དབུ་ཤོག>ཆེད་སྒྲིག
  • “ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-04

    སྨར་ཁམས་རྫོང་གངས་སྟེང་ཆང་ལས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཆོས་བཟང་ནི་ཚོང་ལས་བྱས་ནས་ལོ་20ལྷག་ཙམ་སོང་བའི་བོད་རིགས་ཀྱི་ཁེ་ལས་མཁས་ཅན་ཞིག་རེད། ལོ་20ལྷག་ཙམ་རིང་ཁོང་གི་ཀུང་སིར་སྒྱུར་བཅོས་སྒོ་དབྱེ་དང་གཟིགས་སྐྱོང་སྲིད་ཇུས་ཁག་གི་གོ་སྐབས་འཕྲད་པས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད། འདི་ལོ་གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་ཆོས་བཟང་གི་ཀུང་སིར་ཡང་ཤུགས་རྐྱེན་ཐེབས་མོད། འོན་ཀྱང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་ཁྲལ་རིན་གཉིས་གཅོག་སོགས་ཕྱོགས་ཁག་ཐད་ལ་དུས་ཐོག་ཏུ་ཁེ་ལས་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་པས། ཆོས་བཟང་གི་སེམས་ཤུགས་རབ་ཏུ་འཕེལ་བ་དང་ཁོང་གི་ཀུང་སིར་ཡང་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད། “རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ལག་ལེན་ཐོག་ནས་སླར་ཡང་ར་འཕྲོད་བྱུང་ཡོད། དེ་ལས་ངས་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ཡིད་ཆེས་ཆེན་པོ་འཕེལ་སོང་། ང་ལ་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུའི་འགན་འཁྲི་ཡོད་ལ་འཇོན་ཐང་ཡོད”ཅེས་ཆོས་བཟང་གིས་དེ་ལྟར་བརྗོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་འཛིན་དགོས་པ་དེ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་རང་རྒྱལ་གྱི་འཕེལ་རྒྱས་དུས་རིམ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག འཕེལ་རྒྱས་ཀྱི་ཆ་རྐྱེན་དང་འགྱུར་ལྡོག་བཅས་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་ཞིག་རེད། “ང་ཚོའི་ཁེ་ལས་ཀྱི་ངོས་ནས་བརྗོད་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཐོན་རྫས་ཀྱི་སྤུས་ཚད་མཐོ་བ་དང་། གཉེར་སྐྱོང་གི་སྤུས་ཚད་མཐོ་བ། སྤྱི་ཚོགས་ཀྱི་ཕན་འབྲས་མཐོ་བ་བཅས་མཚོན་གྱི་ཡོད། བོད་རིགས་ཀྱི་ཁེ་ལས་མཁས་ཅན་ཞིག་ཡིན་པའི་ངོས་ནས། ངས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་ཕྱོགས་སྒྱུར་རིམ་སྤོར་བྱས་ཏེ། ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཧུར་ཐག་བསྒྲུབས་ནས་མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཏེ་སྨར་ཁམས་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།