དབུ་ཤོག>ཆེད་སྒྲིག
  • ​ “ང་ཚོའི་འཚོ་བ་ཉིན་བཞིན་ལེགས་སུ་འགྲོ་བཞིན་འདུག”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-04

    ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྣང་གྲོང་རྡལ་སྐྱིད་རྩེ་གྲོང་ཚོར་སྐྱོད་སྐབས་བཀོད་པ་ལེགས་པའི་བོད་བཟོའི་ཁང་པ་སྟར་པ་མང་པོ་རི་གྲོང་གི་ཞིང་ཐང་དུ་བརྒྱབ་ཡོད་པ་དང་། མདའ་ལྟར་འདྲོང་བའི་ཨར་འདམ་ལམ་ཁྱིམ་ཚང་ཁག་གི་སྒོ་རྩ་བར་བཟོས་འདུག ཉིན་ལྟར་དགོང་མོ་སྐྱིད་རྩེ་གྲོང་ཚོའི་བུད་མེད་ཞབས་བྲོའི་རུ་ཁག་གིས་གྲོང་མི་སྒྲིག་འཛུགས་བྱས་ནས་ཞབས་བྲོ་འཁྲབ་སྟེ་ཚང་མའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད།

    “སྔོན་ཆད་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ཧ་ཅང་རྗེས་ལུས་ཡིན་པས་ང་ཚོ་བུད་མེད་ཞབས་བྲོའི་རུ་ཁག་ལ་མ་དངུལ་གཏོང་ཉུང་ཉུང་རེད། ད་ཆ་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་ཆེད་དོན་མ་དངུལ་ཡོད་པས་ཉིན་ལྟར་དགོང་མོ་ང་ཚོས་གྲོང་ཚོའི་རིག་གནས་ཐང་ཆེན་དུ་ལེ་ཚན་ནང་སྦྱོང་བྱེད་པར་འགྲོ་གི་ཡོད།

     ཞབས་བྲོ་འཁྲབ་ན་གཟུགས་པོར་སྦྱོང་བརྡར་ཐེབས་པ་མ་ཟད། ད་དུང་ཁྱིམ་མཚེས་དབར་གྱི་འབྲེལ་བ་ཟབ་ཏུ་འགྲོ་བ་དང་ཡ་རབས་འཚོ་བ་སྐྱེལ་སྟངས་ལ་སྣེ་ཁྲིད་ཀྱང་ཐུབ་ཀྱི་འདུག”ཅེས་སྐྱིད་རྩེ་གྲོང་ཚོའི་བུད་མེད་ཀྲུའུ་རེན་ཚེ་རིང་སྒྲོལ་མས་གསར་འགོད་པར་བཤད་བྱུང་།

    “ཏང་གི་སྲིད་ཇུས་བཟང་པོའི་འོག ང་ཚོའི་དངོས་པོའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་མ་ཟད། བསམ་པའི་རིག་གནས་འཚོ་བ་ཡང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད”ཅེས་ཚེ་རིང་སྒྲོལ་མས་བཤད་ཅིང་། ཁོང་གིས“ཕྱིས་སུ་ལས་དོན་དང་འཚོ་བའི་ཁྲོད་དུ་ང་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བཏོན་གནང་བའི‘མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་བཏང་ནས་སྤྱི་ཚོགས་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི’དམིགས་ཚད་ལས་འགན་མཛུབ་ཁྲིད་དུ་བྱས་ནས། སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་རོལ་རྩེད་བྱེད་སྒོ་དེ་བས་མང་བ་སྤེལ་བ་དང་། གྲོང་མིར་འཚོ་བའི་གོམས་གཤིས་བཟང་པོ་འཇགས་རྒྱུར་ཁྲིད་སྟོན་བྱེད་པ། གྲོང་མིའི་འཚོ་བའི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཚང་མས་མིག་མཐོང་ལག་ཟིན་ཐུབ་པའི་ཐོབ་སྣང་དང་། བདེ་སྣང་། བདེ་འཇགས་ཚོར་སྣང་བཅས་ཡོང་བ་བྱེད་རྒྱུ་ཡིན། འབྱུང་འགྱུར་ང་ཚོའི་འཚོ་བ་དེ་བས་ལེགས་སུ་འགྲོ་རྒྱུའི་ཡིད་ཆེས་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།