫས་འཚོང་ལམ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་དབུལ་སྐྱོར་ཁང་དང་ཚོང་ཁང་20ལྷག་ཙམ་ལ་ཁྱབ་པའི་ཕྱིར་འཚོང་མ་ལག་ཅིག་ཆགས་ཡོད། འདི་ལོའི་ཟླ་9ཚེས་5ཉིན་སྤེལ་འགོ་ཚུགས་པའི“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་དང་ཅིན་བོད་ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི”འཛད་སྤྱོད་དབུལ་སྐྱོར་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོའི་ཁྲོད། ཐེན་ཅིན་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་དང་ཤེས་ལྡན་མི་སྣ་མངགས་གཏོང་ཚན་པ་དང་། ལས་ཁུངས་གཞན་དག ཁེ་ལས་དང་བྱ་གཞག་ཚན་པ་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་རོགས་སྐྱོར་བྱས་ཏེ་གནས་གཏན་འཁེལ་གྱི་ཉོ་སྒྲུབ་བྱས་ཏེ་ཆབ་མདོའི་དབུལ་སྐྱོར་ཐོན་རྫས་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།