དབུ་ཤོག>ཆེད་སྒྲིག
  • གམ་པ་རྫོང་གིས་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-02

    ཉེ་བའི་ལོ་ཤས་རིང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་སྤེལ་རིང་གམ་པ་རྫོང་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དབུལ་སྐྱོར་གསར་སྤེལ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། དབུལ་སྐྱོར་ལ་བརྟེན་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུར་དམིགས་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་ལེན་ཆེད་འགན་ལེན་ནུས་ལྡན་བྱས་པས། རྫོང་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་625ཚང་མ་དབུལ་སྒྲོལ་ཐུབ་ཡོད།

    རྫོང་ཡོངས་ཀྱིས་ཁྱོན་མཉམ་ལས་ཁང་99དང་ལུག་གསོ་ཚགས་མཉམ་ལས་ཁང་31བཙུགས་པ་དང་། ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པས་ལུག་གསོ་ཚགས་མཉམ་ལས་ཁང་16གི་ལས་འཛིན་འགོ་གཙོ་བྱས་པ། མཉམ་ལས་ཁང་ཚང་མར་ཏང་ཚོགས་ཆུང་བཙུགས་པ། རྫོང་ཡོངས་ཀྱི་ཞིང་འབྲོག་ཏང་ཡོན་740ཚང་མ་མཉམ་ལས་ཁང་ནང་ཞུགས་ནས་ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཡོད།

    གམ་པ་རྫོང་གིས་འཚོ་བར་དོ་དམ་བྱེད་པ་མ་ཟད་ཐབས་ཇུས་འདོན་རྒྱུར་དེ་བས་མཐོང་ཆེན་བྱས་ནས་2019ལོར་མ་དངུལ་སྒོར་ཁྲི་5930བཏང་སྟེ་སྲིད་འཛིན་གྲོང་ཚོའི་གྲོང་ཚོ་རིམ་པའི་རྩ་འཛུཌ་ཀྱི་བྱེད་སྒོ་སྤེལ་ཡུལ་29བསྐྲུན་ཡོད།

    གམ་པ་རྫོང་གིས་རང་སྐྱོང་ལྗོངས་དང་གཞིས་རྩེ་གྲོང་ཁྱེར་གྱི་དབུལ་སྐྱོར་ལས་དོན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། རྫོང་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཆ་སྒྲིག་རོཌ་སྐྱོར་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཟོས་ཤིང་། ལོ་ལྔའི་རིང་རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོས་ཆ་སྒྲིག་རོགས་སྐྱོར་ལས་དོན་གྱི་བླང་བྱར་དམིགས་ཏེ་མང་ཚོཌ་ལ་བྱ་བ་དངོས་དང་དཀའ་གནད་5000ལྷག་ཙམ་སྒྲུབ་རོགས་་དང་སེལ་རོགས་བྱས་པ་དང་། ལས་ཞུཌ་ཆ་འཕྲིན་3000ལྷག་ཙམ་མཁོ་འདོན་བྱས་པ། མང་ཚོགས་ལ་སྒོར་ཁྲི་240ལྷག་ཙམ་རི་བའི་འཚམས་འདྲིའི་དངུལ་དང་དངོས་པོ་རང་གྲབས་བྱས་ནས་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།