དབུ་ཤོག>ཆེད་སྒྲིག
  • ལྷོ་ཁ་གྲོང་ཁྱེར་དུ་དབུལ་པོ་དབུལ་རྐྱང་དབུལ་སྒྲོལ་བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-03

    ཟླ་11ཚེས་30ཉིན་གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ལྷོ་ཁ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཡིག་ཚཌ་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་དུད་ཚང་19191གི་མི་57844དབྱེ་འབྱེད་ངོས་འཛིན་བྱས་པ་དང་། 2018ལོའི་ལོ་མཇུག་ཏུ་རྫོང(ཆུས)12ཚང་མ་དབུལ་ཞྭ་ཕུད་ནས་དབུལ་པོ་ཐོན་ཚད་19.3%ནས་0.23%བར་ཆག་པ་དང་། 2019ལོར་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་ནས་ཕྱོགས་བསྡུས་དབུལ་པོ་ཐོན་ཚད་ཀླད་ཀོར་བར་ཆག་པ་དང་དབུལ་པོ་དབུལ་རྐྱང་དབུལ་སྒྲོལ་བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་མཛད་ཇུས་མཐའ་འཁྱོངས་ཀྱིས་གནད་སྨིན་ལ་དམིགས་པ་དང་། ཞན་ཆར་དམིགས་པ། དམངས་འཚོར་དམིགས་པ། ཐོན་ལས་ལ་དམིགས་པ། ཁོར་ཡུག་ལ་དམིགས་པ། གནས་སྤོར་དམིགས་པ། བློ་རིག་ལ་དམིགས་པ། དག་ཐེར་ལ་དམིགས་པ་བཅས“དམིགས་པ་བརྒྱད”དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ཐོན་ལས་ཐད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྷོ་ཁ་གྲོང་ཁྱེར་གྱིས་རིགས་ཆེ་གྲས་6གི་ཐོན་ལས་རྣམ་གྲངས་217ལག་བསྟར་བྱ་རྒྱུའི་འཆར་འགོད་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་44.8བཏང་བ་དང་། མི་ཁྲི་2.8ལྷག་ཙམ་འབབ་འཕར་ཡོང་བར་ཁྱབ་འགྱེད་སྐུལ་ཁྲིད་ཐུབ་ནས་མི་16850ཡི་ཐོན་ལས་དབུལ་སྒྲོལ་ཐུབ་པ་དང་། གནས་སྤོའི་ཐད། རྩེད་ཐང་གྲོང་ཁུལ་དང་གྲ་ནང་བསམ་ཡས་སོགས་གྲོང་ཁྱེར་རིམ་པའི་ཡུལ་གཞན་དུ་གནས་སྤོས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་4དང་། རྫོང་རིམ་པའི་ཡུལ་གཞན་དུ་གནས་སྤོས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་24 ཁ་ཐོར་བཀོད་སྒྲིག་བྱ་ཡུལ་5་བཅས་བསྐྲུན་པ་དང་། མང་ཚོགས་8125ཚང་མ་སྤོས་ཟིན་པ་མ་ཟད། སྡོང་ཕྲུག་ར་བ་དང་། དཔལ་འབྱོར་ཤིང་འབྲས་ར་བ། ས་ཞིང་གསར་སྤེལ་སོགས་རྣམ་གྲངས་ཆ་ཚང་འཛུགས་སྐྲུན་བྱས་པ་ལས་མི་2660ཡི་འབབ་འཕར་ལ་སྐུལ་ཁྲིད་ཐུབ་པ་དང་མི་473ལས་ཞུགས་བརྟན་པོ་བྱུང་བ། ཞན་ཆ་སེལ་བའི་ཐད། གྲོང་གསེབ་ཀྱི་གཞུང་ལམ་དང་། འཐུང་ཆུ། ཞིང་ནང་ཆུ་བེད། སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ལ་དམིགས་ནས“མཐོར་གཏོང་ལས་གྲྭ་བཅུའི”རྣམ་གྲངས་253ལག་བསྟར་བྱས་པས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། རྫོང(ཆུས)12ཚང་མར་གློག་དྲ་ཨ་མ་ནས་གློག་ཤར་གཏོང་ཐུབ་པ། སྲིད་འཛིན་གྲོང་ཚོར་སྦྲག་སྲིད་ཤར་གཏོང་ཐུབ་ཚད་དང་། ཁ་པར་ཤར་གཏོང་ཐུབ་ཚད། དྲ་སྦྲེལ་ཁྱབ་ཚད་བཅས་100%ཟིན་ཡོད། དམངས་འཚོའི་ཐད། “སྔོན་ལ་ནད་ཁང་དུ་སྡོད་པ་དང་རྗེས་སུ་རྩིས་ཞུ་བྱེད་པ”དང་། དམངས་ཡོངས་ལ་སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་པ། བྱིས་པའི་ལྷན་སྐྱེས་སྙིང་ནད་སྐྱོབ་བཅོས་བྱེད་པ་སོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྒོར་ཁྲི་1000ཟིན་པའི་ནད་ཆེན་རོགས་སྐྱོབ་ཐེབས་རྩ་བཙུགས་པ་དང་། རྫོང(ཆུས)ཚང་མར་མ་དངུལ་སྒོར་ཁྲི་50ཡན་སྔོན་གཡར་བྱས་པ་དང་དུས་མཚུངས“དམངས་སེམས་ཀྱི་འདུ་འགོད་ཆེན་པོ་བཅུ”ལག་བསྟར་ཤུགས་ཆེན་བྱས་ཡོད། རིག་སྐྱོར་ཐད། རིམ་རྩིས་བྱས་ན་གསོ་སྦྱོང་མ་དངུལ་སྒོར་ཁྲི་3472.99བཏང་སྟེ་ངལ་ནུས“མི་ཁྲིའི་རྩལ་ནུས་གསོ་སྦྱོང”གི་འདུ་འགོད་ལག་ལེན་བསྟར་ནས་དུད་ཚང་དབུལ་པོའི་ངལ་ནུས་མི་ཐེངས་16420ལ་གསོ་སྦྱོང་བྱས་པ་དང་། ཞིང་འབྲོག་ལས་བཟོའི་མཉམ་འབྲེལ་རུ་ཁག་432བཙུགས་པ། ངལ་ནུས་མི་གྲངས་32201ལས་ཞུགས་གཞན་སྒྱུར་བྱས་པར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་3.7བྱུང་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཀྲང་ཧྥུའུ་ཁྲེན་གྱིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་བསྟན་དོན། ལྷོ་ཁ་གྲོང་ཁྱེར་གྱིས་སྟོབས་དང་ལྡན་པའི་རྩ་འཛུགས་མ་ལག་དང་། རྒྱ་ཁྱབ་ངང་ཞུགས་པའི་རོགས་སྐྱོར་མ་ལག སྣ་མང་མ་འཇོག་གི་འགན་སྲུང་མ་ལག ཕུགས་ཕན་ནུས་ལྡན་གྱི་སྲ་བརྟན་མ་ལག འགྱུར་མེད་ཕུགས་ཕན་གྱི་ལྟ་སྐུལ་མ་ལག་བཅས“མ་ལག་ཆེན་པོ་ལྔ”བཙུགས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།